ཟས་རིགས་བདེ་འཇགས་ཐད་ཀྱི་གྱོད་དཔེ་བདུན།

文摘   2024-11-19 19:16   青海  


ཁྲིམས།


2024ལོའི་མཚོ་སྔོན་ཞིང་ཆེན་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞིར་ཞིབ་གཅོད་བྱས་པའི་དཔེ་མཚོན་གྱོད་གཞི།

(ཁག་གསུམ་པ)


1. ཐུན་ཏེ་ཡི་སྨན་རྫས་ཚོང་ཁང་ག་གེ་མོས་དུག་དང་གནོད་ལྡན་ཟས་རིགས་བཙོངས་པའི་གྱོད་གཞི།
2024ལོའི་ཟླ5པའི་ཚེས20ཉིན། ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་རྒྱུད་འབྲེལ་ཚད་ཡོད་ཀུང་སི་ཐུན་ཏེ་རྫོང་སྨན་རྫས་ཚོང་ཁང་དུ་དུག་དང་གནོད་ལྡན་ཟས་རིགས་བཙོངས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས་བཙོངས་པའི“མེད་པ་གསུམ”གྱི་དབྱར་རྩྭ་དགུན་འབུའི་རིལ་བུ་དེའི་ནང་རྒྱལ་ཁབ་ཀྱིས་སྦྱོར་རྟ་བྱེད་མི་ཆོག་པར་བཀའ་བསྒྲགས་པའི“ཞི་ཏི་ན་ཧྥེ”དངོས་རྫས་ཡོད་ཅིང་། ཞིབ་དཔྱད་བྱས་པ་བརྒྱུད་ཚད་གཞི་མ་ལོན་པའི་རིལ་བུ་བསྡོམས་པས501ཡོད་པ་རེད།

བྱ་སྤྱོད་དེ་ནིཟས་རིགས་བདེ་འཇགས་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཡོད་ཅིང་། དུག་དང་གནོད་ལྡན་དངོས་རྫས་བསྲེས་པའི་ཟས་རིགས་གཉེར་སྐྱོང་གི་ཉེས་གསོག་བྱ་སྤྱོད་དུ་གཏོགས། ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་རེད།

2. ཡུས་ཧྲུའུ་ཡི་སྨན་ཁང་ག་གེ་མོས་སྒྲིག་འགལ་ངང་གྲོན་དངུལ་བསྡུས་པའི་གྱོད་གཞི།
2024ལོའི་ཟླ6པའི་ཚེས27ཉིན། ཡུས་ཧྲུའུ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་ཁང་ག་གེ་མོས་སྒྲིག་འགལ་ངང་གྲོན་དངུལ་བསྡུ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

ཞིབ་བཤེར་བྱས་པ་བརྒྱུད། དོ་བདག་པས་ཞིང་ཆེན་རིན་གོང་ལྟ་སྐུལ་སྒེར་སྡེམ་ངོ་རྒོལ་ཅུའུ་དང་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་ངང་ཞིབ་བཤེར་བྱེད་པའི་ཁྲོད་དངུལ་བསྐྱར་བསྡུ་དང་། གཏན་འཁེལ་ལྟར་ཞབས་ཕྱི་མ་བྱས་པར་དངུལ་བསྡུ་བ་སོགས་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་།

བྱ་སྤྱོད་དེ་ནིརིན་གོང་བཅའ་ཁྲིམསཀྱི་དོན་ཚན12པའི་གཏན་འཁེལ་དང་འགལ་ཡོད་ཅིང་། བཅའ་ཁྲིམས་དེའི་དོན་ཚན39པའི་གཏན་འཁེལ་གཞིར་བཟུང་སྟེ། ཡུས་ཧྲུའུ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་པ་གཤམ་གསལ་ལྟར།

1. ཁྲིམས་འགལ་གྱི་ཡོང་འབབ་སྒོར་ཁྲི107.24གཞུང་བཞེས་བཏང་།

2. ཉེས་ཆད་སྒོར་ཁྲི53.62བཅད་པ་དང་། ཉེས་ཆད་དང་གཞུང་བཞེས་བཏང་བ་བསྡོམས་པས་སྒོར་ཁྲི160.86ཡིན།

3. ཟི་ལིང་གི་ཁྲེན་ཆེ་གེ་མོས་རྒྱ་མ་བཙོངས་ནས་མགོ་སྐོར་བཏང་བའི་གྱོད་གཞི།
2024ལོའི་ཟླ6པའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲེན་ཆེ་གེ་མོས་འཛད་སྤྱོད་པར་མགོ་སྐོར་གཏང་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྒྱ་མ་བཙོངས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས་ཕྱིར་འཚོང་བྱས་པའི་ཚོང་རྟགས་ནི“རུའེ་ཁྲེང”རྟགས་ཅན་ཡིན་པ་དང་དེའི་ཐོག“འཇལ་ཆས་རྩེ་གྲ་ལ་ཡིད་རྟོན་བྱེད་འོས”ཞེས་བཀོད་པའི་གཡོ་ལས་བྱེད་ནུས་ལྡན་པའི་ཚད་གཞི་མ་ལོན་པའི་རྒྱ་མ3ཡོད་པ་རེད།

བྱ་སྤྱོད་དེ་ནིཚད་འཇལ་བཅའ་ཁྲིམསཀྱི་དོན་ཚན27པ་དང་འགལ་ཡོད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལགྱི་དོན་ཚན48པ་གཞིར་བཟུང་སྟེ། མཁར་བྱང་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་པ་གཤམ་གསལ་ལྟར།

1. གློག་རྡུལ་རྒྱ་མ3གཞུང་བཞེས་བཏང་།

2.ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི0.004གཞུང་བཞེས་བཏང།

3. དངུལ་ཆད་སྒོར་ཁྲི0.2བཅད།


4. ཟི་ལིང་གི་ཟས་རིགས་སྡེབ་ཚོང་ཁང་ག་གེ་མོས་གཞན་གྱི་ཚོང་རྟགས་དབང་ཆར་གནོད་པའི་ཚོང་ཟོག་བཙོངས་པའི་གྱོད་གཞི།
2024ལོའི་ཟླ7པའི་ཚེས5ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་སྡེབ་ཚོང་ཁང་ག་གེ་མོས་མི་གཞན་གྱི་ཐོ་འགོད་ཚོང་རྟགས་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་ཕྱིར་འཚོང་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས“NESCAFE”རྟགས་ཅན་གྱི་འཚིག་ཇ་སྒམ2ཉོས་པ་དང་། སྒམ་རེའི་ནང་ན12ཡོད་པ་ལས5བཙོངས་ཟིན། བཟོ་གྲྭའི་ལས་ཚབ་ཀུང་སིས་གསལ་འབྱེད་བྱས་པ་བརྒྱུད། གོང་གསལ་གྱི་ཐོན་རྫས་དེ་དག་ནི་ཁྲོ་ཁྲའོ་ཐོན་རྫས་ཚད་ཡོད་ཀུང་སིའི་ཐོ་འགོད་ཚོང་རྟགས་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་ཡིན་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམསཀྱི་དོན་ཚན60པའི་གཏན་འཁེལ་ལྟར། མཁར་ཤར་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་པ་གཤམ་ལྟར།

1.དབང་གནོད་ཚོང་རྫསNESCAFEཁྲོ་ཁྲའོ་འཚིག་ཇ་སྒམ19གཞུང་བཞེས་བྱས།

2. དངུལ་ཆད་སྒོར་ཁྲི0.1བཅད།

5. མཚོ་ཤར་གྲོང་ཁྱེར་གྱི་ཟས་རིགས་ཚད་ཡོད་ཀུང་སི་ག་གེ་མོས་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཇ་མངར་མོ་ཚོང་གཉེར་བྱས་པའི་གྱོད་གཞི།
2024ལོའི་ཟླ9ཚེས25ཉིན། ཕིན་ཨན་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་ཚད་ཡོད་ཀུང་སི་ག་གེ་མོས་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཚད་གཞི་དང་མི་མཐུན་པའི་ཇ་མངར་མོ་ཐོན་སྐྱེད་དང་ཚོང་གཉེར་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་ཇ་མངར་ཕྱེ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་རིང་། རླམ་སྲིན་རྣམ་གྲངསGB2760-2014ཡིཟས་རིགས་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞིའི་འཐུང་ཆུཡི་བླང་བྱ་དང་མི་འཚམ་པ་དང་ཞིབ་བཤེར་མཇུག་འབྲས་ཚད་མི་ལོན་པ་རེད།

བྱ་སྤྱོད་དེ་ནིཟས་རིགས་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན34པའི་གཏན་འཁེལ་དང་འགལ་ཡོད་ཅིང་།ཟས་རིགས་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན124པའི་གཏན་འཁེལ་གཞིར་བཟུང་སྟེ། ཕིན་ཨན་ཆུའུ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་པ་གཤམ་གསལ་ལྟར།

1. ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི0.16གཞུང་བཞེས་བཏང་།

2. དངུལ་ཆད་སྒོར་ཁྲི5བཅད།


6. མུན་ཡོན་རྫོང་གི་སྔོ་ཚལ་སིལ་ཏོག་ཚོང་ཁང་ག་གེ་མོས་དུས་བརྒལ་ཟས་རིགས་ཚོང་གཉེར་བྱས་པའི་གྱོད་གཞི།
2024ལོའི་ཟླ9པའི་ཚེས19ཉིན། མཚ་བྱང་ཁུལ་མུན་ཡོན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྔོ་ཚལ་དང་སིལ་ཏོག་ཚོང་ཁང་ག་གེ་མོས་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་ཟས་རིགས་ཚོང་གཉེར་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས་ཚོང་རར་བཙོང་རྒྱུར་སྒུག་པའི་བྲོ་རྫས་དང་ཀུའེ་ཧྭ་ཤིང་ཏོག་བསྣུར་མ་སོགས་ཟས་རིགས་ཚང་མ་དུས་ཡུན་ལས་བརྒལ་བ་དང་། གྱོད་འབྲེལ་རིན་གོང་སྒོར་ཁྲི0.013ཟིན།

བྱ་སྤྱོད་དེ་ནིཟས་རིགས་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན34པའི་གཏན་འཁེལ་དང་འགལ་ཡོད་པས། བཅའ་ཁྲིམས་དེའི་དོན་ཚན124པའི་གཏན་འཁེལ་ལྟར། མུན་ཡོན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་དོ་བདག་པར་འཕྲལ་མར་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱ་དགོས་པའི་བཀའ་ཕབ་པར་མ་ཟད། གཤམ་གསལ་གྱི་སྲིད་འཛིན་ཆད་པ་བཅད་པ་སྟེ།

1. དུས་བརྒལ་ཟས་རིགས་གཞུང་བཞེས་བཏང་།

2. ཉེས་ཆད་སྒོར་ཁྲི1བཅད།


7. མང་ཡ་གྲོང་ཁྱེར་གྱི་བཟའ་བཏུང་ཚོང་དོན་ཚད་ཡོད་ཀུང་སི་ག་གེ་མོས་དུས་བརྒལ་ཟས་རིགས་བེད་སྤྱོད་བྱས་པའི་གྱོད་གཞི།
2024ལོའི་ཟླ1པོར། མང་ཡ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཟའ་བཏུང་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གིས་དུས་ཡུན་ལས་བརྒལ་བའི་ཟས་རིགས་གཉེར་སྐྱོང་དང་བེད་སྤྱོད་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད།

བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་པས་ཐབ་ཚང་གི་བྲོ་རྫས་འཐེན་སྒམ་དུ་ཁ་ཕྱེ་ནས་བཞག་པའི་དུས་བརྒལ་ཟས་རིགས་བཞག་ཡོད་པ་རེད།

བྱ་སྤྱོད་དེ་ནིཟས་རིགས་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན34པའི་གཏན་འཁེལ་དང་འགལ་ཡོད་ཅིང་། བཅའ་ཁྲིམས་དེའི་དོན་ཚན124པའི་གཏན་འཁེལ་གཞིར་བཟུང་སྟེ། མང་ཡ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་སྒོར་ཁྲི5ཡི་སྲིད་འཛིན་ཆད་པ་བཅད།

སངས་བཀྲ་ཡིས་བསྒྱུར།


ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章