བརྙན་ཐུང་དང་ཐད་གཏོང་འདིའི་རིགས་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་རེད།

文摘   2024-11-04 17:35   青海  


ཁྲིམས།



བརྙན་ཐུང་དང་ཐད་གཏོང་འདིའི་རིགས་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་རེད།



གནའ་རྫས་ཉེས་གསོག་ལ་རྡུང་རྡེག་དང་སྔོན་འགོག་བྱེད་པའི་ཆེད་དོན་ལས་འགུལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དྲ་རྒྱའི་བརྙན་ཐུང་དང་ཐད་གཏོང་བྱེད་སྒོའི་ཁྲོད་གནའ་བོའི་བང་སོའི་རིགས་ཀྱི་ནང་དོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་ཆེད། ཉེ་ཆར་རྒྱལ་ཁབ་གནའ་རྫས་ཅུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་གཅིག་སྡུད་ཐོག་གཙང་བཤེར་བཅོས་སྒྲིག་བྱས་པར་མ་ཟད། དྲ་རྒྱའི་ལས་སྟེགས་ཀུང་སི་ཁག་གཅིག་གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་འཚོགས།

ད་སྔར་དྲ་རྒྱའི་བརྙན་ཐུང་དང་ཐད་གཏོང་ནང་དུ་བང་སོ་རྐུ་བསྔོགས་དང་། གནའ་བོའི་བང་སོར་ཉེན་དཔྱད། གནའ་རྫས་དཔྱད་ཞིབ་བྱ་ཡུལ་རྫུན་བཟོ། ས་འོག་ནས་ཐོན་པའི་གནའ་རྫས་ལ་ཁྲིམས་འགལ་གསལ་འབྱེད་སོགས་བྱེད་པའི་ནང་དོན་ཡོད་པ་མ་ཟད། བརྙན་ལམ་གྱི་དྲ་དཔོན་དང་ཐད་གཏོང་བྱེད་མཁན་ཁག་གཅིག་གིས་ཕྱོགས་རེས་བའི་སྒོ་ནས་དྲ་རྒྱུག་ཚད་ཁོ་ནར་དོན་གཉེར་བྱ་ཆེད། བསམ་བཞིན་དུ་གནའ་རྫས་དཔྱད་ཞིབ་བྱ་བའི་རིན་ཐང་འཁྱོག་བཤད་བྱེད་པ་དང་། ”ནོར་བུ་འཚོལ་བ”དང“ཉེན་དཔྱད”“གོང་ཚད་མཐོན་པོ”བཅས་ལ་ཁ་གཡར་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་། ཞག་གཅིག་ལ་ཕྱུག་པོར་གྱུར་ཚུལ་སོགས་ཀྱི་མི་ལེགས་པའི་རིན་ཐང་ལྟ་བ་དྲིལ་སྒྲོག་བྱེད་པའམ། ཡང་ན་གནའ་བོའི་བང་སོ་རྐུ་བསྔོགས་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཆ་འཕྲིན་གྱི་སྟབས་བདེ་སྐྲུན་པ། ཡང་ན་དྲ་ཐོག་ནས་དྲིལ་སྒྲོག་བྱས་ནས་དྲ་འོག་ཏུ་གནའ་རྫས་ལོག་ཚོང་བྱེད་པ་སོགས་ཀྱི་ཐད་རོགས་རམ་བྱས་ནས་སྤྱི་དམངས་ལམ་ལོག་དུ་འཁྲིད་པ་དང་། གནའ་རྫས་དོ་དམ་གྱི་སྒྲིག་ལམ་ལ་གཏོར་བརླག་བཏང་ནས་གནའ་རྫས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བཞིན་ཡོད།

ཐེངས་འདིའི་ཆེད་དོན་ལས་འགུལ་གྱིས་དྲ་རྒྱའི་བརྙན་ཐུང་དང་ཐད་གཏོང་ཁྲོད་གནས་པའི་གནའ་བོའི་བང་སོ་རྐུ་བསྔོགས་དང་གནའ་རྫས་ལོག་ཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཆ་འཕྲིན་གྱི་སྟབས་བདེ་སྐྲུན་པའམ་ཡང་ན་རོགས་རམ་བྱེད་པ་དང་། “ནོར་བུ་འཚོལ་བ”དང་།  “ཉེན་དཔྱད”“གོང་ཚད་མཐོན་པོ”བཅས་ལ་ཁ་གཡར་ནས་གནའ་རྫས་དཔྱད་ཞིབ་བྱ་བའི་རིན་ཐང་འཁྱོག་བཤད་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གསལ་འབྱེད། མང་ཚོགས་ལོག་ལམ་དུ་ཁྲིད་པ་སོགས་ཀྱི་གནད་དོན་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ། དྲ་རྒྱའི་ལས་སྟེགས་ཀྱིས་འགན་འཁྲི་ལག་བསྟར་བྱ་བར་སྐུལ་འདེད་དང་། ནང་དོན་ལ་ཞིབ་བཤེར་དང་འགག་གནད་ནན་སྲུང་བྱ་བར་ཤུགས་བསྣན་ནས་འབྲེལ་ཡོད་བརྙན་ཐུང་གཙོ་བོ་དང་ཐད་གཏོང་འཁོར་སྐྱོད་ཞབས་ཞུ་ཚད་ལྡན་དུ་གཏང་རྒྱུ་རེད། ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་རིགས་ལ་དྲ་ཚིགས་ལས་སྟེགས་ཀྱིས་ཁྲིམས་འཛིན་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་དང་ཆ་འཕྲིན་རྩིས་སྤྲོད་དགོས་པའི་བླང་བྱ་བཏོན། ས་གནས་ཁག་གི་གནའ་རྫས་དང་དྲ་འཕྲིན་ལས་ཁུངས་ཀྱིས་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་ཏེ་ཐེར་འདོན་ཐབས་ལམ་བཏོན་ནས། སྤྱོད་བཟང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་མཉམ་དུ་གཏོད་རྒྱུ་རེད།

(མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ)


ལག་བསྟར་རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com



青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章