རླངས་འཁོར་གླས་ནས་གཞན་ལ་བཙོངས་མཐར།

文摘   2024-11-18 19:48   青海  


ཁྲིམས།



ཧུའུ་ཀྲུའུ་སྤྱི་བདེ་ཡིས་རླངས་འཁོར་གླས་ནས་གཞན་ལ་བཙོངས་པའི་མགོ་སྐོར་གྱོད་དོན་ཞིག་རྩད་ཆོད།



སྒོར་མོ་གཡོ་ལེན་བྱ་ཆེད་རླངས་འཁོར་གླ་གཏོང་ཀུང་སི་ནས་རླངས་འཁོར་ཞིག་གླས་ཤིང་། དེ་ནས་རླངས་འཁོར་དེ་གཏའ་མར་བཞག་ནས་དེའི་སྟེང་ནས་ཁེ་ཕོགས་བླངས། འདི་ལྟ་བུའི་བྱེད་ཐབས་སུ་ཞིག་གི་ཡིད་ལ་འཆར་ཐུབ་བམ། 
ཉེ་སྔོན། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཁག་གིས་རླངས་འཁོར་གླས་མ་བརྒྱུད་འཚོང་བྱས་ཏེ་ཁྲིམས་འགལ་གྱི་ཁེ་ཕོགས་བླངས་པའི་མགོ་སྐོར་གྱོད་དོན་ཞིག་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས། རླངས་འཁོར་གླ་གཏོང་ཀུང་སི་དང་གནོད་འཚེ་ཐེབས་མཁན་གྱི་གྱོང་གུད་སྒོར་ཁྲི50ལྷག་ཕྱིར་བླངས།

ཟླ8པའི་ཚེས28ཉིན། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་ལ་རླངས་འཁོར་གླ་གཏོང་ཀུང་སི་ཞིག་གིས་གྱོད་དོན་སྙན་སེང་ཞུས་ཏེ། ལུའུ་ཆེ་གེ་མོས་ཀུང་སི་དེའི་ཨའོ་ཏི་རྟགས་ཅན་གྱི་རླངས་འཁོར་ཞིག་གླས་རྗེས་གཞན་ལ་བཙོངས་འདུག་ཟེར། 
གྱོད་དོན་སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་གྱིས་གྱོད་དོན་བཟོས་པའི་བྱེད་ཐབས་ལ་དབྱེ་ཞིབ་བྱས་པ་བརྒྱུད། འདི་ནི་གན་རྒྱའི་མགོ་སྐོར་གྱོད་དོན་ཞིག་ཡིན་པ་ཤེས་ཏེ་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱས། གྱོད་དོན་དེ་མགྱོགས་མྱུར་ངང་ཐག་གཅོད་བྱ་ཆེད། གྱོད་སྒྲུབ་ཉེན་རྟོག་པས་རླངས་འཁོར་གླ་མཁན་གྱིས་རླངས་འཁོར་གླ་སྐབས་ཐོ་འགོད་བྱས་ཡོད་པའི་ཐོབ་ཐང་ཆ་འཕྲིན་དང་རླངས་འཁོར་སོང་ཤུལ་ལ་རྗེས་འདེད་བྱེད་པ་སོགས་ཀྱི་བྱ་བ་མང་པོ་བསྒྲུབས་མཐར་དོགས་ཡོད་ཉེས་ཅན་ལུའུ་ཆེ་གེ་མོ(ཕོ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གི་མི)འཛིན་བཟུང་བྱས། 
ལུའུ་ཆེ་གེ་མོ་འཛིན་བཟུང་བྱས་རྗེས་ཁོས་རྩིས་སྤྲོད་བྱས་པ་ལྟར་ན། ཁོ་ལ་ངེས་གཏན་གྱི་བྱ་བ་དང་དཔལ་འབྱོར་གྱི་ཡོང་སྒོ་མེད་ཅིང་། ཏག་ཏག་བར་སྐབས་དེར་འཚོ་བར་དཀའ་ཁག་མང་པོ་ཞིག་དང་འཕྲད་པས། གྱོད་དོན་དེ་འདྲ་ཞིག་བཟོ་རྒྱུ་ཡིད་ལ་དྲན་པ་ཡིན་ཟེར། ལུའུ་ཆེ་གེ་མོས་མི་གཞན་གྱི་ཁ་ནས་རླངས་འཁོར་གླས་མ་གཏའ་མར་བཞག་ནས་སྒོར་མོ་ལེན་ཐུབ་པ་ཐོས་པས། རླངས་འཁོར་གླ་གཏོང་ཀུང་སི་ཞིག་ནས་ཨའོ་ཏིA6རྟགས་ཅན་གྱི་རླངས་འཁོར་ཞིག་གླས་པ་དང་། ཡང་རླངས་འཁོར་གླ་གཏོང་ཀུང་སི་གཞན་ཞིག་ནས་ཐན་ཁུ500རྟགས་ཅན་གྱི་རླངས་འཁོར་ཞིག་གླས། དེ་ནས་རླངས་འཁོར་གྱི་བགྲོད་སྐྱོད་དཔང་ཡིག་བཟུང་ནས་རང་ཉིད་རླངས་འཁོར་གྱི་བདག་པོར་བརྫིས་ནས་རླངས་འཁོར་གླས་མ་དེ་མི་གཞན་ལ་བཙོངས་ཤིང་། བསྡོམས་པས་མ་དངུལ་སྒོར40000གཡོ་ལེན་བྱས་ནས་རང་ཉིད་ཀྱི་འཚོ་བར་བཀོལ། 
མིག་སྔར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་དོགས་ཡོད་ཉེས་ཅན་ལུའུ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་བཙན་ཤེད་བྱེད་ཐབས་སྤྱད་ཡོད་ལ། གྱོད་དོན་གོམ་གང་མདུན་སྤོས་ངང་སྒྲུབ་བཞིན་ཡོད།

ནམ་མཁའ་ཚེ་རིང་གིས་བསྒྱུར།



ལག་བསྟར་རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།

ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com


青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章