ཁ་ལོ་བའི་ལག་ཁྱེར་རེ་ཞུའི་ལོ་ཚད་ལོ63བར་དུ་བསྲིང་རྩིས་ཡོད།

文摘   2024-11-18 19:48   青海  


ཁྲིམས།



སང་ལོ་ནས་བཟུང་ཁ་ལོ་བའི་ལག་ཁྱེར་རེ་ཞུའི་ལོ་ཚད་ལོ63བར་དུ་བསྲིང་རྩིས་ཡོད།



《〈འཕྲུལ་སྒུལ་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབསབཟོ་བཅོས་བྱ་བའི་སྐོར་གྱི་སྤྱི་བདེ་པུའུ་ཡི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)ཁྱབ་བསྒྲགས་བྱས་པ།
འཕྲུལ་སྒུལ་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབས》(སྤྱི་བདེ་པུའུ་ཡི་བཀའ་རྒྱ་ཨང162པ)ལ་ཁྱོན་དོན་ཚན111ཡོད་པ་དང་། ཐེངས་འདིའི་བཟོ་བཅོས་བྱ་བའི་དོན་ཚན5ཡོད་པའི་ནང་གཙོ་བོ་གཤམ་གསལ་ཁག་འདི་དག་ཡོད་པ་སྟེ། 
གཅིག འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་ཀྱི་གཏན་འབེབས་ལེགས་སྒྲིག་བྱ་རྒྱུ་སྟེ། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུའི་ལོ་ཚད་མཐོ་ཤོས་དེ་ལོ60ནས་ལོ63བར་བསྲིང་རྒྱུ་ཡིན་ལ། འབྲེལ་ཡོད་ནང་དོན་དོན་ཚན་བཅུ་བཞི་པར་ཡོད། 
གཉིས། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་རིགས་བསྐོར་ཆོག་པའི་ལོ་ཚད་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་སྟེ། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་རིགས་བསྐོར་ཆོག་པའི་ལོ་ཚོད་ཀྱི་ཚད་བཀག་དེ་ལོ60ནས་ལོ63བར་བསྲིང་རྒྱུ་དང་། དེའི་སྐོར་གྱི་ནང་དོན་དོན་ཚན་རེ་ལྔ་པར་ཡོད། 
གསུམ། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བས་སྟབས་བསྟུན་གྱི་དབང་གིས་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱ་བའི་རེ་ཞུ་གཏན་འབེབས་བྱས་ཡོད་པ་སྟེ། རྒྱལ་ཁབ་ཀྱིས་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱེད་པའི་སྲིད་ཇུས་དང་འབྲེལ་ཆེད། གཏན་འབེབས་བྱས་པའི་ལོ་ན63ཡན་ནས་མུ་མཐུད་དུ་འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་བསྐོར་མཁན་གྱི་ཁ་ལོ་པས་ལུས་ཕུང་ཞིབ་བཤེར་དང་ཡིད་འཛིན་ནུས་པ། བརྡར་གཅོད་ནུས་པ། འགྱུར་འབྱུང་ནུས་པ་སོགས་ཀྱི་ནུས་པའི་ཚད་ལེན་ཚོད་ལྟའི་ནང་ཞུགས་པ་དང་། ལུས་ཕུང་གི་ཆ་རྐྱེན་མུ་མཐུད་དུ་འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་བསྐོར་དགོས་པའི་རེ་བ་དང་མཐུན་ན། རླངས་འཁོར་དོ་དམ་སོའོ་རུ་སྔར་གྱི་རླངས་འཁོར་བསྐོར་ཆོག་པའི་འཛིན་ཡིག་གི་དུས་ཡུན་ཇེ་རིང་དུ་གཏོང་བའི་རེ་བ་ཞུ་ཆོག དེའི་སྐོར་གྱི་ནང་དོན་དོན་ཚན་རེ་ལྔ་པ་ན་ཡོད། 
བཞི། འཁོར་རིགས་ཀྱི་ཆེད་སྤྱོད་འཕྲུལ་ཆས་དང་། ལྕགས་ལམ་མེད་པའི་གློག་འཁོར། ལྕགས་ལམ་ཡོད་པའི་གློག་འཁོར་བཅས་ཀྱི་ཁ་ལོ་བའི་ལག་ཁྱེར་གྱི་ཐོ་སུབ་ལོ་ཚད་ཀྱི་གཏན་འབེབས་ལེགས་སྒྲིག་བྱས་པ་སྟེ། འཁོར་དབྱིབས་ཆེད་སྤྱོད་འཕྲུལ་ཆས་དང་། ལྕགས་ལམ་མེད་པའི་གློག་འཁོར་རམ་ཡང་ན་ལྕགས་ལམ་ཡོད་པའི་གློག་འཁོར་གྱི་རླངས་འཁོར་རིགས་བསྐོར་ཆོག་པའི་ཁ་ལོ་བའི་ལག་ཁྱེར་གྱི་ཐོ་སུབ་ལོ་ཚད་དེ་ལོ60ནས་ལོ63བར་བསྲིང་རྒྱུ་རེད། དེའི་སྐོར་གྱི་ནང་དོན་དོན་ཚན་དོན་དགུ་པར་ཡོད། 
ལྔ། སློབ་གྲྭའི་རླངས་འཁོར་བསྐོར་བའི་ཐོབ་ཐང་རེ་ཞུའི་ལོ་ཚད་དང་ཐོ་སུབ་ལོ་ཚད་གཏན་འབེབས་འཐུས་ཚང་དུ་གཏང་རྒྱུ་སྟེ། ཁ་ལོ་བས་སློབ་འཁོར་བསྐོར་ཆོག་པའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་མཐོ་ཤོས་དེ“ལོ60ལས་བརྒལ་མི་རུང་བ”དེ“རྒྱལ་ཁབ་ཀྱི་སློབ་འཁོར་བསྐོར་ཆོག་པའི་ཐོབ་ཐང་གི་ཆ་རྐྱེན་དང་མཐུན་པར”བསྒྱུར་ནས་ལེགས་སྒྲིག་བྱས་པ་དང་། སློབ་འཁོར་བསྐོར་ཆོག་པའི་ལག་ཁྱེར་གྱི་ཐོ་སུབ་ལོ་ཚད་དེ་ཡང“ལོ60ནས་བརྒལ”དེ“རྒྱལ་ཁབ་ཀྱི་སློབ་གྲྭའི་རླངས་འཁོར་བསྐོར་བའི་ཐོབ་ཐང་ཆ་རྐྱེན་དང་མཐུན་པར”བསྒྱུར་ནས་གོང་གསལ་གྱི་ཁྲིམས་ཏེསློབ་གྲྭའི་རླངས་འཁོར་བདེ་འཇགས་དོ་དམ་སྲོལ་ཡིགགི་གཏན་འབེབས་དང་མཐུན་དགོས། དེའི་སྐོར་གྱི་ནང་དོན་དོན་ཚན་གྱ་བརྒྱད་པ་དང་དོན་ཚན་གོ་གཉིས་པར་ཡོད། གཞན་ཡང“འཁོར་གསུམ་འཕྲུལ་རྟ་དཀྱུས་མ་དང་འཁོར་གཉིས་འཕྲུལ་རྟ་དཀྱུས་མའི་འཁོར་རིགས་བསྐོར་ཆོག་པའི་རེ་ཞུའི་ལོ་ཚད་དེ་ལོ60ནས་ལོ70བར་ཇེ་རིང་དུ་གཏོང་བའི”དམངས་ཕན་བྱེད་ཐབས་དེ་སྡེ་ཁག་གི་སྒྲིག་སྲོལ་གཏན་འབེབས་སུ་འཕར་ནས། དམངས་ཕན་ཞབས་ཕྱིའི་བྱེད་ཐབས་ལམ་ལུགས་ཅན་དང་བཅོས་སྒྱུར་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་རེད། 
སླད་ཕྱིན། སྤྱི་བདེ་པུའུ་ཡིས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་པའི་བསམ་འཆར་དང་གྲོས་གཞིར་གཞིགས་ནས《〈འཕྲུལ་སྒུལ་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབསབཟོ་བཅོས་བྱ་བའི་སྐོར་གྱི་སྤྱི་བདེ་པུའུ་ཡི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)ཀྱི་བཟོ་བཅོས་ནང་དོན་ལ་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་གཏང་རྒྱུ་མ་ཟད།《〈སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པ་དང་བཀོལ་སྤྱོད་བྱེད་པའི་སྐོར་གྱི་སྤྱི་བདེ་པུའུ་ཡི་གཏན་འབེབསབཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན(ཆོག་མཆན་མ་ཟིན)གྲུབ་པར་མ་ཟད། ད་དུང་གཏན་ཁེལ་ལྟར་སྙན་སེང་བཀའ་འཁྲོལ་གྱི་གོ་རིམ་བརྒྱུད་དགོས། བཟོ་བཅོས་བརྒྱབ་རྗེས་ཀྱི《〈འཕྲུལ་སྒུལ་རླངས་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་གཏན་འབེབསབཟོ་བཅོས་བྱ་བའི་སྐོར་གྱི་སྤྱི་བདེ་པུའི་གཏན་འབེབས》2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
(མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ)


ལག་བསྟར་རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com



青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章