ཤ་རིགས་ཐོན་རྫས་སྐོར་གྱི་ཁྲིམས་འགལ་ཁུངས་སྣེ་འཚོལ་བའི་བརྡ་ཁྱབ།

文摘   2024-11-03 18:32   青海  




ཤ་རིགས་ཐོན་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་འཚོལ་སྡུད་སྐོར་གྱི་བརྡ་ཁྱབ།





ཤ་རིགས་ཐོན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། མང་ཚོགས་ལ་བསམ་འཆར་ཆེ་བའི་ཚུལ་མིན་སྤྱོད་ངན་སྐོར་ཞིག་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དངོས་ཡོད་གནད་དོན་སྐོར་ཞིག་ཐག་གཅོད་ནུས་ལྡན་བཅས་བྱ་ཆེད། ད་ལྟ་སྤྱི་ཚོགས་ལས་རིགས་ཁག་ལ་ཁ་ཕྱོགས་ནས་སྤུས་ཀ་ཞན་པའི་ཤ་རིགས་ཐོན་རྫས་དང་ཤ་རིགས་ཐོན་རྫས་རྫུན་མ་བཟོ་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་སྡུད་ཀྱི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

གཅིག   ཁུངས་སྣེ་འཚོལ་སྡུད་བྱེད་པའི་ཁྱབ་ཁོངས།

(1)གསོ་སྤེལ་ར་བ(དུད་ཁྱིམ)ཡིས་ཁྲིམས་འགལ་ངང“ཤ་སྣག་སྐྱེད་རྫས”སོགས་སྤྱོད་མི་ཆོག་པའི་སྨན་རྫས་དང་། ཁྲིམས་འགལ་གྱི་འདྲེས་སྦྱོར་དངོས་རྫས་གཞན་པ། སྤྱོད་མི་ཆོག་པའི་ཞིང་སྨན་དང་ཕྱུགས་སྨན་བེད་སྤྱོད་བྱེད་པ་སོགས་ཀྱི་ཉེས་གསོག་ཁུངས་སྣེ།

(2)ནད་ཀྱིས་ཤི་བ་དང་ཤི་རྐྱེན་མི་གསལ་བའམ་ཡང་ན་རིམས་བཤེར་བྱས་ནས་ཚད་མ་ལོན་པའི་ཕྱུགས་རིགས་དང་བྱ་རིགས། རི་དྭགས། ཆུ་ཐོན་སྲོག་ཆགས་བཅས་ཀྱི་ཤའམ་ཤ་རིགས་ཐོན་རྫས་འཚོང་བ།

(3)བྱ་ཤ་དང་ཕག་ཤ  གག་པའི་ཤ  རྟ་ཤ  རྔ་མོང་གི་ཤ་སོགས་ནོར་ལུག་དང་བོང་བུའི་ཤ་ལ་བརྫུས་པའམ་ཡང་ན་བྲོ་བ་འདོན་བྱེད་ཀྱི་རྫས་དང་ཁྲག ནོར་ལུག་གི་ཚིལ་སོགས་བྱུགས་ནས་ནོར་ལུག་གི་ཤ་རིགས་ཐོན་རྫས་རྫུན་མ་ལས་སྣོན་བྱེད་པ་དང་། ལས་སྣོན་བྱས་པའི་ཤ་རིགས་ནོར་ལུག་གི་ཤ་ངོ་མ་ཡིན་ཁུལ་བྱེད་པ།

(4)ཆོན་ཀ་པ་སོགས་བཀོལ་མི་ཆོག་པའི་རྫས་རིགས་བཀོལ་ནས་ཁྲག་བཟོས་ཤ་རིགས་ཐོན་རྫས་ལས་སྣོན་བྱེད་པ་དང་། ཏི་ཏི་ཝེ་དང་ཆོན་ཀ་པ། དཀར་བཟོ་དུག་ཕྱེ། བཟོ་ལས་བུལ་ཏོག དབྱང་གཉིས་ཆུ་སོགས་བཀོལ་མི་ཆོག་པའི་ཟས་རིགས་མ་ཡིན་པའི་རྒྱུ་ཆ་བཀོལ་ནས་ནོར་ལུག་གི་མགོ་སུག་དང་གྲོད་པ། རྒྱུས་པ་སོགས་ལས་སྣོན་བྱེད་པའི་ཉེས་གསོག་ཁུངས་སྣེ།

(5)ཁྲིམས་འགལ་གྱིས་ཡ་ཟེ་སྐྱུར་ཚྭ་བཀོལ་སྤྱོད་བྱེད་པ་དང་། བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དང་མཚམས་ཚད་ལས་བརྒལ་ནས་ཟས་རིགས་སྦྱོར་རྟ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཉེས་གསོག་ཁུངས་སྣེ། 

(6)ཕྱུགས་སྨན་གྱི་ལྷག་ལུས་ཚད་ལས་བརྒལ་བའི་སྨན་བརྒྱབ་པའི་ཤ་རིགས་དང་། ཚད་གཞི་མི་ལོན་པའི་ཐོན་རྫས་སུ་གཏོགས་པའི་ཆུ་བརྒྱབ་པའི་ཤ་རིགས་ཐོན་སྐྱེད་ཕྱིར་འཚོང་བྱེད་པ་དང་། ཟོག་ལུག་བཤའ་སྐབས་སྨན་རྒྱག་པ་སོགས་ཀྱི་ཉེས་གསོག་ཁུངས་སྣེ།

(7)རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་རང་དགར་གྱིས་བཤས་ར་བཙུགས་ནས་ཕྱུགས་ཟོག་བཤས་འཚོང་བྱེད་པ་སོགས་ཀྱི་ཚོང་གཉེར་བྱ་འགུལ་སྤེལ་བའི་གནས་ཚུལ་ཚབས་ཆེ་བའི་རིགས་བཅས་ཡིན།

གཉིས།  ཁུངས་སྣེ་འཐེར་འདོན་བྱེད་སྐབས་མཉམ་འཇོག་བྱེད་དགོས་པ་འགའ།

(གཅིག)ཐེར་འདོན་བྱེད་མཁན་གྱིས་ཁུངས་སྣེ་འཐེར་འདོན་བྱེད་སྐབས་རང་གི་ནུས་ཚོད་ཀྱིས་ཐེར་འདོན་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་དང་། ཁྲིམས་འགལ་ཉེས་གསོག་གི་དུས་ཚོད། ས་གནས། བརྒྱུད་རིམ། འབྲས་བུ་སོགས་དཔང་རྟགས་དཔྱད་གཞི་ཞིབ་ཅིང་བདེན་པའི་སྒོ་ནས་འདོན་སྤྲོད་བྱ་དགོས།

(གཉིས)ཐེར་འདོན་བྱེད་མཁན་གྱིས་རང་གིས་འདོན་སྤྲོད་བྱས་པའི་ཁུངས་སྣེའི་ནང་དོན་བདེན་པ་ཡིན་པར་འགན་འཁུར་དགོས་པ་ལས། བསམ་བཞིན་དུ་དོན་དངོས་རྟོག་བཟོ་དང་སྒྲོ་འདོགས་བྱས་ནས་མི་གཞན་པར་ག་ལོག་བྱེད་མི་ཆོག  

(གསུམ)སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་བ་ནན་སྲུང་བྱས་ཏེ་ཐེར་འདོན་བྱེད་མཁན་གྱི་དབང་ཆ་སྣ་ཚོགས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ཡིན་པ་དང་། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་མཁན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་དང་། ངན་སེམས་བཅངས་ནས་མི་གཞན་པར་མ་ཉེས་ཁ་གཡོག་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་ངེས་ཡིན། 

གསུམ།  ཐེར་འདོན་བྱེད་སྟངས།

གུང་ཧོ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན། 0974-8513404

ཁྲི་ཀ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན། 0974-8558032

ཀོས་ནན་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན།0974-8501617

ཞིན་ཧེ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན། 0974-8587911

ཐུན་ཏེ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན། 0974-8592626

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ནས།
2024ལོའི་ཟླ11པའི་ཚེས1ཉིན།


(མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ)


ལག་བསྟར་རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章