ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལོ་གསར་རྟེན་འབྲེལ་ཚོགས་འདུ་བསྡུས།

文摘   2025-01-27 10:06   青海  


ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས།

ཟླ1ཚེས26ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་དུ་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་བསྡུས།

ཞིང་ཆེན་གྱི་ཏང་སྲིད་དམག་གི་མགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མི་མཉམ་དུ་འཛོམས་ནས་ལོ་རྙིང་བ་ཕར་བསྐྱལ་བ་དང་། ལོ་གསར་པ་ཚུར་བསུས་ནས་མཉམ་དུ་ཕུགས་འདུན་གླེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།

ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ནང་དུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ཚང་མར་ལོ་གསར་གྱི་སྨོན་འདུན་ཕུལ་ཡོད། ཁོས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པས། གཏམ་རྒྱུད་མང་པོ་ཞིག་གཅེས་འཛིན་བྱེད་རིན་ཡོད་པ་དང་འབད་འཐབ་མང་པོ་ཞིག་ཡིད་ལ་འཛིན་རིན་ཡོད། 2024ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཐོ་སྒང་དུ་ཕེབས་པ་དང་། སྐུ་དངོས་སུ་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་མཛེས་སྡུག་གི་འཆར་འགོད་གནང་བས། མཐོ་སྒང་གི་བུ་བུ་མོ་རྣམས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་ཞུ་བཞིན་ཡོད། འདས་པའི་ལོ་གཅིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དང་བསྟུན་ནས་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ཏེ། སྐྱོད་ལམ་གསར་པའི་ཐོག་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་མདུན་སྐྱོད་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ལོ་འདིར། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་པས། མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཡོད། ཞིབ་ཕྲའི་མི་སེམས་འགུལ་བའི་རྣམ་པ་རེ་རེས་ཏང་གི་ཉི་འོད་དང་ཆར་ཆུ་གང་སར་ཁྱབ་པ་མཚོན་པ་དང་། མདུན་སྐྱོད་ཀྱི་གོམ་སྒྲ་དང་འབད་འཐབ་ཀྱི་རིན་ཐང་མཚོན་ཡོད།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལོ་ཟླ་ཡིས་ང་ཚོར་བསགས་པ་ནི་རྩ་ཆེའི་རྒྱུ་ནོར་ཡིན་པ་དང་། ལོ་རྒྱུས་ཀྱིས་དངོས་སྒྲུབ་པའི་རེ་བ་ནམ་ཡང་སྟོང་ཟད་དུ་མི་གཏོང་།     མཚོ་སྔོན་གྱི་ལས་དོན་ནི་བསྒྲུབས་ནས་ཡོང་བ་ཞིག་ཡིན་པས། འབད་བརྩོན་བྱས་ནས་ཕུགས་འདུན་མངོན་འགྱུར་དང་འབད་བརྩོན་བྱས་ནས་གྲུབ་འབྲས་གསར་གཏོད་བྱེད་ཀྱིན་ཡོད།  ང་ཚོས་ཚད་གཞི་ནན་མོ་སྤྱད་དེ་ཆེས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པས།    རྒྱལ་ཁབ་སྤྱི་གླིང་གསར་གཏོད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་བརྟན་དང་ཕུན་སུམ་ཚོགས་པོ་བྱུང་ཡོད། ང་ཚོས་སྔར་ལས་ཡིད་ཆེས་ཡོད་པའི་བློ་སེམས་དང་སྒོ་འབྱེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཛམ་གླིང་ལ་འབྲེལ་འདྲིས་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་ཡག་ཤོས་བསུས་ཡོད། ང་ཚོས་དུས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་གྱི་མེ་ཏོག་བཞད་ནས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་སྔར་ལས་ཤེས་རྟོགས་ཐུབ་པ་བྱུང་ཡོད། ང་ཚོས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་དགའ་འབོད་བྱེད་འོས་པ་དང་། རིགས་སོ་སོའི་མང་ཚོགས་ལ་བསྟོད་བསྔགས་བྱེད་འོས་ཤིང་།    རང་ཉིད་མཚོ་སྔོན་གྱི་མི་ཡིན་པར་ང་རྒྱལ་ཆེན་པོ་སྐྱེས་འོས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འདས་ཟིན་པར་ཕྱིར་མིག་བལྟས་ཚེ། མདུན་སྐྱོད་ཀྱི་གོམ་པ་རེ་རེར་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། རྒྱུན་འཁྱོངས་རེ་རེས་ལས་འགན་དང་འགན་ཁུར་མཚོན་པ་དང་།  འགྱུར་ལྡོག་རེ་རེས་ཆོད་སེམས་དང་བློ་སྟོབས་མངོན་ཡོད། མ་འོངས་པར་རྒྱང་ལྟ་བྱེད་སྐབས། ང་ཚོར་ཡིད་ཆེས་ཆེན་པོ་ཡོད་དེ།  རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་དེ་ད་ལྟ་ལྟར་གལ་ཆེ་བ་ཞིག་གཏན་ནས་བྱུང་མེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དེ་ད་ལྟ་ལྟར་གསལ་པོ་ཞིག་གཏན་ནས་བྱུང་མེད་ལ། འཕེལ་རྒྱས་ཀྱི་མདུན་ལམ་དེ་ད་ལྟ་ལྟར་རྒྱ་ཆེན་པོ་ཞིག་གཏན་ནས་བྱུང་མེད། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་སྔར་ལས་མང་པོ་དང་སྔར་ལས་ངོ་མཚར་ཆེ་བ་ང་ཚོ་ཚང་མས་མཉམ་དུ་འབྲི་དགོས། བདེན་ལུགས་ནི་སྟབས་བདེ་ཡིན་ཏེ་དངོས་སྒྲུབ་གཙོ་བོར་འཛིན་དགོས་ཏེ། བྱ་བ་དངོས་སྒྲུབ་ན་ད་གཟོད་མངགས་བཅོལ་ཆེན་པོ་དང་མི་འགལ་ཞིང་། བྱ་བ་དངོས་སྒྲུབ་ན་ད་གཟོད་དུས་རབས་ཀྱི་རྗེས་སུ་དམ་པོར་སྙེགས་ཐུབ་ལ། བྱ་བ་དངོས་སྒྲུབ་ན་ད་གཟོད་མ་འོངས་པར་གྲུབ་འབྲས་ཐོབ་ཐུབ། ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།    དྲིན་ཚོར་མདུན་སྐྱོད། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། “མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་ལག་ལེན་ཆེན་པོའི་ཁྲོད་ཧུར་ཐག་གིས་ཞུགས་ནས། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལན་ཞིག་སྤྲོད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ།    ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་ཆེན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། ཟི་ལིང་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། དམངས་གཙོའི་ཏང་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ། དམངས་གཉེར་ཁེ་ལས་པ། ཀུན་སྤྱོད་དཔེ་བཟང་དང་ངལ་རྩོལ་དཔེ་བཟང་ཅན། ཀྲུང་གོའི་མི་བཟང་བཅས་ཀྱི་འཐུས་མི་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་རིག་རྩལ་ལས་དོན་པ་རྣམས་ཀྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།


    རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章