ཀྲུང་དབྱང་གི་མགོ་ཁྲིད་ཀྱིས་བློ་མཐུན་རྒན་པར་འཚམས་འདྲི་བྱས།

文摘   2025-01-27 10:06   青海  


ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་བློ་མཐུན་རྒན་པར་འཚམས་འདྲི་བྱས།

ལུགས་རྙིང་ལོ་གསར་གྱི་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཧུའུ་ཅིན་ཐའོ་དང་། ཀྲུའུ་རུང་ཅི། ལིས་རུའེ་ཧོན། ཝུན་ཅ་པའོ། ཅཱ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིས་ཀྲན་ཧྲུའུ། ཝང་དབྱང་། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལོ་ཀན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཐེན་ཅི་ཡུན། ཁྲི་ཧའོ་ཐེན། ཝང་ལི་ཆོན། ཝང་ཀྲའོ་གོ། ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙིན་ཕེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལིས་ཡོན་ཁྲའོ། མཱ་ཁའེ། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཅན་གོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། གོ་ཅིན་ལུང་། ཝང་ཁྲིན། ལིའུ་ཧི། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཁྲིན་ཆོན་གོ། གོ་ཧྲིན་ཁུན། ཝང་ཧན་པེན། ཧི་ཡུང་། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། ཡིའུ་ཆོན། ཝང་པེན་ཆན། ཙིའུ་ཅ་ཧྭ། ཕིན་ཕེ་ཡུན། ལིས་ཐེ་དབྱིན། ཞུའུ་ཅ་ལུའུ། ཅང་ཀྲིན་ཧྭ། ཀུའུ་ཞིའུ་ལེན། རག་བསྡུས། ཧྲིན་ཧྭ་རིན། ལུའུ་ཡུང་ཞང་། ཧྭ་ཅན་མེན། ཁྲིན་ཀྲི་ལིས། སི་མ་དབྱི·ཐེ་ལིས་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། ཝང་ཧྲིན་ཅུན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཅི་པེན་ཞོན། ཨའེ་ལི་ཀུན·དབྱི་མེན་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། པད་མ་འཕྲིན་ལས། ཐང་ཅཱ་ཞོན། ཏའེ་པེན་གོ། ཁྲང་ཝན་ཆོན། ཀྲའོ་ཁི་ཀྲི། ཧན་ཀྲུའུ་པེན། ཅཱ་ཁྲུན་ཝང་། སུང་ཅན། ཧུའུ་ཆི་ལིས། ཝང་ཀྲུང་ཡུས། ལིས་ཀུའེ་ཞན། ཧའོ་ཅན་ཞིའུ། ཞུའུ་ཁོང་ཏིས། ཀྲང་ཧོའེ་ཞི། ལིས་མིན། ལེའོ་ཧུའེ། པའེ་ལིས་ཁྲིན། ཁྲིན་ཁུའེ་ཡོན། ཨ་པུའུ་ལའེ་ཐིས་ཨ་པུའུ་ཏུའུ་རེ་ཞི་ཐིས། ལིས་ཀྲའོ་ཀྲོ། ཧོང་མིན་ཧྥུའུ། ཀྲང་མཱེ་དབྱིན། ཀྲང་རུང་མེན། ཆན་ཡུན་ལུའུ། སུན་ཅ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏིན་ཕུའུ་ཧྥང་། ལིས་ཝུའུ་ཝེ། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧན་ཆི་ཏི། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ལིས་ཧའེ་ཧྥིན། ཁྲིན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རོས། ཆི་ཞུའུ་ཁྲུན། མཱ་ཕེ་ཧྭ། ལིའུ་ཞའོ་ཧྥིན། ཝང་ཆིན་མེན། ཀྲང་ཆིན་ལིས། ལིའུ་ཆི་པའོ། ཏུང་ཅན་ཧྭ། ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། དབྱང་ཁྲོན་ཐང་། ལིས་པེན། ཝང་ཡུང་ཆིན། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན་སོགས་བློ་མཐུན་རྒན་པར་ལྷག་བསམ་ཟོལ་མེད་ཀྱིས་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་། ཁོ་ཚོའི་བདེ་སྐྱིད་ལྡན་པའི་ལོ་གསར་རོལ་བ་དང་བདེ་ཐང་ཚེ་རིང་ཡོང་བའི་སྨོན་འདུན་སྙིང་ནས་ཞུས།

བློ་མཐུན་རྒན་པ་ཚོས་ཐུགས་རྗེ་ཆེ་ཞུས་པ་དང་། འདས་ཟིན་པའི་ལོ་གཅིག་གི་རིང་ཏང་ཀྲུང་དབྱང་གི་བྱ་བར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པར་སྙིང་ཐག་པ་ནས་གོང་བཀུར་གནང་།  ཚང་མས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་གསར་པ་སྤོས་པར་འདོད། བློ་མཐུན་རྒན་པ་ཚོས་ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། ཡིད་ཆེས་ཀྱིས་ཁེངས་པ་དང་དཀའ་ངལ་ཁྱད་བསད་བྱས་ནས་མདུན་དུ་བསྐྱོད་པ། བདེན་འཚོལ་དངོས་གཉེར་དང་འབད་བརྩོན་ཆེར་སྐྱེད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་བཏོན།


    རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章