ཝུའུ་ཞའོ་ཅུན་གྱིས་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་རྟོག་ཞིབ་བྱས།

文摘   2025-01-18 11:12   青海  


ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ1ཚེས17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་སོགས་འབྲེལ་ཡོད་ལས་སྒྲུབ་ཁང་གི་ལས་བྱེད་མི་སྣར་བརྗེ་རེས་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་སོགས་འབྲེལ་ཡོད་གནས་ཚུལ་སྐོར་ཞིབ་མོར་དྲིས་ཤིང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲུབ་འབྲས་དང་། ལས་བྱེད་པ་དང་ལས་བཟོ་པས་དཀའ་སྤྱད་ངལ་རྩོལ་བྱས་པར་ཁས་ལེན་བྱས་ནས། མུ་མཐུད་དུ་སྲ་བརྟན་དང་གཏིང་ཟབ་མཐོར་འདེགས་ཀྱི་བྱ་བ་བཟང་པོར་སྒྲུབ་ཅིང་། གཞི་རིམ་རྨང་གཞིའི་བྱ་བ་སྔར་ལས་སྲ་བརྟན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མདུན་གྲལ་དུ་བསྐྱོད་དེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་མོས་མཐུན་ལྔ་སྐུལ་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན། བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་བྱ་བའི་སྙན་ཞུ་ཕུལ་བར་ཉན་རྗེས། འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་རྣམས་ཏང་གི་ཉེ་འཁོར་དུ་སྔར་ལས་གཅིག་སྡུད་དམ་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དེ་གྲངས་ཚད་ཀྱི་སྔོན་ཐོན་ནས་དཔེ་སྟོན་ཁྲིད་སྟོན་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ཐད་སྤྱོད་ཚུལ་གསར་པ་ཡོད་པ་དང་། ཆོས་ལུགས་ལས་དོན་ཁྲིམས་མཐུན་དོ་དམ་ཐད་གྲུབ་འབྲས་གསར་པ་ལྡན་པ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་ཐད་བྱས་རྗེས་གསར་པ་ཡོད་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བློ་སེམས་གཅིག་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་པུའུ་དང་བརྟན་ལྷིང་སྲུང་སྐྱོབ་མཛུབ་སྟོན་ཁྲུའུ་རུ་སོང་ནས་རུ་ཁག་འཛུགས་སྐྲུན་དང་། ཆབ་སྲིད་ལྟ་རྟོག བརྟན་བརླིང་སྲུང་སྐྱོང་སོགས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་བལྟས་ནས་རྒྱུས་ལོན་བྱས་པར་མ་ཟད། ལས་བྱེད་མི་སྣར་འཚམས་འདྲི་བྱས་ཤིང་། ནུས་ལྡན་སྒོས་འགལ་བ་དང་ཉེན་ཁར་གྲལ་བཤེར་དང་སེལ་ཐབས་བྱེད་པར་དམིགས་ནས། སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་མཐོར་འདེགས་གཏོང་བ་དང་། དཔེ་མཚོན་གྱོད་གཞིའི་ཉེན་བརྡའི་སློབ་གསོ་ཟབ་སྤེལ་བྱེད་པ། ཁྲིམས་སྐྱོང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་འཛུགས་དགོས་པར་བསྟན། བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་ལུའུ་ཁྲུན་གྱིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།  ཕྱོགས་ཡོངས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། སྲིད་ཁྲིམས་རུ་ཁག་གི་སློབ་གསོ་ལེགས་སྒྲིག་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བདེ་འཇགས་གསར་པའི་རྣམ་པས་འཕེལ་རྒྱས་གསར་པའི་རྣམ་པར་འགན་སྲུང་བྱེད་པ་དང་། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་བྱ་བར་ཞུགས་པའི་ཡིད་ཆེས་ཇེ་བརྟན་དང་འཆམ་འཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གོང་གསལ་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། ཤ་བོ་རིན་མཚོ།    

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།






青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章