ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། དྲུང་ཡིག་ཆེན་མོ་ཞེ་པའོ་ཨིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝུའུ་ཞའོ་ཅུན་དང་། ལའོ་ཏུང་ཁྲོན། ཝང་ལིས་མེན། ལིའུ་མཱེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི·རི་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ཧི་ལུའུ་ཁྲུན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན388ཡོད་པ་དང་། དངོས་སུ་ཐོན་པའི་ཨུ་ཡོན353ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།
གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་རིམ་བཞིན་གྲོས་འཆམ་བྱུང་།
མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། གྲོས་ཚོགས་སྤྱོད་གཙང་སྲོལ་བཟང་དང་གྲུབ་འབྲས་ཕུན་སུམ་ཚོགས་པ། གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་ཀྱི་སྒོ་ནས་འཚོགས་པ་དང་། གྲོས་ཚོགས་ཀྱི་སྐབས་སུ་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་སོགས་མགོ་ཁྲིད་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་དང་། ཨུ་ཡོན་ལ་ལྟ་སྐོར་དང་། ཚོགས་ཆེན་གྱི་གཏམ་བཤད་ལ་ཉན་པ། ལས་རིགས་སོ་སོའི་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་པ། སྲིད་གྲོས་ཀྱི་བྱ་བ་དང་ཨུ་ཡོན་གྱི་འགན་འཁྲི་བསྒྲུབས་པར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། གཟབ་ནན་སྒོས་རེ་བ་གསར་པ་བཏོན་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་སོང་། ཨུ་ཡོན་ཚང་མས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་སྤྲོ་སེམས་ཆེན་པོ་བཅངས་ནས་གྲོས་ཚོགས་སུ་ཞུགས་པ་དང་། སྙན་ཞུ་དང་ཡིག་ཆ་སྣ་ཚོགས་ལ་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་ལ། ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་པ་དང་དངོས་སྒྲུབ་གྲོས་འདོན། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་པ་དེས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པར་འགན་འཁུར་བ་མཚོན་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་པ་དང་། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་ལོ་ཡང་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། གནད་འགག་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་འབད་བརྩོན་བྱས་ཏེ། རང་སོ་སོའི་ལས་གནས་ཐོག་འབད་བརྩོན་དང་བྱང་ཆ་ལྡན་པའི་སྒོ་ནས་མཛེས་སྡུག་ལྡན་པའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྣེ་ཁྲིད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཤེས་ལྡན་མི་སྣ་འདུ་འཛོམས་དང་རིག་སྟོབས་གཅིག་བསྡུས་ཡིན་ལ། འབྲེལ་འདྲིས་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་ཧུར་བརྩོན་དང་རང་འགུལ་ངང་འགན་འཁྲིབསྒྲུབ་པ་དང་། ཡིད་ཆེས་ཆེ་རུ་གཏོང་བ། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཐབས་བཟང་མང་པོ་བཏོན་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པར”རྒྱལ་ཁ་ཐོབ་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་སྟེང“སྲིད་གྲོས་ཀྱི་ལས་འགན”མངོན་གསལ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ཏེ། དར་ཆ་གསལ་བོས་ཆབ་སྲིད་སྒྲུབ་པ་དང་། “གཏན་ཕབ་གཉིས”ལ་བརྩི་བཀུར་ནན་མོ་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱས་ནས། “རྒྱལ་དོན་གྱི་ཆེ་ཕྱོགས”དང་ཞིང་ཆེན་གྱི་དོན་དག་གལ་ཆེན་ལ་འཆར་འགོད་བྱེད་རྒྱུ་དམ་འཛིན་བྱས་ནས་སྲིད་གྲོས་བྱ་བར་སྐུལ་འདེད་གཏོང་བ་དང་། གྲོས་མོལ་དམངས་གཙོའི་ལག་ལེན་བརྒྱུད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རིགས་སོ་སོ་དང་ལས་རིགས་སོ་སོའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་བསྒྱུར་མཁས་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་སེམས་པ་གཅིག་མཐུན་དང་། བསམ་བློའི་ཐད་ཁ་ཕྱོགས་གཅིག་མཚུངས། བྱ་སྤྱོད་ཐད་གོམ་སྟབས་མཉམ་མཐུན་བཅས་བྱ་དགོས། གཉིས་ནས་ཞབས་ཞུའི་ལྟེ་གནས་ཀྱི་ཁྱོན་ཡོངས་སྟེང“སྲིད་གྲོས་ཀྱི་བྱ་སྤྱོད”མངོན་པ་རྒྱུན་འཁྱོངས་བྱེད་དགོས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆོག་མཆན་སྤྲད་པའི་ད་ལོའི་གཙོ་གནད་གྲོས་མོལ་འཆར་གཞི་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས། “མཐོ་ས”འཛུགས་སྐྲུན་དང་། “གནས་བཞི”འཛུགས་སྐྲུན། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ། མཐོ་སྒང་གི་བདེ་ཐང་གསོ་བཅོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། དེ་མིན“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སོགས་གཙོ་གནད་དང་དཀའ་གནད་གནད་དོན་ལ་དམ་པོར་དམིགས་ནས། ཧུར་ཐག་གིས་སྲིད་དོན་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་ནན་མོ་བྱས་ཏེ། ཇུས་བཟང་མང་ཙམ་འདོན་པ་དང་། ཐབས་བཟང་མང་ཙམ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ལ་སྔར་ལས་ནུས་ལྡན་གྱིས་ཞབས་འདེགས་ཞུ་དགོས། གསུམ་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐོག“སྲིད་གྲོས་ཀྱི་བརྩེ་སེམས”མངོན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་བསྐྱོད་པ། བརྟག་དཔྱད་ཞིབ་འཇུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ། སྲིད་གྲོས་ཀྱི་ལས་རིགས་སོ་སོ་དང་ཐབས་ལམ་གྱི་དགེ་མཚན་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི“དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི”བྱ་འགུལ་བྱེད་ཐབས་སུ་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་ངལ་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། བརྟག་ཞིབ་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཀྱི་གནས་ཚུལ་ཤེས་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་དྲོད་སྐྱིད་ཡོང་བ་བཅས་ཀྱི་བྱ་བ་དེ་མང་ཚོགས་ཀྱི་སེམས་སུ་དོན་དངོས་སྒྲུབ་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་རྣམ་དག་གི་བརྩེ་བ་དངོས་སུ་ཚོར་དུ་འཇུག་དགོས། བཞི་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཐོག“སྲིད་གྲོས་ཀྱི་ལེགས་ཆ”མངོན་པ་རྒྱུན་འཁྱོངས་བྱེད་དགོས་ཏེ། སེམས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་དེ་སྲིད་གྲོས་ཀྱི་བྱ་བ་སོ་སོའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་རྒྱ་ཁྱབ་ངང་འདྲེས་པར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བའི་འཐབ་ཇུས་ངེས་གནས་ཐད་ཀྱི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཨུ་ཡོན་རྣམས་ཀྱིས་ཡིད་ཆེས་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་ཏུ་བསྡུ་བ། མི་སེམས་ལ་དྲོད་ཁོལ་སྦྱིན་པ། སེམས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཏེ། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཚད་མཐོ་བའི་སྒོ་ནས་སྐུལ་སློང་བྱེད་པ་དང་། རང་རྟོགས་སྒོས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་པ་དང་འགུལ་སྐྱོད་ཕྱོགས་ཁག ལག་ལེན་པ་བཅས་ཡག་པོ་བྱས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པའི་བརྗོད་དོན་གཙོ་བོ་ལེགས་པར་བསྒྲུབ་ནས། “མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་བསྡུས་ཀྱིས་ཆགས་པར་བྱ་དགོས། ལྔ་ནས་གྲོས་མོལ་དམངས་གཙོའི་ལག་ལེན་གཏིང་ཟབ་ཏུ་གཏོང་བའི་ཐད“སྲིད་གྲོས་ཀྱི་འགན་འཁུར”མངོན་པ་རྒྱུན་འཁྱོངས་བྱེད་དགོས་ཏེ། དོན་དག་ཡོད་ན་གྲོས་མང་པོ་བྱེད་པ་དང་། དོན་དག་དང་འཕྲད་ན་གྲོས་མང་པོ་བྱེད་པ། བྱ་བ་སྒྲུབ་ན་གྲོས་མང་པོ་བྱེད་པ་བཅས་དར་སྤེལ་ཤུགས་ཆེན་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། རིགས་སོ་སོ་དང་ལས་རིགས་སོ་སོ་གོ་རིམ་ལྡན་པའི་ངང་ཆབ་སྲིད་ཁྲོད་ཞུགས་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཏེ། ཧུར་ཐག་གིས་གྲོས་མོལ་རིག་གནས་གསོ་སྐྱོང་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་དང་། ཨུ་ཡོན་གྱི་གཙོ་ཁྲིད་ནུས་པ། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་བཅས་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་པོའི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ཁྱད་སྟོབས་ལ་ཤུགས་སྣོན་ཚད་ཆེ་རུ་གཏོང་དགོས།
དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ། ཀྲང་ཙེ་ཅུན། ཀྲ་ཆིན་ཅིའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།