ཞིང་ཆེན་སྲིད་གྲོས་སྐབས13པའི་གྲོས་ཚོཊ་ཐེངས་གསུམ་པ་འཚོཊ་མགོ་བརྩམས།

文摘   2025-01-19 11:02   青海  


ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཟླ1ཚེས18ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་འཚོགས་མགོ་བརྩམས།

ཟླ1ཚེས18ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

གྲོས་ཚོགས་སུ་ཞུགས་དགོས་པའི་ཨུ་ཡོན388ཡོད་པ་དང་། དངོས་སུ་ཐོན་པའི་མི352ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཆུ་ཚོད་དགུའི་སྟེང་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་དངོས་སུ་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་།    ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་།    ཝང་ཞོན།    ཝང་ཀྲིན་ཁྲང་།    ཀྲང་ཞའོ་རུང་།    ལིས་ཞའོ་ནན།    ཐེན་ཁུའེ།    ལིའུ་ཏ་ཡེ།    གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ།    མཱ་ཡུའེ་ཞང་།    དྲུང་ཡིག་ཆེན་མོ་ཞེ་པའོ་ཨིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།     ཝང་ཀྲིན་ཁྲང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝུའུ་ཞའོ་ཅུན་དང་། ལའོ་ཏུང་ཁྲོན།    རྡོ་རྗེ་རབ་བརྟན།    ཝང་ལིས་མེན།    ལིའུ་མེ་ཕིན།    ཝང་ཝེ་ཏུང་།    ཀྲང་ཅིན་ཀང་།    ཚེ་རིང་ཐར།    ཝང་ཏ་ནན།    ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན།    པད་ཁོ།    ཀྲུའུ་ཞང་ཧྥུན།    ཧི་ལུའུ་ཁྲུན།    ལིས་ཧྲིན་ལིས་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད་པ་དང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

གྲོས་ཚོགས་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།     ཁོས་བཤད་རྒྱུར། 2024ལོ་ནི་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    “རྒྱལ་དོན་གྱི་ཆེ་ཕྱོགས”དང་།    ཞིང་ཆེན་གྱི་དོན་དག་གལ་ཆེན།    དམངས་ཀྱི་དོ་ཁུར་བཅས་ལ་དམ་པོར་དམིགས་ནས།    ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།    སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཏེ།    ཐུན་མོང་གི་ངོས་འཛིན་སྔར་ལས་ལེགས་པར་གཅིག་སྒྲིལ་བྱེད་པ་དང་།    སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས།   ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ་དང་།     ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོས་ཡིད་ཚིམས་པའི་ལོ་འཁོར་གྱི“འགན་འཁྲི་བསྒྲུབས་པའི་རྒྱུགསལན”སྤྲད།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། 2024ལོར། ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲིད་གྲོས་བྱ་བར་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་བ་རྒྱུན་འཁྱོངས་དང་།    ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས་རྒྱུན་དུ་སློབ་པ་དང་།  དུས་མཚམས་གལ་ཆེན་ལ་དམིགས་ནས་སྣེ་ཁྲིད་དེ་སློབ་བ། ཤེས་སྦྱོར་གཅིག་མཐུན་བྱས་ཏེ་སྒྲུབ་ཞོར་དུ་སློབ་སྦྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་མཉམ་དུ་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས།   ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་ལས་འགན་ལག་བསྟར་བྱེད་པར་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ལག་བསྟར་བྱས་ཏེ།   ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་།    རིག་གནས་དར་རྒྱས་གོང་འཕེལ།    དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས།    སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས།    མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བས།    ལྟེ་གནས་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཕན་འབྲས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།  ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་རིམ་པ་གཙོ་བོར་བརྩིས་ཏེ།    རང་འགུལ་ངང་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ། དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་གཙོ་གནད་དུ་གྱུར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མུ་མཐུད་དུ་དོ་ཁུར་བྱས་ཏེ།    མཚོ་སྔོན་དང་ཞང་ཀང་བར་གྱི་བརྗེ་རེས་དང་། མཚོ་སྔོན་དང་ཨའོ་མིན་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།    མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་།    མཚོ་སྔོན་ལ་དགའ་ཞེན་བཅངས་པ།    མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་དྲང་ཕྱོགས་ནུས་པ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཡོད། རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་ཐོག་མཐའ་བར་གསུམ་དུ་གནས་བབ་སྔར་ལས་གལ་ཆེན་དུ་བཞག་སྟེ།    ཁྱད་སྟོབས་ཆེ་རུ་གཏོང་བ་དང་ཕན་ནུས་མཐོ་རུ་གཏོང་བ།    གསོན་ཤུགས་འཕེལ་བ་བཅས་བྱས་པས།    བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་སྔར་ལས་མཐོ་བ་དང་གྲོས་གཞི་སྒྲུབ་པར་སྔར་ལས་ཕན་འབྲས་ཡོད་ལ།    སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་ཆ་འཕྲིན་བྱ་བའི་ཐད་ཚད་བརྒལ་གསར་པ་བྱུང་བ་དང་།    རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ལ།    འགན་འཁྲི་སྒྲུབ་པའི་ཞབས་ཞུའི་འགན་སྲུང་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།   ཐོག་མཐའ་བར་གསུམ་དུ་ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིགས་ལམ་གསལ་པོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ།    གཙོ་གཞིའི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་བླངས་ནས།    “ལས་བྱེད་པས་སྒྲུབ་དགོས་པ་དང་།   རིགས་ལམ་གསལ་དགོས་པ།    རང་གཅུན་ནན་དགོས་པའི་ཁ་ཕྱོགས་གསལ་པོ་བཙུགས་ཏེ།    ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་སྲིད་གྲོས་བྱ་བ་གསར་གཏོད་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་དང་འགན་སྲུང་བྱས་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་ལ།    བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན།     ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆོག་མཆན་སྤྲད་པའི་ལོ་འཁོར་གྱི་གཙོ་གནད་གྲོས་མོལ་འཆར་གཞི་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བྱེད་པ་དང་།   བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ།    ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ལ་སྔར་ལས་ནུས་ལྡན་གྱིས་ཞབས་འདེགས་ཞུ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་སྙན་ཞུའི་ནང་ད་ལོའི་གཙོ་གནད་བྱ་བ་ལྔ་བཏོན་ཡོད།     གཅིག་ནི་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    སློབ་སྦྱོང་གི་ཕན་འབྲས་དེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།    སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་ཤུགས་སུ་བསྒྱུར་བ་དང་།    ཆུ་ཚད་མཐོ་བའི་སྒོ་ནས་འགན་འཁྲི་སྒྲུབ་པའི་ལག་ལེན་དངོས་སུ་བསྒྱུར་དགོས།  གཉིས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲོས་འགོ་ལ་དམ་པོར་དམིགས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་།    “གནས་བཞི”འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན།   མཐོ་སྒང་གི་བདེ་ཐང་གསོ་བཅོས།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ།    དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་དང་དཀའ་གནད་། ཚ་གནད་བཅས་ཀྱི་གནད་དོན་ལ་དམིགས་ཏེ་གྲོས་མོལ་དང་སྲིད་གླེང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ།    གྲོས་གཞི་ལ་ཐབས་བཟང་ཡོད་པ་དང་འགག་རྩར་གྲོས་མོལ་བྱེད་པའི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས།   གསུམ་ནི་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་།    དོགས་གཞི་སེལ་བ།    སེམས་ཤུགས་གཅིག་ཏུ་བསྡུ་བ།    མཐུན་སྒྲིལ་ཡར་སྐུལ་བཅས་ཀྱི་བྱ་བ་ལེགས་པར་སྒྲུབ་ནས་མི་སྔར་ལས་མང་པོ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དུ་འཇུག་དགོས།  བཞི་ནི་རྒྱུན་འཁྱོངས་ལྷོད་མེད་སྒོས་འགན་འཁྲི་སྒྲུབ་པའི་ནུས་པ་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།     གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གྱི་ལས་འགན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དམ་འཛིན་བྱས་ཏེ།    ཆེད་དོན་གྲོས་མོལ་ལས་ཁུངས་ལམ་ལུགས་ཅན་དང་།    ཚད་ལྡན་ཅན།    གོ་རིམ་ཅན་བཅས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།  གྲོས་མོལ་རིག་གནས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་།    ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་ཆོས་དང་།    སྤུས་ཚད།    ཆུ་ཚད་བཅས་སྔར་ལས་ཆེད་ལས་ཅན་དུ་བསྒྱུར་དགོས།     ལྔ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ།    ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་གསལ་བོ་ལག་བསྟར་བྱས་ནས།    ཏང་གི་ཆབ་སྲིད་འཛུགས་སྐྲུན་ཕྱོགས་སྟོན་དུ་བྱས་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཝང་ཞོན་གྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།     ཁོ་མོས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་སྡེ་ཁག་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་གྲོས་གཞི་བརྒྱུད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གང་ལེགས་བཏང་ཡོད། བསྡོམས་པས་གྲོས་གཞི419འབྱོར་ཞིང་།    ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི309ཐོ་འགོད་བྱས་པས་ཐོ་འགོད་བྱས་ཚད73.7%ཟིན་ཡོད།    ཐོ་འགོད་བྱས་པའི་གྲོས་གཞི་སྒྲུབ་འགན་འཁུར་བའི་སྡེ་ཁག70ལ་སྤྲད་ནས་ཐག་གཅོད་བྱས་པ་དང་གྲོས་གཞི་ཚང་མར་དུས་ཐོག་ཏུ་ལན་བཏབ་སྟེ།    སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སྤྲོད་པ་དང་།    ལས་རིགས་སོ་སོའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ།    གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འདོན་འོས་པའི་ནུས་པ་བཏོན་ཡོད།

དབྱང་ཧྥིན་ཁྲུན་དང་།    ཉི་མ་སྒྲོལ་མ།    ལིའུ་ཐུང་ཏི།    ཀྲང་ཧོང་ཡོན།    ལིའུ་ཀང་།    ཝང་ཅིན་ཀྲའེ།    ལིའུ་ཐའོ།    དབྱང་ཀྲི་ཝུན།    ལིའུ་ཁྲའོ།    ལིས་ཧུང་ཡ།    ཝང་ཧའེ་ཧུང་།    ཁྲིན་ཅི་ཝེ།    ཀྲང་ཙིའུ་ཅུན།    ཀྲ་ཆིན་ཅིའུ།    ཏུའུ་ཅེ།    མཱ་ཧའེ་དབྱིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།


    རྩོམ་སྒྲིག་པ། ལྷ་མོ་འཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།




青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章