ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས4པའི་གྲོས་ཆོད།

文摘   2025-01-17 17:19   青海  


ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཆོད།
(2025ལོའི་ཟླ1ཚེས16ཉིན་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ1ཚེས15ཉིན་ནས་ཚེས16ཉིན་བར་ཟི་ལིང་དུ་བསྡུས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ལ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན28ཡོད་པ་དང་། མི137ཟུར་ཞུགས་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། དེ་མིན་མཐོ་རིམ་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ལ། 2024ལོའི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བྱ་བར་སྤྱི་བསྡོམས་བྱས་པ་དང2025ལོའི་ལས་འགན་བཀོད་སྒྲིག་བྱས་པར་མ་ཟད། བློ་མཐུན་ལིའུ་མཱེ་ཕེན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ངོ་རྒོལ་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབྲི་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བློ་མཐུན་ལིས་ཞི་ཡི་བྱ་བའི་སྙན་ཞུ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས། གཅིག་གྱུར་སྒོས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་འདས་པའི་ལོ་གཅིག་གི་ནང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་མཛད་པ་དང་། དུས་རབས་གསར་པ་དང་བསྐྱོད་ལམ་གསར་པའི་ཏང་གི་འགན་འཁྲི་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། མིག་རྒྱང་རིང་བོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། དར་ཆ་གསལ་བོའི་སྒོ་ནས་ནོར་འཆུག་གི་ངོས་འཛིན་དང་བསམ་བློའི་རྨོངས་པ་དག་སེལ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་འཐབ་འཁྲུག་བཅས་མཐའ་གཅིག་ཏུ་ལེགས་པོར་རྒྱག་པའི་ཐད་རེ་བ་གསལ་བོ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། གསུང་བཤད་ཀྱི་བརྗོད་བྱ་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་ལ། གནད་དོན་ལ་ཐད་ཀར་གདོང་གཏད་དེ་འབོད་སྐུལ་གསལ་བོར་བསྒྲགས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། བློ་མཐུན་ལིས་ཞི་ཡི་བྱ་བའི་སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་ཅིང་། བརྗོད་སྙིང་གསལ་ལ་གཙོ་གནད་འབུར་དུ་ཐོན་པ་དང་། དངོས་གཉེར་བྱེ་བྲག་ཡིན་ལ། ཕྱོགས་ཡོངས་ནས2025ལོའི་བྱ་བར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལས་འགན་ཡི་གེ་དང་ལམ་ཐིག་འཆར་གཞི་རེད།

བློ་མཐུན་ཝུའུ་ཞའོ་ཅུན་གྱི་གཏམ་བཤད་ཀྱིས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རང་ཞིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་མདུན་དུ་ལྷགས་པའི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཤུགས་བརྒྱབ་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་གཏིང་ཟབ་ཏུ་གོང་འཕེལ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་རེ་བ་གསལ་བོ་བཏོན་ཡོད། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་ནམ་ཡང་ཇེ་བརྟན་དུ་གཏོང་བ་དང་། དུས་ནམ་ཡང་རིགས་ལམ་གསལ་བར་བྱེད་པ་དང་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། སྤྱོད་བསྲང་དང་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་རིམ་པ་བཞིན་གཏན་ཁེལ་གསལ་བོ་བྱེད་དགོས་ཞེས་བསྟན་ཡོད་ལ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན་ཡོད། རྒྱུན་རྣམ་ཡུན་ཕན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་སྒྲིག་སྲོལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཇེ་དམ་དུ་བཏང་ནས། ཏང་ཡོན་ལས་བྱེད་པ་རྣམས་ལྟ་སྐུལ་དང་སྒྲིག་གཅུན་གྱི་ཁོར་ཡུག་ཁྲོད་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་ལོབས་པར་བྱེད་དགོས། གཟབ་ནན་གྱི་དགོངས་གཞི་ལ་བརྟེན་ནས་སྤྱོད་བསྲང་སྒྲིག་གཅུན་གཞི་གཅིག་ཏུ་སྤེལ་བ་དང་། མུ་མཐུད་དུ་ཁྲིམས་འགལ་ཟ་འཐུང་དང་ཁྲིམས་དང་འགལ་ནས་ལག་རྟགས་སྟེར་ལེན་བྱེད་པར་བཅོས་སྐྱོང་ཟབ་མོ་བྱེད་རྒྱུ་དེ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པའི་གཙོ་གནད་དུ་བརྩིས་ཏེ། ནན་ལྟ་བརྟན་སྲུང་དང་མྱུར་བཤེར་ནན་སྒྲུབ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་མཐུད་ངང་བཅོས་སྐྱོང་ཟབ་མོ་བྱེད་པ་དང་། དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་རྙོག་ཟིང་རྣམ་པ་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐད་ཀར་གྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་མཐོར་གཏོང་དགོས། ཏང་ཨུའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཆེད་འགན་གཏན་ཁེལ་གསལ་བོ་བྱེད་པ་དང་། འགན་འཁྲི་ལམ་ལུགས་གཏན་ཁེལ་གསལ་བོ་བྱེད་པ། འགན་འཁྲི་དང་གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་བཟང་བོ་བྱས་ཏེ། ཏང་ཨུའི་ཧྲུའུ་ཅིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་སྒྲུབ་ཤུགས་ཇེ་ཆེར་གཏོང་བར་མགོ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་རང་ངོས་འཛུགས་སྐྲུན་དང་བྱ་བའི་འགན་སྲུང་ལ་ཤུགས་སྣོན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་མགོ་ཁྲིད་ཚན་ཁག་ལེགས་འདེམ་དྲག་སྡེབ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ནང་འཇུག་འགག་སྒོ་བརྟན་སྲུང་བྱེད་པ། ཆབ་སྲིད་སྲ་བརྟན་དང་འཇོན་ནུས་མཐོ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་ཤེས་པའི་བློ་མཐུན་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚན་ཁག་ཁྲོད་འདེམ་པ། ལྟ་ཞིབ་དཔོན་པོའི་ལམ་ལུགས་དང་སྦྲེལ་མཐུད་བྱས་ནས། ཆེད་ལས་ཅན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྲ་ཆས་འགན་སྲུང་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་བསྐྲུན་དགོས་ཟེར། ཚང་མས་མཐའ་གཅིག་ཏུ། བློ་མཐུན་ཝུའུ་ཞའོ་ཅུན་གྱི་གཏམ་བཤད་ཀྱིས་ཞིང་ཆེན་ཏང་ཨུས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པའི་རྣམ་འགྱུར་བརྟན་པོ་མཚོན་པ་དང་། ཞིང་ཆེན་ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཆོད་སེམས་བརྟན་པོ་མཚོན་ལ། ཞིང་ཆེན་ཏང་ཨུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་དང་ཡིད་ཆེས་རེ་སྒུག་བྱེད་པ་མངོན་པར་མཚོན་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་དམ་འཛིན་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། 2024ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་གོང་འོག་ཡོངས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་རྒྱུན་མ་ཆད་པར་སྤེལ་བ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་ཆབ་སྲིད་སྣེ་ཁྲིད་དང་ཆབ་སྲིད་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཆེན་པོ་གཏོང་བའི་ཐད་གོམ་སྟབས་བརྟན་པོ་བསྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བ་ཡོད་ཚད་ལ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྲུང་སྐྱོང་གཉིས་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཤུགས་ཡོད་པ་དང་ཕན་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་སྲུང་བྱས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་། གནད་དོན་གཙོ་བོ་བཅོས་སྐྱོང་བྱེད་པ་འབུར་དུ་ཐོན་པར་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་། རྒྱུན་སྲོལ་ལས་བརྒལ་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་བདེ་སྣང་རྒྱུན་མཐུད་ངང་ཇེ་མཐོར་བཏང་། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པར་རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་ནན་མོ་བྱས་པ་དང་། གནོན་ཤུགས་ཇེ་ཆེར་བཏང་ནས་རུལ་སུངས་ཀྱི་གྱོད་གཞི་བཤེར་སྒྲུབ་བཟང་བོ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་མི་རུང་བ། རུལ་སུངས་བྱེད་མི་འདོད་པར་བྱས། ཆབ་སྲིད་ཀྱི་སྐོར་ཞིབ་ངེས་གནས་འབུར་དུ་ཐོན་པར་བྱས་པ་དང་། སྐོར་ཞིབ་ལེགས་བཅོས་ལ་ཤུགས་བསྣན་ནས། སྐོར་ཞིབ་ལྟ་སྐུལ་གྱི་ནུས་པ་སྔར་ལས་མངོན་ཐུབ་པར་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་ཁྱེར་དང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནང་བཀོད་ལས་ཁུངས་ཀྱི་བཅོས་སྒྱུར་དང་སྟོབས་ཤུགས་སྡེབ་སྒྲིག་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚུལ་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན། མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་པ་བླངས། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་ཞོར་དུ། ཚང་འཛོམས་གྲོས་ཚོགས་ཀྱིས་དངོས་ཐོག་བདེན་འཚོལ་གྱིས་བྱ་བའི་ཐད་ཀྱི་མི་འདང་སར་ཞིབ་བཤེར་བྱས་པ་དང་། ཧ་ཅང་མཐོང་ཆེན་བྱེད་པ་དང་དངོས་གནས་ཐག་གཅོད་བྱེད་རྒྱུའི་རེ་བ་བཏོན།

ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་བཀོད་སྒྲིག་བླང་བྱར་གོ་བ་ཟབ་མོ་ལེན་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱེད་པ་དང་།   ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ།  བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་རྒྱུན་འཁྱོངས་བྱེད་པ།  རྩ་བའི་དགོངས་གཞི་དང་། བྱེད་ཐབས་ནན་མོ། ཁོར་ཡུག་ནན་མོ་བཅས་ཐོག་མཐའ་བར་གསུམ་དུ་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བ།  སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

དང་པོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་འགན་སྲུང་དང་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ་རྗེས་སྙེག་ལྟ་སྐུལ་དང་། གནད་ཕིགས་ལྟ་སྐུལ། བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་བཅས་བྱེད་པ་དང་།   ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་སྒོས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པར་སྐུལ་འདེད་བཏང་སྟེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དེ་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་དགོས།

གཉིས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་གི་སྐུལ་ལྕག་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྒྱུན་རྣམ་དང་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།  “རྣམ་པ་བཞི”བེད་སྤྱོད་ཡང་དག་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ། སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། “དབྱེ་འབྱེད་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ།  དོ་དམ་དང་ལྟ་སྐུལ་ནན་མོ་དང་ཁག་ཁུར་ཕོད་པར་སྐུལ་ལྕག་བྱེད་པ་གཅིག་གྱུར་དམ་ཚགས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ལམ་བརྩི་སྲུང་དང་སྒྲིག་ཁྲིམས་བརྩི་སྲུང་ཁྲོད་བཅོས་སྒྱུར་གསར་སྐྲུན་དང་ལས་སྒྲུབ་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

གསུམ་པ། ཚུལ་མིན་སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་འབྱུང་སའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིག་ལམ་ནན་མོ་དང་ཚད་གཞི་ནན་མོར་བརྩིས་ཏེ། སྒྲིག་འགལ་ངང་ཟ་འཐུང་དང་སྒྲིག་འགལ་ངང་ལག་རྟགས་སྟེར་ལེན་བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་དངོས་སུ་ཇེ་ཡང་དུ་གཏོང་དགོས།  ཡང་བསྐྱར་ཤུགས་སྣོན་དང་ཡང་བསྐྱར་གདོང་མཆོང་བྱས་ནས་རུལ་སུངས་ལ་ཆད་པ་ནན་མོ་གཅོད་པ་དང་། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུས་ལས་བྱེད་པར་དོ་དམ་བྱེད་པའི་རུལ་སུངས་གྱོད་གཞི་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱེད་པ། སྲིད་ཚོང་ངན་འབྲེལ་གྱིས་རུལ་སུངས་དང་ཚུལ་མིན་སྤྱོད་ངན་མཉམ་དུ་འདྲེས་པའི་གནད་དོན་དེ་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཐོན་ཁུངས་གསར་སྤེལ། རྨང་གཞིའི་འཛུགས་སྐྲུན་ལས་གཞི། དངུལ་རྩའི་རྒྱལ་དབང་ཁེ་ལས།  དམིགས་འགུག་དམིགས་འཇོག་སོགས་ཀྱི་དབང་ཆ་གཅིག་སྡུད།  མ་དངུལ་གཅིག་སྡུད་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅས་ལ་ཞིབ་བཤེར་ནན་མོ་བྱེད་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། “མཉམ་བཤེར”བྱེད་ཤུགས་ཆེ་རུ་གཏོང་བ་དང་། “མཉམ་བཅོས”ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་འགྱུར་ལྡོག་བཀག་འགོག་བྱེད་དགོས།  དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  སྤྱོད་གཙང་ལ་བརྩི་མཐོང་དང་རུལ་སུངས་བཀག་འགོག་བྱེད་པའི་དར་སྲོལ་བཟང་པོ་ཞིག་གཏོད་དགོས།

བཞི་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། རྫོང་རིམ་པ་མན་གྱི་འགག་རྩའི་ལྷུ་ཚིགས་འདིར་དམིགས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་དག་ཐེར་བཅོས་སྐྱོང་དམ་འཛིན་བྱེད་པ་དང་། རུལ་སུངས་པ་ཆུང་བར་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།  གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་།  ནག་དངུལ་ཕྱིར་ལེན་དང་གྱོང་གུན་སེལ་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ལ་དབང་བའི་ཁེ་ཕན་དུས་ཐོག་ཏུ་མང་ཚོགས་ལ་སྤྲོད་དགོས།  བརྟན་འཇགས་རྒྱུ་ནོར་གྱི་དཔང་ཡིག་གཉེར་དཀའ་བ་དང་། སྲིད་གཞུང་གི་རྒྱལ་དབང་ཁེ་ལས་ཀྱི་ལས་གཞིའི་གླ་ཕོགས་ཆད་པ་སོགས་ཀྱི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱས་ཏེ།  མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་བཟང་དང་དོན་དངོས་ཁག་ཅིག་བསྒྲུབ་དགོས།  དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་སྣང་ཚུལ་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་དངོས་སུ་ཆེ་རུ་གཏོང་དགོས།

ལྔ་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་བྱས་ཏེ།  སྐོར་ཞིབ་ཁྲོད་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བདུན་པ་དང་། བརྒྱད་པ། དགུ་པ་བཅས་སྒྲིག་འཛུགས་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་དང་ཡོ་བསྲང་བྱེད་པར་ཤུགས་སྣོན་དགོས། སྐོར་ཞིབ་བྱེད་ཞོར་ཡོ་བསྲང་དང་། འཕྲལ་སྒྲུབ་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་ཞིབ་དག་ཐེར་གྱི་འགན་འཁྲི་རྩད་གཅོད་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། སྐོར་ཞིབ་ཀྱི་གྲོས་གཞི་ཡི་གེའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱས་ཏེ།  སྐོར་ཞིབ་དང་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ཆེ་རུ་གཏོང་དགོས། མཉམ་འགུལ་སྐོར་ཞིབ་སྤེལ་བ་དང་། གྲོང་ཚོའི་སྐོར་ཞིབ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་མ་ལག་གི་དགེ་མཚན་འདོན་སྤེལ་བྱེད་དགོས།

དྲུག་པ། ནུས་ཤུགས་ཡོད་རྒུས་གཟབ་ནན་གྱི་གཞི་གདངས་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་རིགས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལ་ཤུགས་སྣོན་དགོས། ཏང་ཨུ་དང་ཏང་ཙུའུ་ཡི་འགན་འཁྲི་གཙོ་བོ་དང་། འགན་ཁུར་པ་དང་པོའི་འགན་འཁྲི་དང་མགོ་ཁྲིད་ཁོངས་མིའི་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རིམ་པ་གོང་མའི་མགོ་ཁྲིད་ཀྱིས་རིམ་པ་འོག་མའི་མགོ་ཁྲིད་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས། ན་གཞོན་ལས་བྱེད་པར་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།  འགན་ནུས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རང་རྟོགས་སྒོས་ལས་རིགས་ལ་དོ་དམ་བྱེད་ན་སྲིད་གཙང་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་ན་ངེས་པར་དུ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པའི་བྱ་བ་སྒྲུབ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཞོགས་འདེགས་ལས་འགན་དང་ལྟ་སྐུལ་དོ་དམ་ཆེད་འགན་ལག་བསྟར་ནན་མོ་བྱས་ནས། རིམ་པ་འདྲ་བའི་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས།

བདུན་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ནས། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་བཙུགས་ལས་ཁུངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྒྲིག་སྐྱོང་ཁྲིམས་སྐྱོང་གི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། རྫོང་རིམ་པའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་གྱོད་སྒྲུབ་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་གཞི་གཅིག་ཅན་གྱི་གྱོད་སྒྲུབ་ལམ་ལུགས་འཐུས་ཚང་འཛུགས་དགོས།  གཞི་གྲངས་ཆེན་མོར་བརྟེན་ནས་གྱོད་དོན་སྒྲུབ་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཞི་གྲངས་ཆེན་མོའི་ཞིབ་བཤེར་དབྱེ་ཞིབ་ནུས་པར་ཤུགས་སྣོན་པ་དང་། གཞི་གྲངས་ཅན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བར་མ་ཟད། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་བེད་སྤྱོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཀག་སྐྱིལ་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་གཏོང་དགོས།

བརྒྱད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། སྒྲིག་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལོའི་འགུལ་སྐྱོད་སྤེལ་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་དང་། འཐབ་རྩོད་བྱེད་ཕོད་ལ་འཐབ་རྩོད་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཧྲག་དམག་འཛུགས་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བློ་དཀར་ཞིང་ཡིད་རྟོན་ཆོག་པ། ལྷད་མེད་པ་བཅས་ཀྱི་ཆབ་སྲིད་ཀུན་སྤྱོད་དར་སྤེལ་གཏོང་དགོས། ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་གསོ་སྦྱོང་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་མི་སྣ་འདེམ་བསྐོ་དང་བཀོད་སྒྲིག་ལེགས་པོ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་སྲུང་དང་འཐབ་རྩོད་ཀྱི་བློ་རྩ་ཇེ་བརྟན་དུ་བཏང་ནས། གཏན་འབེབས་དང་སྒྲིག་ལམ། ཁྲིམས་ལུགས་ལྟར་འགན་སྒྲུབ་ནན་མོ་བྱེད་དགོས། སྤྱོད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ལེགས་པོ་སྤྱད་ནས་མི་ངན་གཙང་སེལ་བྱས་ཏེ། ཉེ་འགྲམ་དུ་བྱ་སྤྱོད་ངན་པ་འབྱུང་བར་མཐའ་གཅིག་ཏུ་འགོག་བཅོས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལུའུ་ཡན་གྱི་ཏང་ཡོན་ཐོབ་ཐང་མེད་པར་གཏོང་བའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྡུད་དང་དངོས་གཉེར་བརྩོན་ལེན་བྱེད་པ་དང་། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པ་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་གཅིག་སྡུད་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།


རྩོམ་སྒྲིག་པ། ལྷ་མོ་འཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།




青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章