ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ།

文摘   2025-01-24 10:15   青海  


ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

ཟླ1ཚེས23ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པ་དང་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཟླ1ཚེས23ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པ་དང་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ལིའུ་ཆི་ཧྥན་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན།    ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མཱེ་ཕིན་དང་།    ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ།  ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི·རུ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ཧི་ལུའུ་ཁྲུན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་དམག་ཚོགས་རིམ་པའི་དཔུང་སྡེ་དང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། མཚོ་སྔོན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས་པ་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ལས་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་ནས་ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ལའོ་ཏུང་ཁྲོན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལིའུ་མཱེ་ཕིན་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ལིའུ་ཀྲི་ཏི་དང་། ཐང་ཝན་ཧྥུན། ཧོའུ་ཕིན་ཉིང་། ཧོང་ཧྲི་ཧི། ཁང་ལིན། ཀི་ཝུན་ཕིང་བཅས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་བདམས་པ་དང་། ཁང་ལིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལ་འདེམས་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པ་མ་ཟད། ཝུའུ་ཞའོ་ཅུན་གྱི་མགོ་ཁྲིད་འོག་རྩ་ཁྲིམས་ལ་དམ་བཅའ་བཞག

གྲོས་ཚོགས་ལས་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2025ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།    མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བ་སྙན་ཞུའི་སྐོར་གྱི་གྲོས་ཆོད།    མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།    མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་བསྡུར་སྒྲིག་སྲོལ་བཅས་ལ་རིམ་བཞིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་སེམས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ཡིན་པ་དང་། དམངས་གཙོ་དར་སྤེལ་དང་བདེན་འཚོལ་དངོས་གཉེར་གྱི་ཚོགས་ཆེན་ཞིག་ཡིན་ལ། མཐུན་སྒྲིལ་འབད་བརྩོན་དང་སྤྱོད་གཙང་དར་སྤེལ་གྱི་ཚོགས་ཆེན་ཞིག་རེད། གྲོས་ཚོགས་ཀྱི་སྐབས་སུ་འཐུས་མི་རྣམ་པས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲིའི་འདུ་ཤེས་དྲག་པོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་།  ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ།    ཧུར་ཐག་གིས་བསམ་འཆར་དང་ཐབས་ཇུས་འདོན་པ། དབང་ཆ་ཡང་དག་པའི་སྒོ་ནས་སྤྱོད་པ་བཅས་བྱས་ནས་སྙིང་སྟོབས་བཟང་པོ་མངོན་ཡོད། ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཚོགས་ཞུགས་བློ་མཐུན་དང་ལས་བྱེད་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ཐོག་ང་རང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་ཐོན་བྱུང་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཆེན་པོ་དང་། འཐུས་མི་རྣམ་པ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་ཆེས་གང་ལེགས་བྱས་པའི་འབྲས་བུ་རེད། ལས་འགན་རི་ལྟར་ལཅི་ཞིང་དང་འགན་འཁྲི་བྲག་ལྟར་བརྟན་པས། དམ་བཅའ་བློ་ལ་བརྟན་པོར་ངེས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་བ་དང་།    རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་རིམ་བྱུང་གིས་བཞག་པའི་རྨང་གཞི་བཟང་པོའི་སྟེང་འཆར་གཞི་གསར་པ་མུ་མཐུད་དུ་འགོད་པ་དང་དོན་འཁྱོལ་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ།    བབ་བསྟུན་མདུན་སྐྱོད་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ངེས་ཡིན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་།    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་ང་ཚོར་བསམ་བློའི་ཁྲིད་སྟོན་སྟོབས་ལྡན་དང་།  སྙིང་སྟོབས་ཀྱི་སྐུལ་ལྕག་ཆེན་པོ།  མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་བཅས་གནང་ཡོད།     རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ད་ལྟ་བཞིན་དུ་གལ་ཆེ་བ་ཞིག་གཏན་ནས་བྱུང་མེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་ད་ལྟ་བཞིན་དུ་གསལ་པོ་ཞིག་གཏན་ནས་བྱུང་མེད་ལ།    འཕེལ་རྒྱས་ཀྱི་མདུན་ལམ་ད་ལྟ་བཞིན་དུ་རྒྱ་ཆེ་བ་ཞིག་གཏན་ནས་བྱུང་མེད།  འཆར་གཞི་རིས་སུ་བཀོད་ཟིན་པས། དུས་དང་རྣམ་པ་ཀུན་ཏུ་ལས་འགན་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེ།  ལོ་གསར་བའི་ནང་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ལྷག་བསམ་རྣམ་དག་གིས་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ།    མཚོ་སྔོན་གྱི་བྱ་བ་ལེགས་པར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། “མཚོ་སྔོན་གྱི་བྱ་བ་ལེགས་པར་སྒྲུབ་པའི་སྲོག་ཤིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་སྒོས་དོན་འཁྱོལ་བྱ་རྒྱུ་དེ་ཡིན”པའི་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས།  “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ། “རྒྱུན་འཁྱོངས་གསུམ”གྱི་བླང་བྱ་གལ་ཆེན་བཅས་ལ་རྒྱུས་ལོན་དང་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ཆབ་སྲིད་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་དངོས་སུ་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འབད་བརྩོན་གྱི་ཕུགས་འདུན་ལ་བརྟེན་ནས་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་དགོས་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་དམ་འཛིན་བརྟན་པོ་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་རྒྱུན་འཁྱོངས།    ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ཏེ།   མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་གཏོད་དགོས།  མི་དམངས་ལ་ཕན་པའི་བརྩེ་སེམས་ལ་བརྟེན་ནས་སྔར་ལས་དྲོད་སྐྱིད་ལྡན་པའི་དམངས་ཚིས་ཀྱི་རྒྱུགས་ལན་སྤྲོད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་འཛིན་པ་དང་།  བྲེལ་དཀའ་ཁྲལ་སྒུག་ལག་ཏུ་འཛིན་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆེ་མ་ཆུང་གསུམ་རེ་རེ་བཞིན་ཐག་གཅོད་ལེགས་པོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། འབད་བརྩོན་གྱི་ནུས་ཤུགས་ལ་བརྟེན་ནས་སྔར་ལས་ངོ་མཚར་ཆེ་བའི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་གཏོད་དགོས་པ་དང་། བྱ་བ་སྒྲུབ་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཡང་དག་པའི་མི་སྤྱོད་ཁྲིད་སྟོན་ལ་བརྟེན་ནས་ལས་སྒྲུབ་ལས་སྐྲུན་ལ་ཁྲིད་སྟོན་དང་སྣེ་ཁྲིད་བྱེད་པ། བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་དེ། སྐྱོད་ལམ་གསར་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ཡིད་ཚིམ་པའི་རྒྱུགས་ལན་གསར་པ་སྤྲོད་དགོས།

ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ནས། དམངས་ཆེན་གྱི་བྱ་བར་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དགོས། རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་དབང་ནན་ཏན་གྱིས་ལག་བསྟར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རང་འགུལ་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱས་ནས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་ལག་བསྟར་ནན་མོ་བྱེད་དགོས།  རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་མི་དམངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བར་བརྟེན་ནས། མི་དམངས་ཀྱི་མངགས་བཅོལ་ཆེན་པོ་དངོས་སུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་པའི་འབོད་སྐུལ་བཏང་།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་ཚན་གཙོ།    ཞིང་ཆེན་སྲིད་གཞུང་གི་ཁོངས་གྲུབ་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཁྲིམས་ཁང་།  ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན།    འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ།    ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། རྫོང་རིམ་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།

ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གྲོལ།


    རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章