ཞི་ཅིན་ཕིང་གིས་ལོ་གསར་སྔོན་ལ་དམག་དཔུང་དུ་འཚམས་འདྲི་གནང་།

文摘   2025-01-26 09:46   青海  


ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་གྱི་སྔོན་ལ་དམག་དཔུང་དུ་འཚམས་འདྲི་གནང་།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས24ཉིན་བྱང་རྒྱུད་དམག་ཁུལ་ལས་ཁུངས་ལ་ལྟ་ཞིབ་དང་འཚམས་འདྲི་གནང་བ་དང་། བརྙན་ལམ་བརྒྱུད་དེ་གཞི་རིམ་དཔོན་དམག་ལ་འཚམས་འདྲི་གནང་བར་མ་ཟད། དཔུང་སྡེའི་དམག་གིས་ལས་རེས་ལ་གྲ་སྒྲིག་དང་ལས་འགན་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་དམག་དཔོན་དང་། དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ།  དམངས་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།

ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། ལུའེ་ཉིང་དང་ཧྲིན་དབྱང་གི་ས་གཞི་ཆེན་མོར་སྤྲོ་སྣང་གི་དུས་ཆེན་གྱི་རྣམ་པས་ཁེངས། སྔ་དྲོའི་ཆུ་ཚོད9དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་བྱང་རྒྱུད་དམག་ཁུལ་ལས་ཁུངས་སུ་ཕེབས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད།    བྱང་རྒྱུད་དམག་ཁུལ་གྱི་དཔོན་དམག་གི་འཐུས་མི་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་།    ཚང་མ་དང་མཉམ་དུ་མཉམ་པར་བསྐྱོན།

ཟླ1ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་རྒྱུད་དམག་ཁུལ་ལས་ཁུངས་ལ་ལྟ་ཞིབ་དང་འཚམས་འདྲི་གནང་།  པར་འདི་ནི་ཞི་ཅིན་ཕིང་དང་བྱང་རྒྱུད་དམག་ཁུལ་གྱི་དཔོན་དམག་གི་འཐུས་མི་དང་མཉམ་དུ་བསྐྱོན་པའི་པར་རེད།

དེའི་རྗེས། ཞི་ཅིན་ཕིང་གིས་དམག་དཔུང་ཡོངས་ཀྱི་འབྲེལ་ཡོད་དཔུང་སྡེ་ལ་བརྙན་ལམ་ནས་ཁ་པར་བཏང་། ལྷོ་ཕྱོགས་དམག་ཁུལ་གྱི་སྐམ་དམག་སྟོང་ཤོག་ག་གེ་མོའི་ལས་འགན་ཡན་ལག་རུ་ཁག་དང་།  ཤར་རྒྱུད་དམག་ཁུལ་གྱི་མཚོ་དམག་མཚོ་འགྲམ་གྲུ་གཟིངས་འཕུར་མདེལ་མདའ་ཤོག་ག་གེ་མོའི་ལས་རེས་ཡན་ལག་རུ་ཁག དབུས་རྒྱུད་དམག་ཁུལ་མཁའ་དམག་ས་ནས་མཁའ་རུ་འཕེན་པའི་འཕུར་མདེལ་རུ་ཁག་ག་གེ་མོ། དམག་དོན་མཁའ་སྐྱོད་དཔུང་སྡེའི་ལྟ་ཞིབ་སྔོན་བརྡའི་ས་ཚིགས་ག་གེ་མོ། ཀྲིན་ཀྲོའུ་མཉམ་འབྲེལ་ཞབས་ཞུའི་འགན་སྲུང་ལྟེ་གནས་ཀྱི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་ག་གེ་མོའི་ཡན་ལག་རུ་ཁག2པ། དྲག་ཆས་ཉེན་རྟོག་རུ་ཁག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེའི་ཡན་ལག་རུ་ཁག་གི་ལས་འགན་རུ་ཁག3པའི་དཔོན་དམག་རྣམས་གྲལ་བསྒྲིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དམག་འཁྲུག་གྲ་སྒྲིག་ལས་རེས་དང་ལས་འགན་ལག་བསྟར་བྱས་ཚུལ་རིམ་བཞིན་སྙན་ཞུ་གནང་། ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་གསན་པ་དང་ཁོ་ཚོའི་བྱ་བར་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁོ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་།

ཟླ1ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་རྒྱུད་དམག་ཁུལ་ལས་ཁུངས་ལ་ལྟ་ཞིབ་དང་འཚམས་འདྲི་གནང་། པར་འདི་ནི་ཞི་ཅིན་ཕིང་གིས་དཔོན་དམག་རྣམས་ཀྱིས་དམག་འཁྲུག་གྲ་སྒྲིག་ལས་རེས་དང་ལས་འགན་ལག་བསྟར་བྱས་ཚུལ་རིམ་བཞིན་སྙན་ཞུ་གནང་བར་གསན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིན་འགའི་རྗེས་སུ་ལུགས་རྙིང་ལོ་གསར་ཡིན་པས། དམག་ཡོངས་ཀྱི་དམག་དཔུང་གིས་དམག་འཐབ་གྲ་སྒྲིག་གི་ལས་རེས་ལ་ཤུགས་བསྣན་ཏེ། ཐོལ་བྱུང་གི་གནས་ཚུལ་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་སྤྲོ་སྣང་ལྡན་པ་དང་།  དུས་བདེ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་རོལ་ཐུབ་པའི་ཁག་ཐེག་བྱ་དགོས།   བྱ་བར་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ་དུས་ཆེན་སྐབས་སུ་དཔོན་དམག་རྣམས་ཀྱི་འཚོ་བར་བཀོད་སྒྲིག་ཡག་པོ་བྱ་དགོས།

ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས།


    རྩོམ་སྒྲིག་པ། ལྷ་མོ་འཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章