ངག་འཕྲིན་གཞོན་ནུའི་སེམས་སྒྲ
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ནང་དུ“ང་ཡི་དགུན་གནང་གི་འཚོ་བ”ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་སློབ་མ་མཁའ་བྱམས་དང་བོད་རིག་པའི་སློབ་གླིང་གི་སློབ་མ་སངས་རྒྱས་སྒྲོལ་མ་གཉིས་ལ་ཐད་གཏོང་སྐུད་ལམ་སྦྲེལ་ནས་སློབ་ཆེན་སློབ་མའི་དགུན་གནང་འཚོ་བའི་ཟུར་ཙམ་ལ་རྒྱུས་ལོན་བྱས་ཡོད།
【བློ་རིག་འགྲན་པའི་སྡིངས་ཀ】ནང་དུ་ཉན་མཁན་གྱི་ཁ་པར་སྣེ་ལེན་བྱས་ཏེ་ཤེས་བྱའི་དྲི་བ་དྲིས་ལན་གྱི་རྩེད་འཇོའི་ཁྲོད་ནས་དགུན་གནང་གི་གུང་གསེང་ལ་རོལ་ཡོད།