ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་ལ་བརྙན་ལམ་ནས་ཐུག་འཕྲད་གནང་།

文摘   2025-01-22 12:33   青海  


ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་བརྙན་ལམ་ནས་ཐུག་འཕྲད་གནང་།

ཟླ1པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་བརྙན་ལམ་ནས་ཐུག་འཕྲད་གནང་།
ཟླ1པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་བརྙན་ལམ་ནས་ཐུག་འཕྲད་གནང་།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕན་ཚུན་ལ་ལོ་གསར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ཉིན་འགའི་རྗེས་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ཡིན་པས། ལོ་རྙིང་བ་ཕར་བསྐྱལ་ནས་ལོ་གསར་པ་ཚུར་བསུ་ལ་ཉེ་བའི་སྐབས་འདིར། སྐུ་ཞབས་ཙུང་ཐུང་ལ་བརྙན་ལམ་ནས་ཐུག་འཕྲད་བྱས་པར་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བཞིན་ཡོད་ཅིང་། ལོ་གསར་པའི་ནང་དུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།  ཕུའུ་ཅིང་གིས་ལོ་གསར་པའི་དུས་མགོར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྙན་ལམ་ནས་དགོངས་འཆར་བརྗེ་རེས་གནང་བར་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལུགས་རྙིང་ལོ་སར་ལ་དགའ་དགའ་སྐྱིད་སྐྱིད་དང་ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས2024ལོར་ང་ཚོས་ཐུག་འཕྲད་ཐེངས་གསུམ་བྱས་ནས། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་གང་མང་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་མཉམ་རྒྱལ་བཅས་སྙིང་སྟོབས་ཀྱི་རྟེན་ཕུར་ཡིན་པའི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་གསར་པ་བར་མེད་དུ་རྒྱས་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོ་ངོ་མཚར་སྟོང་གིས་ཕྱུག་པ་དང་དངོས་གཉེར་མཉམ་ལས་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་ཡོད་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གྲངས་འཕར་སྣོན་ཡོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱས་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ནུས་ཤུགས་སྔར་ལས་གང་མང་མཁོ་འདོན་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་གསར་པའི་ནང་དུ། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་མུ་མཐུད་སྣེ་ཁྲིད་དེ་མཐོ་སར་བུད་ནས་རྒྱང་ལྟ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་བརྟན་བརླིང་རང་བཞིན་དང་འགྱུར་མེད་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་འཐབ་ཇུས་མཉམ་ལས་མུ་མཐུད་ཟབ་སྤེལ་གཏོང་བ་དང་། ཕན་ཚུན་བར་རྒྱབ་སྐྱོར་བརྟན་པོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་ལུགས་མཐུན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། དངོས་གཉེར་མཉམ་ལས་འཕེལ་རྒྱས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོའང་ཡིན། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་དེ་དག་གོ་སྐབས་སུ་བརྩིས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ཡོངས་ཁྱབ་ཏུ་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བཅས་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས། ཨུ་རུ་སི་ཕྱོགས་དང་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་སྔར་ལས་མཐོ་བའི་སྒོས་ནས་འཕེལ་རྒྱས་ཡོང་བ་དང་སྔར་ལས་ཁུག་འཁུར་ནུས་ལྡན་གྱི་དུས་རིམ་གསར་པའི་ནང་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨུ་རུ་སིས་ད་དུང་མཉམ་དུ“གསེར་གྱོམ་ཆེན་མོའི་མཉམ་ལས”ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་དང་རང་སྟོབས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་།
ཕུའུ་ཅིང་གིས་ད་ལོ་ང་ཚོས་མཉམ་དུ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། འཛམ་གླིང་དམག་ཆེན་གཉིས་པའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།  ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་མང་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ད་དུང་མཉམ་དུ་དོ་ཁུར་བྱེད་སའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་སྟེ། ལོ་གསར་པའི་ནང་འཐབ་ཇུས་ཀྱི་འབྲེལ་གཏུག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཐད་ནས་མོས་མཐུན་གནང་།
ཝང་དབྱི་བྱེད་སྒོར་ཞུགས།


    རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章