【ན་ཆུང་བྱིས་པའི་དགའ་ཚལ།】ལུས་རྩལ་སྦྱོང་བརྡར་ལ་དོ་སྣང་བྱ་དགོས།

文摘   2024-11-06 13:11   青海  


མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྲོགས་པོ་ཆུང་ཆུང་ཚོར་ཆེད་དུ་དམིགས་ནས་སྒྲུབ་བཞིན་པའི་ཁ་གཏད་རང་བཞིན་ཅན་གྱི་ཐད་གཏོང་ལེ་ཚན་ཞིག་ཡིན།ཐད་གཏོང་གི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་ལྷག་པ།པ་སངས་བཅས་ཀྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུའི་སྟེང་ཡིན།





ལེགས་བཤད་དང་

གཏམ་དཔེ།


དམན་ལ་འབྱོར་ན་དྲགས་རྒྱུ་སྟེ།།
དམ་པ་འབྱོར་ན་དུལ་བའི་རྒྱུ།།
ཝ་སྐྱེས་འགྲངས་ན་དྲེགས་པས་བརྒྱལ།།
སེང་གེ་འགྲངས་ན་བདེ་བར་ཉལ།།

ས་སྐྱ་ལེགས་བཤད་ལས་དྲངས།



- ནང་དོན་གནད་བསྡུས་དང་འབྲེལ་ཡོད་པར་རིས། -

【ཅོ་ཀའི་དྲུག་འགྱུར】ནང་དུ་གངས་ལྷ་ཕུར་སྒྲོལ་གྱིས་བླངས་པའི་གླུ་དབྱངས《ཕ་བཟང་གི་བུ་མོ》དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བྱིས་སྐྱོང་ཁང་གི་སློབ་བུ་ཆུང་ཆུང་གསུམ་གྱིས་བླངས་པའི་དམངས་གླུ་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ལས་རྒྱ་མཚོའི་བུ་མོ་ཞེས་པ་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་ལུས་རྩལ་སྦྱོང་བརྡར་ལ་དོ་སྣང་བྱ་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།



མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章