གྲོང་ཚོ་འདིས་མང་ཚོགས་ལ་སྒོར་ཁྲི་230བགོ་འགྲེམས་བརྒྱབ་འདུག

政务   2025-02-01 10:16   西藏  


    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་ལུང་ཤང་གྲུ་པ་ལུང་གྲོང་ཚོས་2025ལོའི་ལོ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར(ཆུ་བོ་གཉིས་ཀྱི་བྱེ་རྡོ་ར་བ)གྱི་ཁེ་བཟང་བགོ་འགྲེམས་རྒྱག་པའི་ཚོགས་ཆེན་འཚོགས་ནས། མ་རྐང་ནང་ཞུགས་མཁན་གྱི་གྲོང་མིའི་འཐུས་མི་104ལ་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ཁྱོན་སྒོར་ཁྲི་230སྤྲད་པ་རེད།


    བགོ་འགྲེམས་རྒྱག་སར་སྒྲིག་ལམ་ཡག་ལ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་མང་ཚོགས་ཚང་མའི་ངོ་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས། གྲུ་པ་ལུང་གྲོང་ཚོའི་མ་རྐང་ནང་ཞུགས་མཁན་དུད་ཚང་104ཡི་འཐུས་མིས་བགོ་འགྲེམས་སྤྲོད་པའི་གསལ་ཐོར་གོ་རིམ་བཞིན་མིང་བཀོད་པ་དང་མཛུབ་ཐེལ་བརྒྱབ་ནས་དངུལ་སྨར་ལག་ཏུ་བླངས་པ་རེད། ཚང་མས་མགྲིན་གཅིག་ཏུ“ང་ཚོ་ལོ་གསར་སྐྱིད་པོ་གཏོང་རྒྱུ་ཡོད་པ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས་ང་ཚོས་དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན”ཞེས་བཤད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲུ་པ་ལུང་གྲོང་ཚོས་བགོ་འགྲེམས་རྒྱག་པའི་ཚོགས་ཆེན་ཐོག་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ཁྱོན་སྒོར་ཁྲི་230བགོ་འགྲེམས་བརྒྱབ་པ་དང་། མ་རྐང་ནང་ཞུགས་མཁན་དུད་ཚང་104ཡོད་པ་ཚང་མར་བགོ་འགྲེམས་སྒོར་21423རག་པ་དེས་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ནས་ལོ་གསར་སྐྱིད་པོ་གཏོང་རྒྱུ་བྱུང་ཡོད་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་རྨང་གཞི་བརྟན་པོ་འདིང་ཐུབ་ནས་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད།




ལོ་གསར་ཚེས་གཅིག་ཉིན་ཁོང་ལྷ་ཀླུ་འདམ་རར་ཕེབས་ཏེ……

ཡོམ་ཁུལ་གྱི་བུ་ཕྲུག་10ཙམ་ལ་རིན་མེད་ངང་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།

ལག་གདང་སྦྲེལ་ཤོག སྤུན་ཟླ་ཚོ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
         འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com



西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章