ངལ་གསོའི་རིང་བོད་ཀྱི་སྨན་ཁང་འདི་དག་གི་ལས་ཀའི་དུས་ཚོད་འདིར་ཡོད།

政务   2025-01-26 12:28   西藏  



    2025ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར་ཡིན་ཞིང་། ཁྱོན་ངལ་གསོ་ཉིན་8ཡོད། དེར་བརྟེན། བོད་ཀྱི་སྨན་ཁང་ཆེ་གྲས་ཁག་གཅིག་གིས་ངལ་གསོའི་རིང་སྒོ་བསྟེན་དང་འཕྲལ་བཅོས་ཁང་གི་ལས་ཀའི་དུས་ཚོད་སྤྱི་བསྒྲགས་སྤེལ་བ་གཤམ་གསལ།

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་།


    “བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང”གི་སྐད་འཕྲིན་སྤྱི་རྟགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2025ལོའི་དཔྱིད་གསར་དུས་ཆེན་རིང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་བསྟེན་དང་འཕྲལ་བཅོས་ཁང་གི་ལས་ཀའི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ། 

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར་ཡིན་ཞིང་། ངལ་གསོའི་དུས་ཚོད་ཁྱོན་ཉིན་8ཡོད་པ་དང་། ཟླ་1ཚེས་26ཉིན(རེས་གཟའ་ཉི་མ)དང་ཟླ་2ཚེས་8ཉིན(རེས་གཟའ་སྤེན་པ)གཉིས་ལ་རྒྱུན་གཏན་ལྟར་ལས་ཀ་ཡིན།




ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།


    “ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང”གི་སྐད་འཕྲིན་སྤྱི་རྟགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2025ལོའི་དཔྱིད་གསར་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གི་སྒོ་བསྟེན་དང་འཕྲལ་བཅོས་ཁང་གི་ལས་ཀའི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར་ཡིན་ཞིང་། ངལ་གསོའི་དུས་ཚོད་ཁྱོན་ཉིན་8ཡོད་པ་དང་། ཟླ་1ཚེས་26ཉིན(རེས་གཟའ་ཉི་མ)དང་ཟླ་2ཚེས་8ཉིན(རེས་གཟའ་སྤེན་པ)གཉིས་ལ་རྒྱུན་གཏན་ལྟར་ལས་ཀ་ཡིན།

ཟླ་1ཚེས་25ཉིན(རེས་གཟའ་སྤེན་པ)སྒོ་བསྟེན་སྨན་ཁང་དུ་ངལ་གསོ་ཡིན། 

ཟླ་1ཚེས་26ཉིན(རེས་གཟའ་ཉི་མ)སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན།

ཟླ་1ཚེས་27ཉིན(རེས་གཟའ་ཟླ་བ)སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན།

ཟླ་1ཚེས་30ཉིན(རེས་གཟའ་ཕུར་བུ)སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན།

ཟླ་2ཚེས་1ཉིན(རེས་གཟའ་སྤེན་པ)སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན།

ཟླ་2ཚེས་3ཉིན(རེས་གཟའ་ཟླ་བ)སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན།

ཟླ་2ཚེས་8ཉིན(རེས་གཟའ་སྤེན་པ)སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ཉིན་གང་ལས་ཀ་ཡིན། 

ལས་ཀའི་དུས་ཚོད་ནི་སྔ་དྲོ་ཆུ་ཚོད་09:30-13:00བར་དང་། ཕྱི་དྲོ་ཆུ་ཚོད་15:30-18:00བར་ཡིན། འཕྲལ་བཅོས་ཁང་དུ་རྒྱུན་གཏན་ལྟར་ཆུ་ཚོད་24ཡི་རིང་ལས་ཀ་ཡིན།

ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་སྒོ་རྟགས་ཨང་1པོ(གྲོང་ཤར་ཡན་ལག་སྨན་ཁང་གི་ལས་ཀའི་དུས་ཚོད་རང་སྨན་ཁང་གི་དུས་ཚོད་དང་གཅིག་མཚུངས་ཡིན)




བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། 

    “བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང”གི་སྐད་འཕྲིན་སྤྱི་རྟགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2025ལོའི་དཔྱིད་གསར་དུས་ཆེན་རིང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྒོ་བསྟེན་དང་འཕྲལ་བཅོས་ཁང་གི་ལས་ཀའི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ།
    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ནི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར་ཡིན་ཞིང་། ངལ་གསོའི་དུས་ཚོད་ཁྱོན་ཉིན་8ཡོད་པ་དང་། ཟླ་1ཚེས་26ཉིན(རེས་གཟའ་ཉི་མ)དང་ཟླ་2ཚེས་8ཉིན(རེས་གཟའ་སྤེན་པ)གཉིས་ལ་རྒྱུན་གཏན་ལྟར་ལས་ཀ་ཡིན། དེའི་རིང་། སྨན་ཁང་གི་འཕྲལ་བཅོས་ཁང་དང་། ཚ་རྒྱས་སྒོ་བསྟེན་ཁང་། ནད་སྡོད་ཁང་གི་ཚན་ཁག་ཁག་རྒྱུན་གཏན་ལྟར་ཆུ་ཚོད་24ཡི་རིང་ལས་ཀ་ཡིན། སྒོ་བསྟེན་ཁང་གི་སྨན་བཅོས་བྱེད་པའི་དུས་ཚོད་གཤམ་གསལ་རེའུ་མིག་ལྟར་ཡིན།



ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།


གངས་ཧ་ཅང་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་འདུག

ཆེ་དགྲ་ལྷར་བརྟག་དཔྱད་བྱེད་བཞིན་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
         འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章