གེགས་ཁུལ་ལ་ཞལ་འདེབས་དངུལ་བརྒྱབ་ཚུལ་སྐོར་གྱི་སྤྱི་བསྒྲགས།

政务   2025-01-22 20:48   西藏  


གཅེས་སེམས་ཁེ་ལས་དང་། ལས་ཁུངས། མི་སྣ་བཅས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལ་ཞལ་འདེབས་དངུལ་བརྒྱབ་པ་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་དང་ལེན་བྱས་ཚུལ་སྐོར་གྱི་སྤྱི་བསྒྲགས།

     གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་གྱི་གནོད་འཚེ་བྱུང་བ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་དང་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་ཧུར་ཐག་བརྒྱབ་ནས་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ་རེད། ཟླ་1ཚེས་19ཉིན་གྱི་ཆུ་ཚོད་16བར། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་མ་དངུལ་སྒོར་23,114,810.02དང་ལེན་བྱས་པའི་ནང་རིན་ཐང་སྒོར་1,000,000.00རི་བའི་དངོས་ཟོག(ཟླ་1ཚེས་7ཉིན་དགོང་མོར་དིང་རི་རྫོང་དུ་བསྐྱལ་ཟིན)དང་། མ་དངུལ་སྒོར་22,114,810.02གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ལ་བསྒྱུར་ཟིན། 
    བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་དང་། དྲང་གཞག ཁ་གསལ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་བྱས་ཏེ། ཞལ་འདེབས་བརྒྱབ་པ་ཚང་མ་ཐོ་ཞིབ་ཕྲ་བཀོད་ནས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ཐད་གནད་ལ་འཁེལ་བའི་སྒོ་ནས་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོས་ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་ཚུལ་མུ་མཐུད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ལྟ་སྐུལ་དང་ལེན་ཞུ་རྒྱུ་ཡིན། 

(ཞལ་འདེབས་རྒྱག་མཁན་གྱི་མིང་ཐོ་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་ལྟ་ཐུབ)
☟☟☟


བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས།

2025ལོའི་ཟླ་1ཚེས་19ཉིན།



བསོད་ནམས་ཉི་མ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་འདུག

ན་ནིང་རང་སྐྱོང་ལྗོངས་ཀྱིས་ལས་དོན་འདི་དག་བསྒྲུབས་འདུག

ལྗོངས་ཡོངས་ཀྱི་མི་དམངས་ཚོའི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བསྣམས་ནས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
     ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章