ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
འདས་ཟིན་པའི་ལོ་གཅིག་ནི་སྣུམ་ཚོན་གྱི་རི་མོ་ཞིག་དང་འདྲ་ལ་སྙན་འཇེབས་ཀྱི་གླུ་དབྱངས་ཤིག་དང་ཡང་མཉིས་སུ་མ་མཆིས། ད་འོ་ན་ལོ་གཅིག་རིང་བོད་ཀྱིས་རྒྱུགས་ལན་གང་འདྲ་ཞིག་ཕུལ་ཡོད་དམ་ཞེ་ན། གཤམ་གསལ་གྱི་པར་རིས་འདི་དག་ལ་གཟིགས་དང་། ང་ཚོར་ལན་གསལ་པོ་ཞིག་རྙེད་ངེས་རེད།
ཝང་ཅུན་ཀྲེང་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
གཟིགས་དང་། ད་ལོ་བོད་ཀྱིས“དོན་ཆེན་བཞི”འདི་ལྟར་སྒྲུབ་རྩིས་འདུག
ལྗོངས་ཡོངས་ཀྱི་མི་དམངས་ཚོའི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བསྣམས་ནས།