ས་ཡོམ་གྱི་གཏོར་སྐྱོན་ཕོག་པས་ཟམ་ཆེན་འདིར་མོ་ཊ་གཏོང་གི་མི་འདུག

政务   2025-01-24 13:31   西藏  


 རྒྱལ་ལམ་349ལམ་ཐིག་གི་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན(ཉེན་ཟམ)དུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོར་ཞུ་རྒྱུར།
    ཟླ་1ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྗོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་རྐྱེན་གྱིས། རྒྱལ་ལམ་349ལམ་ཐིག་གི་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན་ལ་གཏོར་སྐྱོན་ཕོག་ཡོད་ཅིང་། ཆེད་ལས་ཞིབ་དཔྱད་ཚན་པས་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད། ཟམ་ཆེན་དེ་ཉེན་ཁ་ཡོད་པའི་ཟམ་པའི་ཁོངས་སུ་གཏོགས་ཀྱི་ཡོད། དེར་བརྟེན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་དགོངས་སྐོར་ཞུས་པ་བརྒྱུད་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན་དུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག བཀག་སྡོམ་བྱ་ཡུལ།
    རྒྱལ་ལམ་349ལམ་ཐིག་གི་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན་ཧྲིལ་པོར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།
    གཉིས། བཀག་སྡོམ་དུས་ཡུན།
    2025ལོའི་ཟླ་1ཚེས་23ཉིན་ནས་བསྐྱར་སྐྲུན་ཟིན་རྗེས་བར།
    གསུམ། བཀག་སྡོམ་དུས་ཚོད།
    ཆུ་ཚོད་24རིང་བཀག་སྡོམ་བྱ་རྒྱུ་དང་། དེའི་རིང་འཁོར་རིགས་ཚང་མ་སྐྱོད་མི་ཆོག
    བཞི། བསྐོར་ནས་སྐྱོད་ཆོག་པའི་ལམ་ཐིག
    ལམ་ཐིག་དང་པོ། གཞིས་རྩེ་གྲོང་ཁྱེར་ནས་ས་དགའ་དང་མངའ་རིས་ཕྱོགས་སུ་སྐྱོད་དགོས་ཚེ། གཞིས་རྩེ་གྲོང་ཁྱེར་ནས་G318ལམ་ཐིག་བརྒྱུད — ལྷ་རྩེ་རྗོང་གྲའུ་ཤང — སྒང་དཀར་གྲོང་རྡལ — G318ལམ་ཐིག་དང་G219ལམ་ཐིག་གི་ལམ་མདོ་ཁ — གུང་ཐང་ལའི་ལ་གཤམ་བཅས་བརྒྱུད་ནས་ས་དགའ་རྫོང་དང་མངའ་རིས་སུ་བསྐྱོད་དགོས།
    ལམ་ཐིག་གཉིས་པ། གཞིས་རྩེ་གྲོང་ཁྱེར་ནས་ངམ་རིང་རྫོང་དང་མཚོ་ཆེན་རྫོང་དུ་འཁོར་རིགས་ཆུང་གྲས་སྐྱོད་དགོས་ཚེ། གཞིས་རྩེ་གྲོང་ཁྱེར་ནས་བཞད་མཐོང་སྨོན་རྗོང— རྒྱལ་ལམ་349ལམ་ཐིག—ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང — ཞིང་ཆེན་ལམ་513བརྒྱུད་ནས་ངམ་རིམ་རྫོང་དུ་སྐྱོད་པ་དང་བཟང་བཟང་གྲོང་རྡལ་བརྒྱུད་མཚོ་ཆེན་རྫོང་དུ་བསྐྱོད་དགོས།
    ལམ་ཐིག་གསུམ་པ། གཞིས་རྩེ་གྲོང་ཁྱེར་ནས་ངམ་རིམ་རྫོང་དང་མཚོ་ཆེན་རྫོང་དུ་ཁོར་རིགས་ཆེ་གྲས་སྐྱོད་དགོས་ཚེ། གཞིས་རྩེ་གྲོང་ཁྱེར་ནས་G318ལམ་ཐིག་བརྒྱུད — ལྷ་རྩེ་རྫོང་གྲའུ་ཤང — སྒང་དཀར་གྲོང་རྡལ — G318ལམ་ཐིག་དང་G219ལམ་ཐིག་གི་ལམ་མདོ་ཁ — གུང་ཐང་ལའི་ལ་གཤམ — ས་དགའ་རྫོང་བཅས་བརྒྱུད་ནས་ངམ་རིང་རྫོང་དང་མཚོ་ཆེན་རྫོང་གི་ཕྱོགས་སུ་བསྐྱོད་དགོས།(ཕུན་ཚོགས་གླིང་ཟམ་ཆེན་ཡང་ས་ཡོམ་གྱི་གཏོར་སྐྱོན་ཕོག་ཡོད་པས་འཁོར་རིགས་ཆེ་གྲས་དེ་ནས་སྐྱོད་མི་ཆོག)

གཞིས་རྩེ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱིས།
2025ལོའི་ཟླ་1ཚེས་23ཉིན།


ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།


ཉིན་7བསྟུད་མར། རྫོང་རྒྱབ་ཀླུ་ཁང་དུ……

ཆེ་དགྲ་ལྷར་བརྟག་དཔྱད་བྱེད་བཞིན་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章