གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལོ་གསར་ཡག་པོ་གཏོང་ཐུབ་པ་བྱེད་དགོས།

政务   2025-01-30 13:35   西藏  

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་བརྙན་ལམ་ནས་བཀོད་གཏོང་གནང་བ་དང་། གེགས་ཁུལ་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ལོ་གསར་ཡག་པོ་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་བཞིན་པ།

    “མང་ཚོགས་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་སོང་ངམ” “རྨས་མ་དྲག་སྐྱེད་ཡག་པོ་བྱུང་འདུག་གམ” “དངོས་ཟོག་འདང་ངེས་ཡོད་དམཞེས་པ་སོགས་ཝང་ཅུན་ཀྲེང་གིས་བཀའ་འདྲི་ཞིབ་ཚགས་གནང་བ་དང་གནས་ཚུལ་སྙན་སེང་ནན་ཏན་ངང་གསན་ཞིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ནུས་ལྡན་བྱུང་བ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཁྱེན་རྗེས་ཝང་ཅུན་ཀྲེང་ཐུགས་བློ་ཧ་ཅང་བདེ་པོ་བྱུང་ཡོད་པ་རེད།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་བདེ་འཇགས་དང་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ལོ་གསར་ཡག་པོ་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་ནུས་ཤུགས་ཡོད་རྒྱུས་བྱེད་དགོས། དེ་ཡང་དཀའ་ངལ་ལ་མི་སྐྲག་པ་དང་རྒྱུན་མཐུད་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་སེམས་ཤུགས་མི་ཆག་པ་དང་ལས་ཀ་བྱེད་ཤུགས་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས་ལས་དོན་ཁག་སྔར་ལས་ཏན་ཏིག་དང་ཞིབ་ཚགས་ཧུར་ཐག་ངང་སྒྲུབ་དགོས། བཀོད་སྒྲིག་དང་འགན་ལེན་གྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་སྟབས་བདེའི་ཁང་པ་དང་ལྷན་སྦྱར་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ་དང་། ཆུ་དང་། གློག དྲ་རྒྱ། འཕྲིན་གཏོང་། འཕྲོད་བསྟེན་ཁོར་ཡུག གསང་སྤྱོད་སོགས་ཀྱི་ཞབས་ཞུ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་རིམས་འགོག་དང་སྨན་བཅོས་ཞབས་ཞུ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་སྡོད་ས་བདེ་འཇགས་ལྡན་པ་དང་། གཙང་སྦྲ་དོད་པ། དྲོ་པོ་ཡོད་པ་བཅས་དངོས་བྲེལ་ཡོང་བ་བྱེད་དགོས། རོགས་སྐྱོབ་དང་སེམས་ཁུར་ལས་དོན་དངོས་དངོས་རྗེན་རྗེན་ངང་ཡག་པོ་བསྒྲུབས་ནས་རྨས་མ་བཅོས་སྐྱོབ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དུས་ཐོག་ཏུ་སེམས་ཁམས་གསོ་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་འཕེལ་བ་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་དཀའ་གནད་ལས་སྒྲོལ་བར་ཁྲིད་སྟོན་བྱེད་དགོས། ཡོང་འབབ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། དུད་ཚང་རེ་ལ་ཐབས་ཇུས་རེ་བཟོས་ནས་འབབ་འཕར་གྱི་བྱ་ཐབས་གཏན་འཁེལ་བྱེད་པ། རོགས་སྐྱོབ་སྲིད་ཇུས་གནད་སྨིན་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ་གནོད་འཚེའི་རྐྱེན་གྱིས་དབུལ་ལོག་མི་ཐེབས་པ་བྱེད་དགོས། དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་འཚོ་བ་དང་། བཟའ་བཏུང་། ཡུལ་སྲོལ་གོམས་གཤིས་བཅས་ལ་བསམ་གཞིག་གང་ལེགས་བྱས་ཏེ། འཚོ་བའི་མཁོ་ཆས་མཁོ་སྤྲོད་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་ཟོལ་མེད་ངང་དུས་ཆེན་རིང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་ཚོར་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཡོམ་འཕྲོ་དང་ས་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་གྱི་གནམ་གཤིས་ངན་པར་གཙོ་གནད་ཐོག་དོ་ཁུར་བྱེད་པ། ཁ་གཏད་གཅོག་པ་དང་འགོག་ཟོན་བྱེད་པའི་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་པ། མེ་ཟོན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མེ་སྤྱོད་དང་གློག་སྤྱོད་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྟག་ཏུ་གྲལ་བཤེར་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ཏན་ཏིག་སྲུང་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཧུར་ཐག་བསྒྲུབས་ནས་བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་གྲལ་བཤེར་དང་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། མང་ཚོགས་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཧུར་ཐག་བྱེད་པ། ཡོམ་འགོག་གེགས་སེལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་སྐུལ་འདེད་ཧུར་ཐག་བཏང་ནས་གནོད་འཚེ་ཕོག་ཚུལ་གཏན་འཁེལ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད། འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་བཅས་གང་མགྱོགས་ཁ་གསལ་བཟོ་བ་དང་། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་བ་བཟང་པོ་དངོས་འབྲེལ་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཏན་ཏན་ཏིག་ཏིག་སྒྲུབ་དགོས།




ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།

ཡོམ་ཁུལ་གྱི་བུ་ཕྲུག་10ཙམ་ལ་རིན་མེད་ངང་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།

ཆེ་དགྲ་ལྷར་བརྟག་དཔྱད་བྱེད་བཞིན་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
         འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章