ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།

政务   2025-01-24 10:06   西藏  



   2025ལོའི་ཟླ་1ཚེས་22ཉིན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2024ལོ་འཁོར་གྱི་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ(མཉམ་སྡེབ) རྒྱལ་ཡོངས་ཀྱི་བུད་མེད་དཔལ་ཡོན་ལས་གནས་བཅས་ཀྱི་གདམ་བྱའི་འོས་མི་དང་ཚན་པ་འོས་སྦྱོར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་འདུག

    སྤྱི་བསྒྲགས་ནང་བསྟན་དོན། 《2024ལོ་འཁོར་གྱི་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་གསུམ་བརྒྱད་དར་དམར་གྱི་མཉམ་སྡེབ། རྒྱལ་ཡོངས་ཀྱི་བུད་མེད་དཔལ་ཡོན་ལས་གནས་བཅས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། འོས་སྦྱོར་རྒྱ་ཁྱབ་དང་། ཞིབ་དཔྱད་ཞིབ་བཤེར། ཕྱོགས་བསྡུས་དཔྱད་ཞིབ་བཅས་བྱས་པ་བརྒྱུད། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་གི་གདམ་བྱའི་འོས་མི་1དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་གདམ་བྱའི་འོས་མི་8 རྒྱལ་ཡོངས་གསུམ་བརྒྱད་དར་དམར་གྱི་མཉམ་སྡེབ་ཀྱི་གདམ་བྱའི་མཉམ་སྡེབ་6 རྒྱལ་ཡོངས་བུད་མེད་དཔལ་ཡོན་ལས་གནས་ཀྱི་གདམ་བྱའི་མཉམ་སྡེབ་4བཅས་བདམས་ཐོན་བྱུང་བ་རེད། གལ་སྲིད་སྤྱི་བསྒྲགས་ནང་གི་གདམ་བྱའི་འོས་མི་དང་མཉམ་སྡེབ་སོགས་ལ་བསམ་འཆར་ཡོད་ཚེ་སྤྱི་བསྒྲགས་བྱེད་རིང་ཁ་པར་རྒྱག་པ་དང་ཡི་གེ་བསྐུར་བ་སོགས་ཀྱི་ཐབས་ལམ་ལས་བསམ་འཆར་བཏོན་ཆོག

སྤྱི་བསྒྲགས་བྱེད་ཡུན། 2025ལོའི་ཟླ་1ཚེས་22ནས་2025ལོའི་ཟླ་1ཚེས་27ཉིན་བར།
ས་གནས། ལྷ་ས་གྲོང་ཁྱེར་བྲག་རི་ཁུག་ལྷོ་ལམ་སྒོ་རྟགས་ཨང་4པ།
སྦྲག་ཨང་། 850000
འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6824922
གློག་རྡུལ་ཡིག་སྒམ། xzflzuxuanbu@126.com




01







རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་གི་གདམ་བྱའི་འོས་མིའི་མིང་ཐོ།(མི་1)

ཟླ་བ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན།








02







རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་གདམ་བྱའི་འོས་མིའི་མིང་ཐོ།(མི་8)

པད་མ་སྒྲོལ་མ། བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ལུས་རྩལ་པ།
དངོས་གྲུབ་དབང་མོ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་དངོས་གྲུབ་བུད་མེད་ཁྱིམ་གཞིས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མི།
མཆོག་སྐྱིད། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོའི་གྲོང་མི།
འཆི་མེད་དབང་མོ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རིམ་བཞིའི་ཉེན་རྟོག་དཔོན།
སྨི་ཀུའུ་ལི། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ཞེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི།
ནོར་སྒྲོན། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཐང་ཕུ་ཤང་སྐྱ་རོང་གྲོང་ཚོའི་རིག་གནས་སློབ་གསོ་འཕྲོད་བསྟེན་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།
སྒྲོན་སྐྱིད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སློབ་ཆུང་གི་སློབ་སྤྱི།
ཆོས་འཛོམས། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་དྲིལ་བསྒྲགས་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།








03







རྒྱལ་ཡོངས་གསུམ་བརྒྱད་དར་དམར་མཉམ་སྡེབ་ཀྱི་གདམ་བྱའི་མཉམ་སྡེབ་མིང་ཐོ།(མཉམ་སྡེབ་6)

བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་།
གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་།
ལྷོ་ཁ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཆུ་གསུམ་བདག་སྐྱོང་དུམ་བུ་ཤག་བྱང་བཟོ་ཁུལ།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་གྲོང་རྡལ་དབང་པོ་སྐྱོན་ཅན་འཚེམ་བཟོ་མཛའ་གྲོགས་མཉམ་ལས་ཁང་།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།








04







རྒྱལ་ཡོངས་བུད་མེད་དཔལ་ཡོན་ལས་གནས་ཀྱི་གདམ་བྱའི་མཉམ་སྡེབ་མིང་ཐོ།(མཉམ་སྡེབ་4) 

བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་།
ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་གཞིས་རྩེ་འགག་སྒོའི་ལེགས་རྩེ་འགག་སྒོའི་ལྟ་འདོམས་ས་ཚིགས།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་།
བོད་ལྗོངས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྐོར་གཡེང་རུ་ཆེན།










ཉིན་7བསྟུད་མར། རྫོང་རྒྱབ་ཀླུ་ཁང་དུ……

ཐད་གཏོང་ཁང་འདི་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་168བྱུང་འདུག

གེགས་ཁུལ་གྱི་སྟབས་བདེའི་ཁང་པའི་ནང་དུ་Wi-Fiཡང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章