ཡན་ཅིན་ཧའེ་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས

政务   2025-01-22 13:01   西藏  



བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས། 
  (2025)ཡིག་ཨང་3པ། 

    2025ལོའི་ཟླ་1ཚེས་22ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་གསབ་འདེམས་བྱས་པ་རེད། ད་ལྟ་མཚན་ཐོ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ། 

  ཀྲུའུ་རེན།              ཡན་ཅིན་ཧའེ། 

  ཀྲུའུ་རེན་གཞོན་པ། ཀྲང་ཧུང་པོ(རྒྱ་རིགས)

  ཨུ་ཡོན། (རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས)
  བཀྲ་ཤིས་མཚོ་མོ།
  པད་མ་ནོར་བུ།
  ལུའུ་ཐའོ(རྒྱ་རིགས)
  འཛོམས་དགའ།

  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས།
  2025ལོའི་ཟླ་1ཚེས་22ཉིན། 


བློ་མཐུན་ཡན་ཅིན་ཧའེ་ཡི་ལོ་རྒྱུས་མདོར་བསྡུས།

  ཡན་ཅིན་ཧའེ། སྐྱེས་པ། བོད་རིགས། 1962ལོའི་ཟླ་3པར་སྐྱེས། སློབ་ཆེན་གྱི་སློབ་རྒྱུས་ལྡན། རྩོམ་རིག་ཤེས་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན།


བློ་མཐུན་ཀྲང་ཧུང་པོའི་ལོ་རྒྱུས་མདོར་བསྡུས། 

    ཀྲང་ཧུང་པོ། སྐྱེས་པ། རྒྱ་རིགས། 1965ལོའི་ཟླ་3པར་སྐྱེས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཞིང་ལས་རིག་པའི་ཤེས་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡིན།

བསོད་ནམས་ཉི་མ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་འདུག

ན་ནིང་རང་སྐྱོང་ལྗོངས་ཀྱིས་ལས་དོན་འདི་དག་བསྒྲུབས་འདུག

ལྗོངས་ཡོངས་ཀྱི་མི་དམངས་ཚོའི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བསྣམས་ནས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
     ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章