དཔྱིད་གསར་རིང་གི་གནམ་གཤིས། བོད་ཀྱི་ས་ཆ་ཁ་ཤས་ལ་གངས་ཆེ་བ་ནས……

政务   2025-01-27 12:43   西藏  


  
    ཟླ་1ཚེས་26ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་འགོར་ཤར་རྒྱུད་དུ་གངས་མངོན་གསལ་དོད་པོ་འབབ་རྒྱུ་དང་། དུས་མཇུག་ཏུ་ནུབ་རྒྱུད་ལ་གངས་ཡང་སེ་འབབ་རྒྱུ། དུས་མཚམས་ཁག་གཅིག་ལ་གངས་འབབ་ཚད་ཆེ་ཙམ་ཡོད་པས་གནོད་འཚེའི་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེའི་རིང་དྲོད་ཚད་འཕར་ཆག་ཆེ་བ་དང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་པོ་སྟོན་རྒྱུ་རེད།

    ཟླ་1ཚེས་28ནས་ཚེས་31ཉིན་བར། ཉིང་ཁྲིར་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ནང་སྤོ་བོ་རྫོང་དང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་བཅས་ཀྱི་ས་བབ་མཐོ་སར་གངས་ཆེ་བ་ནས་ཧ་ཅང་ཆེ་བའི་བར་འབབ་རྒྱུ། ཆབ་མདོ་དང་། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།

    ཟླ་2ཚེས་1ནས་ཚེས་2ཉིན། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཉིང་ཁྲིའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    ཟླ་2ཚེས་3ཉིན། ལྗོངས་ཡོངས་སུ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    ཟླ་2ཚེས་4ཉིན། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
    
    དུས་ཆེན་རིང་། མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་ས་ཆ་མང་ཆེ་བ་དང་ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བརིམ་པ་7ནས་8བར་རྒྱག་རྒྱུ་དང་། ལྷ་ས་དང་། ལྷོ་ཁའི་དབུས་རྒྱུད་དང་ནུབ་རྒྱུད། ཆབ་མདོ་བཅས་སུ་ལྷགས་པ་རིམ་པ་4ནས་5བར་ཡུད་ཙམ་རྒྱག་རྒྱུ་རེད།



ལོ་88ཟིན་ལ་ཉེ་བའི་ཚེ་བརྟན་སྒྲོལ་མ་ལྷ་སའི་ཡན་ལག་ཚོགས་རར་ཕེབས་ནས……

གངས་ཧ་ཅང་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་འདུག

གེགས་ཁུལ་གྱི་སྟབས་བདེའི་ཁང་པའི་ནང་དུ་Wi-Fiཡང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཉི་མ་ཆོས་གྲུབ། 


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章