གངས་ཧ་ཅང་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་འདུག

政务   2025-01-24 18:15   西藏  


    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་1ཚེས་24ཉིན་གྱི་ཆུ་ཚོད་6པར་གངས་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་བ་གཤམ་གསལ།
    སྔོན་དཔག་བྱས་ན། ཟླ་1ཚེས་24ཉིན་གྱི་ཆུ་ཚོད་8ནས་ཟླ་1ཚེས་25ཉིན་གྱི་ཆུ་ཚོད་8པའི་བར་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀན་སུའུ་ཡི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཉིང་ཞ་དང་ཧྲའན་ཞི་ཡི་དབུས་རྒྱུད་དང་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཀན་སུའུ་ཡི་ལྷོ་རྒྱུད་དང་། ཉིང་ཞ་ཡི་ལྷོ་རྒྱུད། ཧྲའན་ཞི་ཡི་དབུས་རྒྱུད་དང་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ལ་གངས་ཧ་ཅང་ཆེན་པོ་(ཧའོ་སྨི་10ནས་18བར)འབབ་རྒྱུ་ཡིན་པ་རེད། གོང་གསལ་གྱི་ས་ཆ་ཁག་གཅིག་ལ་གངས་གསོག་ལི་སྨི་2ནས་5བར་ཐེབས་རྒྱུ་ཡིན་ཞིང་། ས་ཆ་ཆ་ཤས་ལ་ལི་སྨི་10ཡན་ཟིན་གྱི་ཡོད་པ་རེད།


   
    སྔོན་དཔག་ལྟར་ན། ཟླ་1ཚེས་24ཉིན་གྱི་ཆུ་ཚོད་8ནས་ཟླ་1ཚེས་26ཉིན་གྱི་ཆུ་ཚོད་8བར་ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་དབུས་རྒྱུད་དང་བྱང་རྒྱུད། མཚོ་སྔོན། ཀན་སུའུ། ཉིང་ཞ། ཧྲའན་ཞི། ཧྲན་ཤི་ཡི་ནུབ་རྒྱུད། སི་ཁྲོན་གྱི་བྱང་རྒྱུད་སོགས་ལ་སྔ་རྗེས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ནས་10བར་ཆག་རྒྱུ་ཡིན་ཞིང་། དེའི་ཁྲོད་ཤིན་ཅང་གི་བྱང་རྒྱུད་དང་། ཀན་སུའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཉིང་ཞ། ཧྲའན་ཞི་ཡི་ལྷོ་རྒྱུད། སི་ཁྲོན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་12ཡན་ཆག་རྒྱུ་དང་། ཤིན་ཅང་གི་བྱང་རྒྱུད་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ནང་སོག་གི་ནུབ་རྒྱུད་དང་དབུས་རྒྱུད་སོགས་ལ་ལྷགས་པ་རིམ་པ་5ནས་7བར་རྒྱག་རྒྱུ་དང་། ལྷགས་པ་རིམ་པ་7ནས་9བར་ཡུད་ཙམ་རྒྱག་རྒྱུ། བོད་ལྗོངས་དང་། མཚོ་སྔོན་གྱི་དབུས་རྒྱུད་དང་ལྷོ་རྒྱུད་། སི་ཁྲོན་གྱི་ནུབ་རྒྱུད་མཐོ་སྒང་སོགས་ལ་ལྷགས་པ་རིམ་པ་5ནས་7བར་རྒྱག་རྒྱུ་དང་ལྷགས་པ་རིམ་པ་8ནས་10བར་ཡུད་ཙམ་རྒྱག་རྒྱུ་ཡིན་པ་རེད།


ཉིན་7བསྟུད་མར། རྫོང་རྒྱབ་ཀླུ་ཁང་དུ……

ཐད་གཏོང་ཁང་འདི་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་168བྱུང་འདུག

གེགས་ཁུལ་གྱི་སྟབས་བདེའི་ཁང་པའི་ནང་དུ་Wi-Fiཡང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་ཆོས་གྲུབ།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章