ཡོམ་འགོག་སྒྱུར་བཀོད་ལས་དོན་གྱིས་དམངས་སེམས་དྲོད་ཀྱིས་ཁེངས།

时事   2024-11-22 21:32   青海  

 

ཡོམ་འགོག་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད་མང་ཚོགས་ཀྱི་སྡོད་ཁང་ལེགས་བསྒྱུར་བྱས་ཏེ་སྔོན་ཆད་སེམས་ཁྲལ་ངང་སྡོད་པའི་རྣམ་པ་ནས་ད་ལྟའི་བདེ་སྐྱིད་ཀྱི་རྣམ་པར་བསྒྱུར་ཡོད།  

ང་ཚོ་ཡོམ་འགོག་སྒྱུར་བཀོད་ཁྱིམ་ཚང་སྤོས་ཁོ་ཚང་ལ་ཐོན་པ་ན།  སོ་ཕག་ལས་གྲུབ་པའི་ཁང་པ་གསར་བ་ཞིག་མཐོང་བྱུང་། དེ་ལ་འགྲུལ་ཁང་དང་ཉལ་ཁང་། ཟ་མ་སྐོལ་ས་སོགས་སོ་སོར་བཀར་ཡོད་ཅིང་།ནང་གི་བཀོད་པ་ལེགས་ཤིང་ཁྱིམ་ཆས་ཁ་ཚང་ཡིན་པར་མ་ཟད།གང་འཚམ་གྱིས་བརྒྱན་སྤྲས་ཤིག་ཀྱང་བྱས་ཡོད་པས་དྲོད་སྐྱིད་ཀྱི་ཚོར་སྣང་ཞིག་ངང་གིས་སྦྱིན་ཡོང་།  

ཀོས་ནན་རྫོང་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བའི་སྡེ་མི་སྤོས་ཁོས་བཤད་རྒྱུར། སྔོན་ཆད་ཀྱི་ཁང་བ་རྙིང་བས་ཐིགས་ཆུ་བཞུར་བར་མ་ཟད། གྱང་ལ་སེར་ཁ་གས་ནས་ཡོད་ནའང་ཁྱིམ་གྱི་ཆ་རྐྱེན་ཞན་པས་བསྐྱར་ལས་བྱེད་མ་ཐུབ། ད་ལྟ་སྲིད་གཞུང་གི་ཡོམ་འགོག་སྒྱུར་བཀོད་ལས་གཞིས་ང་ཚོ་ཁང་བ་གསར་བར་སྡོད་པའི་སྐལ་བ་གནང་བས་ངོ་མ་ཅིག་བཟང་ཟེར།

 ཡོམ་འགོག་སྒྱུར་བཀོད་བྱས་པ་དེས་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མ་ཟད།    སྡེ་མི་ཚོའི་ནང་སེམས་ལ་སྒུལ་ཤུགས་གསར་བ་བསྣན་ནས་ཁོ་ཚོའི་འཚོ་བར་བཅིངས་བའི་ཡིད་ཆེས་པ་སྤོབས་སེམས་སྔར་ལས་ཇེ་ཆེར་སོང་ཡོད།  

ཀོས་ནན་རྫོང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་ཀྲུའུ་ཡན་གྱིས་བཤད་རྒྱུར། གྲོང་ཚོའི་ཡོམ་འགོག་སྒྱུར་བཀོད་ལས་དོན་གྱི་གཙོ་ཤུགས་དམག་ཡིན་པའི་ངོས་ནས།   རྫོང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ལྟེ་བའི་བླང་བྱར་དམ་པོར་དམིགས་ནས་གྲོང་ཚོ་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནས་ཚུལ་ལ་མགྱོགས་མྱུར་མཐིལ་རྟོགས་གྲལ་བཤེར་བྱེད་པ་དང་། གྲོང་གསེབ་ཀྱི་སྡོད་ཁང་སྐྲུན་པའི་བདེ་འཇགས་གནས་ཚུལ་ལ་ཞིབ་དཔྱད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ།    གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་སོགས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་རིགས་དྲུག་ལ་དམིགས་པ།    གྲོང་ཚོ་དང་ཁྱིམ་ཚང་རེ་རེ་བཞིན་དུ་ཡོམ་འགོག་སྒྱུར་བཀོད་ཀྱི་རྩིས་ཐོ་བཟོས་ནས་ཁྱིམ་ཚང་རེ་རེར་ཤེས་རྟོགས་ཐུབ་པ་དང་གསལ་འབྱེད་དང་སྒྱུར་བཀོད་ཐུབ་པ་བྱས་ཏེ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་དང་སྒྱུར་བཀོད་བྱེད་དགོས་རིགས་ཚང་མ་སྒྱུར་བཀོད་ཐུབ་པར་བྱས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་བསྡད་ན་བདེ་འཇགས་ཡིན་པར་བྱས་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་གྲོང་གསེབ་ཡོམ་འགོག་སྒྱུར་བཀོད་ཁྱིམ་ཚང122ཀྱི་འཆར་གཞི་ཡོད་པའི་ནང་ཁྱིམ་ཚང122དངོས་སུ་ལས་མཇུག་སྒྲིལ་ནས་ཡོམ་འགོག་སྒྱུར་བཀོད་ལས་དོན་གྱི་ཕུལ་བྱུང་རྒྱུགས་ལན་ཞིག་སྤྲད་ཡོད་ཟེར།  

ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་སྡེ་མི་སྔར་ལས་མང་བས་དམངས་འཚོའི་འདུ་འགོད་ཀྱི་ཕན་བདེ་འདི་འདྲ་མྱོང་ཐུབ་པར་གྱུར་ཏེ།ཀོས་ནན་རྫོང་གི་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པར་གདོན་མི་ཟ།          
               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章