ཞུའེ་ཧྲུན་ཡུན་གྱིས་ཐར་ཤུལ་དང་སུམ་མདོ་གྲོང་རྡལ་དུ་བརྟག་ཞིབ་བྱས།

时事   2024-11-22 21:32   青海  

 

ཟླ11ཚེས་19ཉིན་ནས་ཟླ་11ཚེས་20ཉིན་བར་རྫོང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་ཐར་ཤུལ་ཞང་དང་སུམ་མདོ་གྲོང་རྡལ་དུ་སོང་ནས་གྲོང་གསེབ་དར་རྒྱས་དང་། ནགས་རྩྭའི་ལམ་ལུགས། གཙང་པོ་དང་མཚེའུ་དཔོན་ལམ་ལུགས།    མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ལུགས།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་མིག་སྔའི་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་། 

ཐར་ཤུལ་ཞང་མི་དམངས་སྲིད་གཞུང་དང་སུམ་མདོ་གྲོང་རྡལ་བྱེ་སྣ་རུ་ཡུལ་དངོས་སྤེལ་རེས་དང་སྙན་ཞུར་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཚུལ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།ཁོས་རེ་བར།གནད་འཕིགས་ངང་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་པ་དང་ནུས་ཤུགས་སྔར་ལས་ཆེ་བ་བཏོན་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དུ་གཏོད་དགོས་པའི་བླང་བྱ་བཏོན།

ཐར་ཤུལ་ཞང་བསྟར་ལུང་སྡེ་བ་དང་ཙག་ལྦ་སྡེ་བ། སུམ་མདོ་གྲོང་རྡལ་གོང་བ་སྡེ་བ། ཀླུ་ཞོལ་མ་སྡེ་བར་ཞུའེ་ཧྲུན་ཡུན་གྱིས་དབུལ་སྒྲོལ་ཁྱིམ་ཚང་དུ་འཚམས་འདྲི་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་དུ་བསྐྱོད་དེ་སྙན་ཞུར་ཉན་པ་དང་དག་ཐེར་གྱི་རྩིས་ཐོ་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་གྲོང་གསེབ་དར་རྒྱས་དང་། ཞིང་ཆེན་ཨུའི་ལྟ་སྐུལ་རོགས་རམ། ཚུར་ལན་གནད་དོན་ལེགས་སྒྲིག  སློབ་ཆེན་སློབ་མས་གྲོང་ཚོར་ལས་གནས་འཁུར་བསོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།    ཁོས་རེ་བར། རྒྱུན་རྣམ་ཅན་གྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་ཁྱིམ་ཚང་དང་མིར་དོན་འཁྱོལ་ཐུབ་པ་དང་རོགས་སྐྱོར་བྱ་ཐབས་ལོངས་སྤྱོད་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་འཚོ་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་བ་དང་།    ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བ། རིན་ཐང་གི་འབྲེལ་ཐག་མཐོ་རུ་གཏོང་བ་བཅས་བྱས་ནས་རོང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཡག་པོ་བྱེད་དགོས། ཡོང་འབབ་མ་ཆག་པའི་ཁྱིམ་ཚང་ལ་དམིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་རོགས་སྐྱོར་བྱེད་ཐབས་བཟོ་བ་དང་།    དབུལ་ཕོངས་སུ་འགྱུར་བའི་ཉེན་ཁ་དུས་ཐོག་ཏུ་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་དགོས།  ཞིང་ཆེན་ཏང་ཨུའི་ལྡོག་འདྲེན་གནད་དོན་དག་ཐེར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་དབྱེ་ཞིབ་དང་། དག་བཅོསབཅས་བྱས་ཏེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལྡོག་འདྲེན་གནད་དོན་གྱི་དག་ཐེར་ལས་དོན་ལེགས་སྒྲུབ་བྱེད་དགོས། ང་གྲོང་ཁག་དང་གྲོང་ཚོསྡེ་ཁུལཁག་གིས་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བཅས་བྱ་དགོས་པ་བསྟན 

ཆུ་བཟང་ལུང་པ་དང་བོད་ལུག་ནག་པོ་གསོ་སྤེལ་ལྟེ་གནས།བྱེ་སྣའི་སྐྱེ་ཁམས་སྲུང་སྐྱོང་སློབ་གསོའི་རྟེན་གཞི་བཅས་སུ་གཙང་པོ་དང་མཚེའུའི་བདེ་འཇགས་དང་།གཙང་པོ་དང་མཚེའུའི་ཁྲིམས་འགལ་བཅོས་སྒྲིག་གི་གནས་ཚུལ།བོད་ལུག་ནག་པོ་རྒྱུད་སྤེལ་དང་རྒྱ་བསྐྱེད་ཀྱི་གནས་ཚུལ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ལས་དོན་སྤེལ་ཚུལ་བཅས་ལ་ཤེས་རྟོགས་ཞིབ་ཕྲ་བྱས།    

        

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章