ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

时事   2024-11-25 21:01   青海  




ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྲིད་གཞུང་དང་ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཆུ་གྲོན་ཆུང་བྱེད་པའི་རིག་ནུས་ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཆུའི་ཐོན་ཁུངས་དོ་དམ་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ། 


ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་།ཐོན་སྐྱེད་ཀྱི་གཙོ་གནད།སྐྱེ་ཁམས་ཀྱི་རྨང་གཞི་བཅས་ཡིན།ཉེ་བའི་ལོ་ཤས་རིང་།རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཆུ་མཁོ་འདོན་དང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་མོད།འོན་ཀྱང་ཆུ་བེད་ལས་གྲྭའི་འཁོར་སྐྱོད་དོ་དམ་ཁྲོད་ཆུའི་ཐོན་ཁུངས་འཕྲོ་བརླག་ཚབས་ཆེ་བས་ས་ཁུལ་ཁག་ཅིག་གི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།དེ་བས་ཆུ་གྲོན་ཆུང་བྱེད་པའི་རིག་ནུས་ཆུ་དཔྱད་སྒྲིག་ཆས་ལས་དོན་ཁྱབ་གདལ་གཏོང་བའི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།     

གཅིག  སྒྲིག་སྦྱོར་ཁྱབ་ཁོངས།    

མགོ་མང་གྲོང་རྡལ་གྱི་ཁྲོམ་གཞུང་གི་ཚོང་ཁང་དང་།གཞིས་ཁུལ།དེ་བཞིན་ཉེ་འཁོར་གྱི་ཁྱིམ་ཚང་།སྡེ་གསར་ཁག་ལ་ཆུ་གྲོན་ཆུང་བྱེད་པའི་རིག་ནུས་ཆུ་དཔྱད་སྒྲིག་ཆས་གཅིག་གྱུར་གྱིས་སྒྲིག་སྦྱོར་བྱེད་དགོས་པ་དང་།ཁེ་ལས་བྱ་གཞག་ཚན་པ་དང་ལས་ཁུངས་གཞན་དག་ལ་ཆུ་རིན་བསྡུ་དགོས། 

གཉིས། ཆུ་རིན་དང་བཙོག་ཆུ་གཙང་སེལ་གྲོན་དངུལ་བསྡུ་བའི་ཚད་གཞི།

1.མ་རྩ་ཁ་གསབ་དང་།ལུགས་མཐུན་ཁེ་འབབ།ཆུ་སྤྱོད་གྲོན་ཆུང་།འགན་འཁྲི་དྲང་གཞག་གི་རྩ་དོན་ལྟར།2025ལོའི་ཟླ1ཚེས1ཉིན་ནས་བཟུང《རྫོང་མཁར་གྱི་ཆུ་མཁོ་འདོན་རིན་གོང་ཞིབ་བཤེར་གཏན་འབེབས་སྐོར་གྱི་ཀོས་ནན་རྫོང་འཕེལ་རྒྱས་འཆར་ལྡན་དཔལ་འབྱོར་ཚོང་དོན་ཅུའུ་ཡི་མཆན་བཀོད》《ཀོས་ནན་རྫོང་ཞིང་སྡེ་ཆུ་མཁོ་འདོན་གྱི་རིན་གོང་དོ་དམ་བྱེད་ཐབས་སྐོར་གྱི་ཀོས་ནན་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གི་བརྡ་ཁྱབ》《ཀོས་ནན་རྫོང་གི་བཙོག་ཆུ་གཙང་བཅོས་གྲོན་དངུལ་བསྡུ་ལེན་ཚད་གཞིའི་སྐོར་གྱི་ཀོས་ནན་རྫོང་འཕེལ་བསྒྱུར་ཅུའུ་ཡི་བརྡ་ཁྱབ》《ཀོས་ནན་རྫོང་གི་ཞིང་ལས་ཆུ་རིན་བཅད་གྲངས་ལས་བརྒལ་བའི་རིམ་བརྩེགས་གོང་སྤར་ལག་བསྟར་བྱེད་ཐབས་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་ཀོས་ནན་རྫོང་མི་དམངས་སྲིད་གཞུང་གི་བརྡ་ཁྱབ》བཅས་ཀྱི་ཡིག་ཆ་ལྟར་ལག་བསྟར་བྱ་རྒྱུ།  

2.མཁར་གྲོང་གི་སྤྱོད་ཆུ་ལ་རིགས་དབྱེ་ནས་ཆུ་རིན་བསྡུ་དགོས།     

(1)སྡོད་དམངས་ཀྱི་འཚོ་བའི་སྤྱོད་ཆུ་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར1.5ཡིན།སྡོད་དམངས་ཀྱི་འཚོ་བའི་སྤྱོད་ཆུ་ནི་སྡོད་དམངས་ཀྱི་ཁྱིམ་དུ་སྤྱོད་པའི་ཆུ་ཡིན།     

(2)སྲིད་འཛིན་ལས་དོན་གྱི་སྤྱོད་ཆུ་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར2ཡིན།སྲིད་འཛིན་ལས་དོན་གྱི་སྤྱོད་ཆུ་ནི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་བྱ་ལས་སྡེ་ཚན།སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས།སྤྱི་ཚོགས་ཚོགས་པ་བཅས་ཀྱི་སྤྱོད་ཆུའི་རིགས།     

(3)ཚོང་ལས་ཀྱི་སྤྱོད་ཆུ་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར3ཡིན།ཚོང་ལས་ཀྱི་སྤྱོད་ཆུ་ནི་ཚོང་ཟོག་ཐོན་སྐྱེད་ཀྱི་བཟོ་གཏེར་ཁེ་ལས་དང་།མགྲོན་ཁང་།བཟའ་བཏུང་ཞབས་ཞུ།ཚོང་རྫས་ཕྱིར་འཚོང་བྱེད་གནས་བཅས་ཀྱིས་སྤྱོད་པའི་ཆུ།     

(4)རྩ་བའི་འཛུགས་སྐྲུན་སྤྱོད་ཆུ་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར3ཡིན།གཞི་རྩའི་འཛུགས་སྐྲུན་གྱི་སྤྱོད་ཆུ་ནི་གཞི་རྩའི་འཛུགས་སྐྲུན་སྣ་ཚོགས་དང་ཨར་ལས་སྒྲིག་སྦྱོར་ལ་སྤྱོད་པའི་ཆུ།    

(5)དམིགས་བསལ་ལས་རིགས་སྤྱོད་ཆུ་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར4ཡིན།དམིགས་བསལ་ལས་རིགས་ཀྱི་སྤྱོད་ཆུ་ནི་ཆུ་རྒྱུ་ཆ་གཙོ་བོ་ཡིན་པའི་བཟོ་སྐྲུན་ལས་རིགས་དང་།དམིགས་བསལ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱོད་ཆུ་ལ་ཟེར།(དེའི་ཁོངས་སུ་ལྷད་མེད་ཆུ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་སྤྱོད་ཆུ་དང་།གླུ་གར་ཁང་།ལུས་འཁྲུད་སོགས་རོལ་རྩེད་ཁང་དང་ཞབས་ཞུའི་ལས་རིགས་ཀྱི་སྤྱོད་ཆུ།)

(6)ཞིང་གྲོང་གི་འཚོ་བའི་སྤྱོད་ཆུའི་རིན་གོང་ལ་སྨི་གྲུ་བཞི་ལྷམ་པ་རེར་སྒོར1.1ཡིན།     

(7)སྡོད་དམངས་ཀྱི་འཚོ་བའི་སྤྱོད་ཆུའི་བཙོག་ཆུ་ཐག་གཅོད་ཀྱི་བསྡུ་ལེན་ཚད་གཞི་ནི་སྨི་གྲུ་བཞི་ལྷམ་པ་རེར་སྒོར0.1ཡིན་པ་དང་།སྲིད་འཛིན་ལས་དོན་གྱི་སྤྱོད་ཆུ་དང་ཚོང་ལས་ཀྱི་སྤྱོད་ཆུ།དམིགས་བསལ་ལས་རིགས་ཀྱི་སྤྱོད་ཆུའི་བཙོག་ཆུ་ཐག་གཅོད་ཀྱི་གྲོན་དངུལ་བསྡུ་བའི་ཚད་གཞི་ནི་སྨི་གྲུ་བཞི་ལྷམ་པ་རེར་སྒོར0.2ཡིན།མགོ་མང་གྲོང་རྡལ་ཉེ་འཁོར་གྱི་ཁྱིམ་ཚང་དང་ཞིང་སྡེ་ལ་བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་མི་བསྡུ།      

གསུམ། སྒྲིག་སྦྱོར་བྱེད་སྟངས་དང་དུས་ཚོད་བཀོད་སྒྲིག

རིག་ནུས་ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་རུ་ཁག་བཙུགས་ཏེ2024ལོའི་ཟླ11པའི་ཟླ་སྨད་ནས་བཟུང་དུས་མཚམས་དང་ས་ཁུལ་དབྱེ་ནས་སྒྲིག་སྦྱོར་ལས་དོན་སྤེལ་རྒྱུ།   

བཞི། ལས་རིམ་གཞན་དག    

1.ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་བརྒྱུད་རིམ་ནང་གྲོན་དངུལ་བསྡུ་བ་ལུགས་དང་མི་མཐུན་པ་དང་དོ་དམ་རྗེས་ལུས་ཡིན་པའི་གནས་ཚུལ་ཐག་གཅོད་བྱ་ཆེད།ཞང་གྲོང་གི་ཆུ་སྤྱོད་ཁྱིམ་ཚང་གིས་ངེས་པར་དུ་གཞོགས་འདེགས་བྱས་ཏེ།བླང་བྱ་དང་མཐུན་པའི་ཆུ་དཔྱད་སྒྲིག་ཆས་བཀོད་དགོས།     

2.གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་རིག་ནུས་ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ལས་དོན་གྱིས་ཐོན་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པར་ངོས་འཛིན་གང་ལེགས་བྱས་ཏེ་རང་འགུལ་ངང་ཐེ་ཞུགས་དང་།ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བཅས་བྱས་ཏེ།ལུགས་མཐུན་མིན་པའི་རྒྱུ་རྐྱེན་གྱིས་རྒྱུན་ལྡན་གྱི་ཨར་ལས་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་མི་ཆོག་པར་ཆུ་དཔྱད་སྒྲིག་ཆས་དུས་ཐོག་ཏུ་སྒྲིག་སྦྱོར་ཐུབ་རྒྱུར་འགན་ལེན་བྱེད་དགོས།     

3.གྲོང་རྡལ་ཡོངས་ཀྱི་རིག་ནུས་ཆུ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུའི་ལས་དོན་དེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡིས་ལག་བསྟར་བྱེད་པའི་འགན་འཁུར་དགོས།


ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྲིད་གཞུང་།

ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ།

2024ལོའི་ཟླ11པའི་ཚེས22ཉིན།


རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章