ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུའི་གྲོས་ཚོཊ་སྟེང་གསུང་བཤད་གནང་།

文摘   2025-01-07 11:58   青海  

ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ1ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ1ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་དུས་རབས་གསར་པ་ནས་བཟུང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་ཤུགས་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱེད་ཤུགས་སྔ་ན་མེད་པར་ཆེ་བ་དང་ཕན་འབྲས་ཀྱང་མངོན་གསལ་བླངས་ཡོད། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་རྒྱུན་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་མཚམས་མི་འཇོག་པ་དང་ཅུང་ཙམ་ཡང་གུ་ཡངས་སུ་མི་གཏོང་བར། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་མཁྲེགས་གཏོར་གྱི་དམག་འཐབ་དང་། ཡུན་རིང་གི་དམག་འཐབ། སྤྱིའི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་དགོས་པ་ནན་གྱིས་བསྟན།

ཟླ1ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

  ཟླ1ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་གྲོས་ཚོགས་སུ་ཞུགས།

       ཞི་ཅིན་ཕིང་གིས་བསྟན་དོན། 2024ལོར། ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་དང་ཕན་འབྲས་གསར་པ་བླངས་ཡོད།རང་ངོས་གསར་བརྗེ་བྱེད་པའི་གནད་དོན་གལ་ཆེན་འདིའི་ཐད་ཏང་ཡོངས་སུ་ངོས་འཛིན་སྔར་ལས་གསལ་པོ་དང་བྱ་སྤྱོད་སྔར་ལས་བརྟན་པོ་བྱུང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱི་སྒྲིག་ལམ་དང་སྒྲིག་ཁྲིམས་བརྩི་སྲུང་གི་འདུ་ཤེས་མངོན་གསལ་སྒོས་ཆེ་རུ་ཕྱིན་ལ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་རུལ་སུངས་འབྱུང་ས་དང་ཆ་རྐྱེན་མེད་པར་བཟོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་ཟབ་མོ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་འབུར་ཐོན་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་པདང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མགོ་ཁྲིད་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་ཆེ་རུ་བཏང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ནི་ང་ཚོའི་ཏང་འདི་ཉིད་འཕྲད་པའི་འཇིགས་སྣང་ཆེས་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་མཐར་ཐུག་གི་རང་ངོས་གསར་བརྗེ་ཞིག་རེད། དུས་རབས་གསར་པར་སླེབས་རྗེས། ཏང་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འབུར་ཐོན་གནད་དོན་གྱི་མདུན་དུ། ང་ཚོས་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་གཙང་མ་ཡོང་བར་བྱས་ཏེ། ཏང་གི་སྣང་བརྙན་ལ་སྲུང་སྐྱོབ་བྱས་པ་དང་དམར་པོའི་སྲིད་དབང་སྲ་བརྟན་དུ་བཏང་བས། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་མཉམ་དུ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ། རུལ་སུངས་ཀྱི་གསོག་ཚད་ད་དུང་གཙང་སེལ་བྱས་མེད་ལ། འཕར་ཚད་ད་དུང་མུ་མཐུད་གནས་ཡོད་པས། རུལ་སུངས་སྐྱེ་འཕེལ་གྱི་འབྱུང་རྩ་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངོས་འཛིན་བྱེད་སྐབས། ངེས་པར་དུ་ལོ་རྒྱུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་མཐོ་ཚད་ཡོད་པར་བྱས་ཏེ། ཏང་གི་ལས་འགན་དང་འགན་འཁྲི་མངོན་འགྱུར་བྱེད་པར་དམིགས་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངེས་པར་དུ་བློ་བརྟན་འགྱུར་མེད་བྱེད་དགོས་ཤིང་། ཐེ་ཚོམ་སྐྱེས་ནས་གཡོ་འགུལ་བྱེད་པ་དང་། ལྷོད་གཡེང་དུ་བཏང་ནས་སེམས་ཀྱིས་མི་བཟོད་པ། ལས་མཐའ་མ་འཁྱོལ་བར་མཚམས་འཇོག་པ་བཅས་གང་ཞིག་ཡིན་རུང་ཚང་མས་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་བཟོ་སྲིད། ནོར་འཁྲུལ་གྱི་ལྟ་བ་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ་དང་སེམས་ཀྱི་སྨུག་པ་མཐའ་གཅིག་ཏུ་དྭངས་པར་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ངེས་པར་དུ་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་ཕན་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་དང་དངོས་འབེབ་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་ཁག་ཐེག་བྱས་ནས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་གཏོང་དགོས། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཁ་བཤད་དོན་ལ་གནས་དགོས། བསམ་བློའི་ཐད་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་རང་ས་ཁུལ་དང་རང་སྡེ་ཁག རང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཐད་ཀྱི་དམིགས་འབེན་ངེས་གནས་དང་བཀོད་སྒྲིག་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཅིག་མཐུན་ཡོང་བར་ཁག་ཐེག་བྱ་དགོས། ཆབ་སྲིད་ཐད་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་དུ་བཏང་སྟེ།“ཡོད་པ་བདུན”གཏན་ནས་ཡོད་མི་ཆོག་པར་བྱས་ཏེ། གཏམ་སྦྱོར་གཅིག་མཐུན་དང་གང་གསུང་དེ་སྒྲུབ་ལ་ཁག་ཐེག་བྱ་དགོས། བྱ་སྤྱོད་ཐད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཚུལ་དེ་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་མཁྲེགས་གཏོར་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་རྒྱུན་ལྡན་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ཏང་ཡོན་དང་ལས་བྱེད་པས་གཞན་གཅུན་དེ་རང་གཅུན་དུ་བསྒྱུར་བ་དང་། ཉིན་རྒྱུན་དུ་ཚོར་མེད་ངང་སྤྱོད་པའི་གཏམ་སྦྱོར་གྱི་ཚད་གཞིར་བསྒྱུར་རྒྱུར་ཁྲིད་སྟོན་བྱ་དགོས།     རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་བཙུགས་ནས། སྒྲིག་ཁྲིམས་སློབ་གསོ་དེ་ལས་བྱེད་པ་འཚར་ལོངས་ཀྱི་འཁོར་ཡུན་ཧྲིལ་པོར་ཁྱབ་པར་བྱེད་པ་དང་རྩ་འཛུགས་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཡོང་བར་བྱ་དགོས། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ།“རྣམ་པ་བཞི”ཡང་དག་པའི་སྒོ་ནས་བེད་སྤྱོད་བྱེད་པ་དང་། དངོས་ཐོག་བདེན་འཚོལ་བྱེད་པ་དང་། བཟང་བོར་ཉེས་འགེལ་དང་ངན་པ་ལང་ཤོར་མི་གཏོང་བ། སྔ་འཛིན་ཆུང་འཛིན། སྐྱོན་ཆུང་དུས་ནས་སེལ་བ་བཅས་བྱས་ཤིང་། དོ་དམ་ལྟ་སྐུལ་ནན་མོ་དང་འགན་འཁུར་རྒྱུར་སྐུལ་ལྕག་བྱེད་པ་གཉིས་གཅིག་གྱུར་བྱས་ནས། ལས་བྱེད་པར་སྒྲིག་ལམ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཁྲོད་བཅོས་སྒྱུར་གསར་གཏོད་དང་། ལས་སྒྲུབ་ལས་སྐྲུན་བྱེད་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་ངན་དང་རུལ་སུངས་ལ་མཉམ་བཤེར་མཉམ་སྐྱོང་ཟབ་མོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ལམ་སྲོལ་དམ་པོ་ཞིག་ཏུ་བརྩིས་ནས། ཉེན་ཁར་མ་འཛེམས་པར་སྒྲིག་འགལ་བྱེད་པ་དང་མངོན་མེད་གཞན་འགྱུར་གྱི“སྤྱོད་ངན་བཞིའི”གནད་དོན་ཐག་གཅོད་ནན་མོ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་བཏང་སྟེ། དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ། ལས་དོན་ལྟ་བ་ཡང་དག་འཛུགས་དགོས།  ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། དམིགས་ཡུལ་གཙོ་བོ་བཅས་གཙོ་བོར་དམ་འཛིན་བྱེད་པ་དང་ཤུགས་ཆེན་པོས་ཞིབ་བཤེར་བྱེད་པ་དང་། ལྐོག་རྔན་སྟེར་ལེན་ལ་མཉམ་བཤེར་ཟབ་མོ་བྱས་ནས། མ་ལག་རང་བཞིན་གྱི་རུལ་སུངས་ཉེན་ཁའི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་དགོས། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་ཤུགས་སྣོན་པ་དང་། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།    རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་འགོག་བཅོས་ཀྱི་བྱེད་ཐབས་ནུས་ལྡན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱ་དགོས། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།“མཉམ་བཤེར”བྱེད་པར་བརྟེན་ནས་ཚུལ་མིན་སྤྱོད་ངན་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་གཅོད་ནན་མོ་བྱེད་པ་དང་།“མཉམ་བཅོས”ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ཏང་ཨུ་ཡིས་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆེད་འགན་ལྟ་སྐུལ་གྱི་འགན་ལེགས་པར་བསྒྲུབ་དགོས་པ་དང་། འགན་འཁྲི་གཙོ་བོར་དམིགས་ཏེ་ལས་སྒོ་གཙོ་བོ་ལེགས་པར་བསྒྲུབ་དགོས། འགན་འཁྲི་གཙོ་བོ་ཁུར་བའི་མི་ཚང་མས་འགན་འཁྲི་ཤེས་པ་དང་འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་རྐྱེན་སྲོལ་ཇེ་ལེགས་སུ་བཏང་ནས། འགན་འཁྲི་ཤོར་བར་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་འགན་འཁྲི་རྩད་གཅོད་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཞི་རིམ་དུ་བསྲིང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་ཏང་ཨུས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་རྣམ་ཅན་དུ་དམ་འཛིན་བྱས་ཏེ་མང་ཚོགས་རྣམས་ཀྱིས་ཚོར་ཐུབ་པར་བྱེད་དགོས། གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དེ་གཞི་རིམ་གྱི་སྐོར་ཞིབ་ལ་ཟུང་འབྲེལ་བྱེད་པ་དང་ཕྱོགས་སོ་སོའི་ལྟ་སྐུལ་དང་མཉམ་དུ་གཅིག་གྱུར་འཆར་འགོད་བྱེད་དགོས། ཕྱི་ཚུལ་རིང་ལུགས་ཡོ་བསྲང་བྱས་ཏེགཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་དོན་འཁྱོལ་བྱས་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པར་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་ཚོད་སྔར་ལས་མང་བོ་ཡོད་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཏང་དང་མི་དམངས་ཀྱིས་དཔུང་ཁག་འདིར་ཡིད་ཆེས་གང་ལེགས་དང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། དབང་ཆ་སྟེར་བ་དང་དབང་ཆར་ཚོད་འཛིན་བྱེད་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་བསྒྱུར་བར་ཧུར་ཐག་གིས་་ཤུགས་བསྣན་ནས། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་སྟེ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་རྒྱུན་འཁྱོངས་དང་། དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་ཤུགས་ཆེ་རུ་བཏང་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་དང་འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་མི་སྣ་ལེགས་པར་སྐྱོང་དགོས།

ལིས་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། ལོ་རྒྱུས་ཀྱི་མིག་རྒྱང་རིང་པོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཟབ་མོར་ཆུད་པར་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་། ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། གསུང་བཤད་ཀྱི་གཟིགས་རྒྱང་རིང་བ་དང་དགོངས་པ་ཟབ་ཅིང་། གནད་དོན་ལ་ཐད་ཀར་གདོང་གཏད་པ་དང་ཀུན་གྱི་བློ་མུན་སེལ་བར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།    “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་སྟེ། ཡིད་ཆེས་ཆེར་སྐྱེད་དང་འཐབ་རྩོད་བྱེད་ཕོད་པའི་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཏུ་སྤེལ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན།    རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གྲོས་ཚོགས་སུ་ཞུགས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་། ཐད་གཏོགས་གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། དེ་མིན་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

ཟླ1ཚེས6ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས《ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

   ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ1ཚེས6ཉིན་པེ་ཅིང་དུ་འཚོགས་མགོ་བརྩམས།    ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།     ཚེས6ཉིན་གྱི་ཕྱི་དྲོར་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

              རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章