宽阔平台 2023-02-04 09:45 发表于青海
འཚོལ་མིག་གི་རང་མོས་སྙན་ངག་གཅེས་བཏུས།
ཆགས་པའི་མཐའ།
ཁྲག་དྲི་འཐུལ་ཡང་བྲང་གཞུང་དུ་བཏབ་པའི་ཁྱེད་
སྨྱུག་རྩེ་ནས་བཞུར་བའི་ངའི་ཟུངས་ཁྲག་དྲོན་མོ
ཤོག་དཀར་སྲབ་བུ་དེའི་སྟེང་དུ་ཡང་ཡང་འཛད་དུས
ཁ་བ་འབབ སྡོང་ལོ་འགུལ ལོ་མ་འཐོར ང་སྔར་བཞིན་ཁྱེད་ལ་ཆགས
༨-༡༠-༢༠༢༡ལ
སྲས་མོ། joy and happiness
ཉམས་ཆུང་བའི joy and happiness ལགས
ཟླ་དྲུག་དང་ཉིན་བདུན་གྱི་རིང
ཁྱེད་རང་སེམས་གཏིང་དུ་བཞད
གདོང་ལ་འཁོར་བའི་སྡུག་སྒྲུབ་ཀྱི་ཕྱེད་ཀ་བོར
དྲན་གདུང་གི་གཟེབ་དུ་འཛུལ་ནས
མེ་ལོང་ལས་རང་ཉིད་ངོ་མ་བོར་གྲབ་བྱས
སྤྲོ་ཉམས་ཀྱི་ཁེངས་བའི joy and happiness ལགས
ངའི་ཁྱེད་ལ་བྲིས་པའི་འཁོར་བ་དེ་ན
ཧ་ཅང་གློ་བ་ཉེ་བའི་ནང་མི་ཞིག་བྲིས་ཡོད
ལོ་ཟླ་མང་པོ་ཞིག་ལ་མིག་ལམ་ནས་བོར་བའི་ནང་མི་ཞིག
ཁྲག་དང་ཚོར་བ་ཡིས་གཟེབ་དུ་བཅུག་ཡོད
སེམས་ཆུང་གི joy and happiness ལགས
དབྱངས་ལྕེབ་འདུག
གསལ་བྱེད་ཀྱི་རང་སྲོག་གཅོད་ཀྱིན་འདུག
འོན་ཀྱང་འུ་གཉིས་སྒུག་གིན་པའི་མི་དེ་ད་དུང་མ་ཐོན
ཤིང་གདུང་གི་ལོ་མ་དག་ཀྱང་རླུང་བུ་དང་འདྲེས་ཏེ་ས་རུ་བསྟུམ
ཅི་འདྲའི་སྒུག་ཡིན་རིང་མོ་ཞིག
༦-༡༠-༢༠༢༡ལ
ཆང་དང་དུ་བ།
འཚོལ་མིག
ནམ་ཡང་ང་དང་འགྲོག་པས་
ཆང་དང་དུ་བ་
དེ་རིང་ང་ཡང་བསྐྱར་ཁྱེད་དང་འགྲོག་དེ་
ཅི་ཞིག་བསམ་བློ་གཏོང་གིན་ཡོད་
གང་ཞིག་སེམས་ནས་དྲན་གྱིན་
འཚོ་བ་ལ་རོལ་མྱོང་བྱེད་ཀྱིན་ཡོད་
དུ་སྣེ་རྐང་གཅིག་འཐེན་ཟིན
ཆང་ཕོར་གཅིག་ཡང་བཏེགས་ཟིན
འོན་ཀྱང་
ཁོ་མོ་ད་དུང་མ་ཐོན
འབྲོག་སྐྱ་བོས “སེ་ལེན”དྲན་གྱིན་འདུག
བདེན་ན་
ངསའང་“སྨྱོན་མ” དྲན་གྱིན་འདུག
འོན་ཀྱང་ངའི་སྤང་ཟིན
དེ་བས་
ཡང་བསྐྱར་དྲན་རོགས་མ་ཆོད
བསམ་བློ་གཞན་ཞིག་ལ་འཁོར་ཆེད་
ཡང་བསྐྱར་ཆང་ཕོར་གཅིག་ཞབས་བཏེགས་བྱས་
དུད་སྣེ་གཅིག་ཁ་ནང་དུ་བཟུང་
འོན་ཀྱང
མེ་ཆ་མི་འདུག་
ངའི་ཁྱེད་ཀྱི་དམར་ལ་སྨུག་མདངས་ཆགས་པས
ཁ་ངོ་གཉོམ་པོ་དེ་མཐོང་ཐེངས་ཅིག་གིས་
ངས་ཡང་བསྐྱར་
ཆང་ཕོར་གང་མི་བཏེགས་ཀ་མེད་བྱུང་
སེམས་ལ་མདའ་ཟུག་པ་ལྟར་
དྲག་འགུལ་གང་ཡང་མེད་པར་
ཡུན་རིང་ཞིག་དུ་ཧད་དེ་ལུས་
མིག་མཐའ་མཆུ་མ་འཁོར་
ད་དུང་
ཆང་ཕོར་གང་བཏེགས་དགོས་པ་དེ་
སང་ལོ་བཤད་
༢༠༢༡-༩-༡༩ལ།
གང་འདོད་པ་ལྟར་བྱོས།
ཆང་རྫ་མ་གང་
མགོ་སྟེང་སློག་སྟེ
ངའི་དཔྲལ་མཚམས་ནས་དངུལ་ཆུ་ནག་འཛར་འཛར་
འཛད་པ་མཐོང་དུས་
ང་དངོས་ནས་
ཆང་རྫ་མ་གང་གིས་ས་ལ་བསྒྱེལ་སོང་བ་ཡིན
ཐ་མག་སྒམ་གཅིག་
གློ་བ་རུ་འཐུམ་སྟེ
ངའི་གློ་ལུ་ལ་མཚམས་འཇོག་མེད་པར་མིག་ཆུ་དང་ལྷན་དུ
ས་ལ་ལྷུང་བ་མཐོང་དུས
ང་དངོས་ནས
ཐ་མག་སྒམ་གཅིག་གིས་དམྱལ་བ་རུ་འཕེན་སོང་བ་ཡིན་
བརྩེ་དུང་ཐེངས་གཅིག་
གསོན་གསོན་དུ་དུར་སྦས་བྱེད་དེ་
ངའི་ལུས་ཀྱི་རྨ་ཁ་ལ་གྲངས་ཀ་མི་ལོན་པར་
ཡིད་ཆད་པ་མཐོང་དུས་
ང་དངོས་ནས་
འཇིག་རྟེན་འདིར་འཚོ་བས་གསོན་འདྲེ་ཞིག་ཏུ་གྱུར་བ་ཡིན
ལྷ་ཆོས་གཞན་ཞིག
བག་ཆགས་རྙིང་ཞེན་ལ་མཐོང་སྟེ
ངའི་ལུས་ཀྱི་དད་པ་ལ་ཉམས་གང་ཡང་མེད་པར་
མིག་བཙུམ་པ་མཐོང་དུས་
ང་དངོས་ནས་
གཞན་གྱི་མིག་ནང་གི་ཚེར་མ་ར་མགོ་ཞིག་ཏུ་གྱུར་བ་ཡིན
རང་མོས་སྙན་ངག་ཅིག
རུས་གསེང་དུ་ཟུག་ཏེ
ངའི་ཁྱེད་ལ་རང་མོས་ཀྱི་དཔེ་དེབ་ཞིག་དཔར་ནས་
ཡིད་དགའ་བ་མཐོང་དུས
ང་དངོས་ནས་
ཁྱེད་ཀྱིས་ཕངས་སེམས་ཀྱི་གཙེས་པའི་མེ་ཏོག་དེ་རུ་གྱུར་བ་ཡིན་
༢༠༢༡-༩-༡༧ལ།
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།