དྲང་གཏམ་རྒན་པོའི་གླུ།
སྲོད་ཁའི་ཟླ།
ཕྱི་ལ་ཐུག་ན་སྡར་མ་ཁྱི་ཡི་བུ ། །
ནང་དུ་འཁོར་ན་རྒོད་པོ་སྟག་གི་རགཟུགས། །
ཕྱི་ནང་གོ་རིམ་འཁྲུག་པའི་ཀླད་སྟོང་དང་། །
དགྲ་གཉེན་གོ་ལྡོག་ཅན་ལ་ང་མི་དགའ། །
རྒྱུ་ཡི་ཆེད་དུ་རང་གི་སྲོག་ཀྱང་དོར། །
ཐོབ་ཀྱི་དོན་དུ་ཕ་མའི་སྙིང་ཡང་ལེན། །
འདོད་ཆཊ་གཟུགས་ཀྱིས་གྲུབ་པའི་ཡི་དྭགས་དང་། །
ཧམ་སེམས་སྤྱང་ཀིའི་རིགས་ལ་ང་མི་དགའ། །
ཁ་ཡག་ཚིག་གི་ཆུ་བོ་ཁ་ནས་བཞུར། །
ངན་སེམས་ཙན་དན་མེ་དཔུང་སེམས་ནས་འབར། །
ངོ་དགའ་ཞི་ལའི་མདངས་སུ་འཕོས་པ་དང་། །
གཡོ་ཅན་ཝ་མོའི་རིགས་ལ་ང་མི་དགའ། །
ཕར་ལ་བཅོས་མིན་སེམས་ཀྱིས་མཇལ་བ་ན། །
ཚུར་ལ་མི་དགའི་གདོང་མིག་མདའ་མོ་འཕེན། །
ཁྲེལ་མེད་ནད་ཀྱིས་བཟུང་པའི་སོ་སྐྱེས་དང་། །
བཟང་ངན་གོ་ལྡོག་ཅན་ལ་ང་མི་དགའ། །
མཉམ་ཆུང་མཐོང་ན་བརྙས་བཅོས་ཚིག་གིས་གཙག །
མཐོན་པོ་རིག་ན་ངོ་དགའ་འཛུམ་གྱིས་བསུ། །
རང་ཚུགས་ཚེ་ཡིས་སྟོང་བའི་ཤི་བོ་དང་། །
སྙིང་མེད་སྐྱག་ཤོར་རིགས་ལ་ང་མི་དགའ། །
གཞན་གྱི་ཕྱོགས་ལ་དགའ་སྣང་ཉི་མ་ཤར། །
རང་གི་ཕྱོགས་ལ་སྡུག་སྣང་མུན་པ་འཐིབས། །
ཅལ་འདྲོགས་འུར་གྱིས་སྐྱེལ་བའི་མི་ཚེ་དང་། །
གཞན་ཟེར་རྗེས་བརྗོད་ཅན་ལ་ང་མི་དགའ། །
དགའ་དུས་སྐྱིད་པའི་སྣང་བ་དགུང་ནས་འཕུར། །
སྡུག་དུས་སྤྱན་ཟུང་ཁྲ་མོ་ས་ལ་གཏུག།
སྐྱིད་སྡུག་བཟོད་བསྲན་མེད་པའི་བྱིས་པ་དང་། །
འགྱུར་ལྡོག་དཔྱིད་ཀའི་གནམ་ལ་ང་མི་དགའ། །
སྒྲ་ལྡན་གྱི་ལེ་ཚན།
སྒྲ་ལྡན་ལེ་ཚན།
བརྡ་སྤྲོད། སྒྲ་ཆ་ཚང་། འཆད་མཁན། ཁམས་རང་སྒྲུབ།
ཚིག་རྒྱན་རིག་པའི་སྒྲ་ཆ་ཚང་། བཤད་མཁན། སྟོབས་ལྡན།
རྩོམ་རིག་གི་གསང་གནད་བདུན། བཙན་ཁ་ཤོར།
རིག་གནས། ཕུགས་བསམ། ཧུར་བརྩོན། སྟོབས་ལྡན་གྱིས་བཤད།
དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གསུང་གླེང་། དགེན་ཆོས་བཟང་།
གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར། 宽阔文化服务公司
ལྷ་རིས་པའི་མཚན་ཉིད་དང་དེའི་སྒྱུ་རྩལ་གནས་བབས་གླེང་བ།
བྱ་བཞག་ལེགས་འགྲུབ་ཇི་ལྟར་བྱ་རྒྱུ། དགེན་ཆོས་བཟང་གིས་གསུངས།
འཛམ་གླིང་ཉེ་རབས་ལོ་རྒྱུས་ལས་སུའུ་ལེན་དང་ཨུ་རུ་སི་གླེང་བ།
བོད་སྔ་རབས་ཀྱི་མི་ཆོས་བསམ་ཡོན་གླེང་བ། དགེན་བེ་དུང་གིས་བཤད།
སྐུ་ཞབས་ཞོགས་དུང་གི་སྲས་མོ་ཡེ་ཤེས་མཚོ་མོའི་ལས་གཏོད་ཀྱི་ལམ་བུ།
དཔེ་གཟུགས་ང་གཉིས་མ། ཆ་ཚང་། བཙན་ཁ་ཤོར།
མཁས་དབང་བསམ་གཏན་རྣམ་རྒྱལ་གྱི་གསུང་གསར། བརྡ་སྤྲོད་ཀྱི་དགེ་མཚན།
འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ། ཨ་ཆེན་མཚོ། 牧区女孩的艺术之路 阿青措
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།