རྒྱལ་པོ་རཱ་ཎའི་གཏམ་རྒྱུད། ༡༡ སྟོབས་ལྡན་གྱིས་བཤད།

文摘   2024-01-05 22:37   青海  
















རྒྱལ་པོ་རཱ་ཎའི་གཏམ་རྒྱུད། ༡༡

  སྟོབས་ལྡན་གྱིས་བཤད། 


                               གཞུང་ཚིག




ས་བདག་རྒྱ་མཚོ་འཕེལ་བྱེད་དེ། །

ལང་གའི་མགོན་པོ་སྒྲ་གཅན་གྱིས། །

བསྒྲིབས་ཏེ་གསང་བདག་ནགས་ཚལ་གྱི། །

ཟློས་གར་མཁན་པོའི་རྡོ་རྗེ་བཅོམ། །

ཡོངས་འདུ་རྐང་འཐུང་འོ་མའི་ན་ཆུང་མརྒད་ཁུ་བའི་གོས་གྱིན་ཞིང་།།

མཁའ་འགྲོའི་ཕྲེང་བ་སྤུ་སྡུག་རྣམ་བཀྲ་བདེ་སོགས་དགའ་བའི་གཞུ་ཕམ་བྱེད། །

དེ་དག་གླུ་དབྱངས་པི་ཝང་སྒྲ་སྐྱེས་མགྲིན་སྒྲ་ཤང་ཤང་སྐད་སྙན་བསྲེས་པ་སྒྲོགས། །

བསམ་གཏན་གནའ་འདི་འབྱུང་བོའི་ཀུན་རྟོག་གཡོ་མེད་ཏིང་གངེ་འཛིན་ལ་གོམས་པར་བྱེད། །

ལྭ་བ་དཀར་པོའི་རྡོ་ལེབ་སྟེང་། །

རི་འཇོམས་ཀུན་དགའི་རོལ་བ་འཛིན། །

དེ་ཡི་རྣམ་སྒེག་དམན་པ་ཞེས། །

གྲུབ་པའི་ས་དེ་ཁོང་བཞད་བགྱིད། །

རབ་དགའི་དགའ་སྟོན་དཔལ་འབྱོར་འདི། །

ལག་ལྡན་ཆུང་མའི་གཡོ་མེད་དུ། །

རྟོད་ཐག་གདགས་སའི་དབྱུག་པ་སྟེ། །

ཐིག་ལེ་ཅན་གྱི་ཡིད་འཛིན་གྲོང་། །

འདི་ལས་གཞན་ན་ཐར་བ་ཡི། །

ཆོས་དཀར་རྒྱ་ཆེན་མཁྱེན་པ་རྣམས། །

བདེ་བ་གྱ་ནོམ་རྫུན་ཡིན་ཞེས། །

བསྔགས་འོས་བསྔགས་པར་མི་བྱེད་པར། །

བདག་ཅག་ཁ་ཡི་ཁང་བཟང་ནི། །

བདེ་བར་གསོས་པ་དོན་མེད་ཅེས། །

རོ་འཛིན་ཚོགས་འདི་ཅིག་ཅར་སྒྲོག །

བུ་རམ་ཤིང་ནི་ཁ་བ་དང་། །

བདུད་རྩིའི་རོ་བྲོ་མེད་ཅེས་པ། །

རབ་བསིལ་མ་དང་འགྲོགས་པ་ནི། །

རབ་དཀར་འདི་ཡིས་ཟླ་བར་འཇོམས། །

དཔའ་བོ་རྒྱ་ལས་ཐར་བ་ཡི། །

རི་བོང་གཞོན་ནུའི་གདོང་བ་ཡི།།

རྒྱབ་ཏུ་ཕྱོགས་ཤིང་རྒྱུག་ལྡན་པ། །

མང་པོའི་མདོག་ཅན་འགའ་ཡི་ནི། །

སྒྲ་སྒྲོགས་རྗེས་སྐྱེས་ཡིད་འཇོག་གང་། །

ཨུ་པ་ཀརྣའི་དྲུང་དུ་སོང་། །

འོ་དོད་འབོད་པ་རྒྱ་བྱས་ཀྱང་། །

ཏིང་འཛིན་གཡོ་བར་མ་ནུས་ཏེ། །

ཏབ་ཏབ་པོར་གྱུར་དེ་དག་གིས། །

ཁྲོ་ཆུ་ཚ་བས་རྣ་བའི། །

བུ་ག་རྣམས་པར་བསྲེགས་པར་གྱུར། །

བསམ་གཏན་ཆང་གིས་མྱོས་པ་ལས། །

སངས་པ་དེ་ལ་ཤི་བ་དང་། །

རྗེས་མཐུན་ལོ་རྒྱུས་་གཏམ་སྨྲས་པ། །

མཁྱེན་པར་མཛོད་ཅིག་ལུས་ཀྱི་མགོན། །

ཀྱེ་མ་དྲག་པའི་མཆོད་སྦྱིན་བརྒྱའི། །

ཉིན་མ་ལས་ནི་བཀའ་བཟློག་མའི། །

དམོད་པ་མེ་ཁྱེར་སྟོབས་ལྡན་ཏེ།།

ཝ་ཡིས་གདོང་ལྔ་ཕམ་བྱས་བཞིན། །

སྤྲེའུའི་ཚོགས་ཀྱིས་སྲིན་པོ་བསད། །

རྔ་ཡབ་དུར་ཁྲོད་ཆེན་པོར་གྱུར། །

ཞི་བར་འདོད་པའི་རྩེ་མོ་ཅན། །

རླུང་གིས་གཙུབས་ན་འབར་གྱུར་ཏེ། །

མེ་དང་འགྲོགས་ན་ཙན་དན་ཡང་། །

སྲེག་པར་བྱེད་པ་བསྐྱེད་པར་ངེས། །

མིག་སེར་བྱས་པ་ནད་བྱུང་ན། །

ཟླ་བ་རང་ཉིད་གསེར་དུ་སྟོན། །

ཞི་བ་བ་དེ་འཁྲུགས་ནས་ནི། །

སྣ་བུག་གཉིས་ལས་དུས་མཐའ་ཡི། །

མགྱོགས་འགྲོ་དམར་པོའི་བཞོན་པ་ཅན། །

རྡུལ་ཚོགས་ཁྱེར་བའི་དཔུང་གི་ཚོགས། །

སྤྲོས་པའི་སྤྲེའུའི་རྒྱལ་པོ་དང་། །

རྒྱལ་པོ་ལས་ཅན་ཀེང་རུས་བྱས། །

གང་ཡང་དབུལ་བའི་ཁུ་ཚུར་གྱི། །

དངུལ་ཆུའི་ཐིགས་པ་བཅིངས་པ་བཞིན། །

དམ་པ་རྣམས་ཀྱི་ཡིད་ལས་ནི། །

ཁྲོ་བ་རིང་དུ་མི་གནས་སོ། །

བསམ་གཏན་ཟས་ལ་སྲེད་པ་དེ། །

གཡེང་བར་གནས་པ་གནས་མེད་དེ། །

མ་ཡི་ལ་ལ་དུ་ལ་སྲེད་པའི། །

བྱིས་པ་ཤེས་ལྡན་ངལ་བ་མིན། །



                            ཟུར་འདེབས།



གཞུང་དོན།

གཏམ་རྒྱུད་ཀྱི་མཇུག་འབྲས།

༨ རཱ་མ་ཎས་འབོད་སྒྲོག་བཏུལ་བ། 


                སྒྲ་ལྡན་གྱི་ལེ་ཚན།


                     སྒྲ་ལྡན་ལེ་ཚན།            

བརྡ་སྤྲོད།  སྒྲ་ཆ་ཚང་།  འཆད་མཁན།  ཁམས་རང་སྒྲུབ།

ཚིག་རྒྱན་རིག་པའི་སྒྲ་ཆ་ཚང་།  བཤད་མཁན།  སྟོབས་ལྡན།

   རྩོམ་རིག་གི་གསང་གནད་བདུན།  བཙན་ཁ་ཤོར།   

རིག་གནས། ཕུགས་བསམ། ཧུར་བརྩོན། སྟོབས་ལྡན་གྱིས་བཤད།

དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གསུང་གླེང་། དགེན་ཆོས་བཟང་།  

གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར།  宽阔文化服务公司

ལྷ་རིས་པའི་མཚན་ཉིད་དང་དེའི་སྒྱུ་རྩལ་གནས་བབས་གླེང་བ།

བྱ་བཞག་ལེགས་འགྲུབ་ཇི་ལྟར་བྱ་རྒྱུ།  དགེན་ཆོས་བཟང་གིས་གསུངས།  

འཛམ་གླིང་ཉེ་རབས་ལོ་རྒྱུས་ལས་སུའུ་ལེན་དང་ཨུ་རུ་སི་གླེང་བ། 

བོད་སྔ་རབས་ཀྱི་མི་ཆོས་བསམ་ཡོན་གླེང་བ།   དགེན་བེ་དུང་གིས་བཤད།

སྐུ་ཞབས་ཞོགས་དུང་གི་སྲས་མོ་ཡེ་ཤེས་མཚོ་མོའི་ལས་གཏོད་ཀྱི་ལམ་བུ།

དཔེ་གཟུགས་ང་གཉིས་མ། ཆ་ཚང་། བཙན་ཁ་ཤོར།

མཁས་དབང་བསམ་གཏན་རྣམ་རྒྱལ་གྱི་གསུང་གསར། བརྡ་སྤྲོད་ཀྱི་དགེ་མཚན།

འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ། ཨ་ཆེན་མཚོ། 牧区女孩的艺术之路  阿青措








རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།


宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章