རེ་ཁི་ཧྥེ་ལེར་གྱི་དོན་ཕྲན་ཚེགས་གཅིག
-----སུ་ཞིག་གིས་ཨ་སྒོར་གཅིག་ནི་ཅི་ཡང་མི་བརྩི་ཞེས་བཤད་ཐུབ།
སྟོབས་ལྡན་གྱིས་བསྒྱུར།
གཡོས་ཧན་ཏེ་ཝེ་སང་རེ་ཁི་ཧྥེར་མཆོག་ནི་དགུང་ལོ་དགུ་བཅུ་གོ་བརྒྱད་ཐོབ་ཅིང་། ཁོང་གི་མི་ཚེ་གང་བོས་བསྒྲུབ་པའི་ཨ་སྒོར་དུང་ཕྱུར་བཅུ་ཡོད། གཞན་ལ་ཞབས་འདེབས་སུ་ཕུལ་བའི་ཨ་སྒོར་ནི་དུང་ཕྱུར་བདུན་ཚེག་ལྔ་ལ་ཟིན་ཡང་། ཁོང་གིས་རྒྱུན་དུ་སྒོར་མོ་བསྲི་ཚགས་དང་གྲོན་ཆུང་ལེགས་པར་བྱེད་ཡིན་ནོ། །
ཐེངས་གཅིག་ཁོང་ལས་འཚོགས་གྲོལ་བས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་ཁྱིམ་དུ་ལོག་དགོས་སྙམ་པ་ན། ཁོང་གིས་སྒོར་གཅིག་ཀྱང་བསྣམས་མེད་པས། དྲུང་ཡིག་ས་ནས་གཡར་ཞིང་། ཁྱོད་ཀྱིས་ང་ལ་དྲན་སྐུལ་བྱེད་མ་གཏོགས་ངས་བརྗེད་ངེས་ཞེས་གསུང་། དེའི་སྐབས་སུ། དྲུང་ཡིག་གིས། སྐྱོན་མེད། ཨ་སྒོར་གཅིག་ཅི་ཡང་མ་རེད། ཅེས་ཞུས་པ་ན། ཁོང་གིས་མྱུར་དུ་འདི་ལྟར་ཁྱོད་ཀྱིས་ཨ་སྒོར་གཅིག་ནི་ཅི་ཡང་མེད་རེད་ཅི་ཕྱིར་ཟེར་ནུས་པ་ཡིན། ཨ་སྒོར་གཅིག་དངུལ་ཁང་དུ་བཞག་ན། ལོ་བཅུའི་རྗེས་སུ་ཨ་སྒོར་གཅིག་ཁེ་སྐྱེད་ཡོད་པ་རེད་ཅེས་གསུང་།
རེ་ཁི་ཧྥེ་ལེར་ཟེར་བའི་ཕྱུག་པོ་གཏེར་བདག་འདི་ཡི་སྒོར་མོ་ལ་བཟུང་བའི་ལྟ་ཚུལ་ནི། སྒོར་མོ་ཡི་བྲན་གཡོག་མི་བྱེད་པར་སྒོར་མོ་གཡོག་ཏུ་བཀོལ་ཏེ་མཁོ་སྤྱོད་པ་དེའོ། །
རྒྱུ་ནོར་གསོག་ཚུལ་ཆུ་ཐིགས་ཀྱིས་རྡོ་བ་ཕུག་པའི་རྣམ་ཐར་མཛད་ལ། མི་རྣམས་ཀྱིས་ཆུ་ཐིགས་བསག་པས་རྒྱ་མཚོ་རུ་འགྱུར་བའི་གནས་ལུགས་ཤེས་ཀྱང་། མི་གཅིག་གིས་ཀྱང་བསྒྲུབ་མི་ཐུབ་པ་དེ་རེ་ཁི་ཧྥེ་ལེར་གཅིག་པུས་བསྒྲུབ་པ་ཡིན་ནོ། །ཤེས་བྱུང་ངམ། འདི་ནི་གོམས་གཤིས་ཀྱི་རྫུ་འཕྲུལ་ཆེན་པོ་དེ་རེད་དོ། །
བསྒྱུར་རྩོམ།
ཉི་ཧོང་གིས་ཡང་དང་བསྐྱར་དུ་ནོ་པེར་བྱ་དགའ་ལེན་པའི་གསང་བ།
ཆེས་དམའ་རིམ་ནས་བསྒྲུབ་པར་བྱ། ཨ་མཁར་འདྲེ་སྨྱོན་གྱིས་བསྒྱུར།
ཡ་ཧུ་དཱ་པའི་མི་སྣ་གྲགས་ཆེན། 犹太名人堂
འགྲན་ཟླ་བྲལ་བའི་ཡ་ཧུ་དཱ་པ། 了不起的犹太人
ཡ་ཧུ་ད་པའི་ཤེས་རབ་ལེགས་བཤད། 犹太人智慧格言
འཐབ་འཁྲུག་བཟང་ཞེས་གླེང་མཁན་ནི་གླེན་ནག་རེད། སྟོབས་ལྡན།
འཛམ་གླིང་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་བའི་གྲགས་རྩོམ།ཆ་ཚང་།སྟོབས་ལྡན།
མི་ཚེའི་གོམ་པ་ཐོག་མ། སྟོབས་ལྡན་གྱིས་བསྒྱུར།
འཛམ་གླིང་གི་ཕྱུག་བདག་ཨང་དང་པོ། མ་སི་ཁི།
དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ། ཡིག་སྒྱུར་བ། གྲུ་ཆུང་།
ཤེས་རབ་ཀྱིས་ལས་དབང་བསྒྱུར་བ། ཡིག་སྒྱུར་བ། གྲུ་ཆུང་།
བུ་རྐང་གཅིག་ལག་གཅིག ཡིག་སྒྱུར་བ། གྲུ་ཆུང་།
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།