མི་གྲངས་ལ་བཞི་བཅུ་ལ་དཔེ་སྦྱིན་བྱེད་པའི་བྱ་འགུལ། ཚ་ཤོས།
གསལ་འདེབས།
རྒྱ་ཆེ་བའི་དཔེ་ཞེན་བ་རྣམ་པ།
ངེད་གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར་གྱིས་དཔེ་ཀློག་ལ་དགའ་བའི་གྲོགས་པོ་རྣམས་ལ་དཔེ་ཆ་མཁོ་འདོན་བྱ་རྒྱུའི་ལས་ཚན་གཅིག་ལ་མགོ་འཛུགས་བྱ་རྒྱུ་ཡིན་ལ། ལས་ཚན་དབུ་འཛུགས་མཛད་སྒོ་རུ་དམིགས་ཏེ་ཅི་བསམ་དོན་གྲུབ་དཔེ་སྦྱིན་བྱ་འགུལ་ཞེས་པ་འདི་སྤེལ་བ་ལགས། བྱ་འགུལ་འདི་ནི་ཧ་ཅང་སྟབས་བདེ་སྟེ། དཔེ་ཆ་ལ་དགའ་བའི་གྲོགས་པོ་རྣམས་ཀྱིས་མིང་ཐོ་བཀོད་རྗེས་བརྡ་ཁྱབ་འདི་རང་རང་གི་སྐད་འཕྲིན་གྲོགས་གླིང་དུ་སྤེལ་ནས་སྙིང་དམར་གནོན་གྲངས་མང་ཉུང་ལ་གཞིགས་ཏེ་ཨང་རིམ་དགར་རྒྱུ་ཡིན། ཨང་རིམ་བཞི་བཅུ་བར་དུ་དཔེ་ཆ་གཤམ་གསལ་བཞིན་སྟེར་ཞིང་། འགྲན་ཞུགས་པ་ཡོངས་ལ་གློག་རྡུལ་དཔེ་དེབ་བཅུ་ཕྲག་ཙམ་སྦྱིན་རྒྱུ་ཡིན་ནོ། །
ཐུགས་མཉམ་འཇོག་ས།
2023.2.4—2023.2.16
མིང་ཐོ་འགོད་རིན།
སྒོར། 13.76
མིང་ཐོ་འགོད་ཡུལ།
གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར།
宽阔文化服务公司
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།