སློབ་གསོའི་རྒྱུན་ཤེས།
《སློབ་གསོའི་རྒྱུན་ཤེས་》ཀྱི་རྩོམ་སྒྲིག་པའི་གཏམ།
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།
རྒྱུན་ཤེས་ནི་རིག་པའི་གནས་ཀྱི་རིམ་པ་ཆེས་དམའ་བ་དེ་ཡིན། སློབ་གསོ་རིག་པ་ནི་རིག་པ་ཐམས་ཅད་ལས་ཀུན་ལ་ཁྱབ་པར་འོས་པའི་རྒྱུན་ཤེས་དེ་ཡིན། སློབ་གསོ་དང་རྒྱུན་ཤེས་གཉིས་མཉམ་དུ་འཛོམས་ན། གཤིན་ས་དང་ས་བོན་གཉིས་མཉམ་དུ་འཛོམས་པའོ། །
ལོ་ངོ་བཅུ་ལྷག་གི་གོང་རོལ་དུ། བདག་གི་《ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ་》ཞེས་པ་དཔར་ཅིང་། གང་དེའི་བརྗོད་བྱ་གསར་པར་ངེས་པས་ཆེས་ཆེར་བྲིན་པར་གྱུར། དེ་ལས་ལྟ་ཚུལ་མང་པོ་ཞིག་གིས་སྐྱེ་བོ་མང་པོ་ཞིག་གི་སྔར་གྱི་ལྟ་བ་སུན་ཕྱུང་བས། གསར་གཏོད་ཀྱི་དོན་དང་ལྡན་པའི་བརྩམས་ཆོས་ཤིག་ཏུ་བསྔགས།
མི་སྒེར་གྱི་སློབ་གསོའི་ཆེད་དེབ་ཅིག་གི་ངོས་ནས། དེབ་དེ་ནི་སློབ་གསོ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་བསྐྱར་དུ་བརྗོད་པ་ཙམ་དུ་ཟད། སློབ་གསོའི་སྐོར་ལ་གནའ་དེང་ཕྱི་ནང་གི་སྐྱེས་ཆེན་གསེར་རིའི་ཕྲེང་བ་དག་གིས་ཡུལ་དུས་ལས་འགོངས་པའི་ལྟ་དགོངས་བཏོན་ཡོད་ཅིང་། བདག་ནི་གང་དེའི་རྒྱུན་འཛིན་མཁན་དང་སྒྲོག་མཁན་ཙམ་དུ་ཟད། རང་གི་བརྩམས་ཆོས་ལས་གསུང་རབ་ཀྱི་ཚིག་དོན་ནག་པོ་འགྲོ་ཤེས་ཀྱིས་དམངས་བྱིངས་ལ་བསྒྲགས་ཏེ། ཁྱིམ་ཚང་སློབ་གསོ་རིག་པ་ནི་རྒྱུན་ཤེས་ཀྱི་ཚུལ་གྱིས་ཁྱིམ་ཚང་ཁྲི་འབུམ་གྱི་ཡ་ཁྱིམ་དུ་གདན་དྲངས།
ལོ་ངོ་མང་པོའི་རིང་ལ། ཆེ་བ་སྤྱི་ཚོགས་ནས་ཆུང་བ་ཁྱིམ་ཚང་གི་བར་དུ་སློབ་གསོ་དང་འགལ་བའི་ལྟ་བ་དང་སྤྱོད་པ་ནི་གང་སར་མཐོང་དུ་ཡོད་ལ། དེ་དག་གིས་བསྐྱེད་པའི་གནད་དོན་དང་ལྟ་ཚུལ་ནི་རིམ་གྱིས་“རྒྱུན་ཤེས་”ཀྱི་ཟོལ་གྱིས་གནས་ཤིང་། གནོད་པ་ཚད་མེད་བསྐྱེད་ཀྱིན་ཡོད།
རྒྱུན་ཤེས་མཚན་ཉིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་པར་གནས་ཤིང་། དེ་ནི་སྐྱེ་བོ་དག་གིས་འཇིག་རྟེན་ཆོས་ཉིད་མངོན་པར་རྟོགས་པ་དང་། མི་རྣམས་ཀྱི་གཏན་གྱི་ཕུགས་འདུན་དང་རེ་འདོད་ཡིན་གཤིས། འཇིག་རྟེན་སྤྱི་སྨན་གྱི་དགེ་མཚན་ཐོན་པར་གདོན་མི་ཟ།
རྒྱུན་ཤེས་འཁྱོག་བཟོ་དང་བརྗེད་ངེས་སུ་གྱུར་པའི་དུས་སུ། འོ་སྐོལ་གྱིས་རྒྱུན་ཤེས་ལ་རྒྱང་འབོད་དང་། སློབ་གསོའི་རྒྱུན་ཤེས་བསྐྱར་དུ་འབྲི་དགོས་སོ། །
དེབ་ཆུང་འདི་ནི་ལི་ཐོའི་རྣམ་པར་བཟོས་ཡོད་ཅིང་། ང་ཚོས་འདི་བཞིན་དུས་རྒྱུན་ཉེ་བར་བཅར་བའི་ཚུལ་གྱིས། སྐྱེས་བུ་ཉུང་ཤས་ལ་དབང་པའི་ཤེས་རབ་གང་དེ་དམངས་བྱིངས་ཀྱི་བློ་གྲོས་སུ་བསྒྱུར་ཅིང་། ཆེད་ལས་ཀྱི་ཤེས་བྱ་གང་དེ་སྤྱི་མཐུན་གྱི་རྒྱུན་ཤེས་སུ་བསྒྱུར་བར་འདོད།
སློབ་གསོའི་ཉེར་བསྡོགས་དངོས་ནི་བདག་ལེགས་སུ་གཏོང་བ་ཡིན། བྱིས་པར་སློབ་གསོ་ཡག་པོ་གཏང་འདོད་པ་ལ། ཐོག་མར་ཁྱིམ་བདག་རང་ཉིད་ཡར་ཐོན་ཡོང་དགོས་པ་གང་ཞིག་ལ། ང་ཚོས་ཁྱོད་དང་མཉམ་དུ་ཡར་ཐོན་ཡོང་བ་དང་སློབ་གཉེར་བྱེད་པར་འདོད། འབྲས་བུ་ལ་འཛིན་པ་དོར་ཏེ། སེམས་ནི་ནམ་མཁའ་བཞིན་ཡངས། སྤྱོད་པ་ལྷག་པར་ཞིབ་ཅིང་། ཆུ་གཏོར་བའི་བགྱི་བ་འབའ་ཞིག་ལ་འཇུག ལེགས་བྱས་ཀྱི་མེ་ཏོག་རང་བཞིན་དུ་བཞད་དུ་ཆུགས། ཞེས་མཁས་པ་ཞིག་གིས་ཡིད་སེམས་འགུལ་བའི་སྐད་ཆ་འདི་འདྲ་ཞིག་གསུངས་མྱོང་། བརྩེ་བ་དང་རང་དབང་ནི་འོ་སྐོལ་གྱི་འཆར་ཅན་གྱི་འཚོ་བའི་ཁྲོད་དུ་གནས་ཤིང་། ལོ་གཅིག་ཉི་མ་སུམ་བརྒྱ་རེ་ལྔ། ང་ཚོས་ཉི་མ་རེ་རེ་བཞིན་སློབ་གསོའི་རྒྱུན་ཤེས་ལ་མཉམ་དུ་བསླབ་པར་བྱའོ། །
དབྱི་ལན་ལི།
2020ལོའི་སྤྱི་ཟླ་8པའི་ཚེས་10ཉིན།
བསྒྱུར་རྩོམ།
ཉི་ཧོང་གིས་ཡང་དང་བསྐྱར་དུ་ནོ་པེར་བྱ་དགའ་ལེན་པའི་གསང་བ།
ཆེས་དམའ་རིམ་ནས་བསྒྲུབ་པར་བྱ། ཨ་མཁར་འདྲེ་སྨྱོན་གྱིས་བསྒྱུར།
ཡ་ཧུ་དཱ་པའི་མི་སྣ་གྲགས་ཆེན། 犹太名人堂
འགྲན་ཟླ་བྲལ་བའི་ཡ་ཧུ་དཱ་པ། 了不起的犹太人
ཡ་ཧུ་ད་པའི་ཤེས་རབ་ལེགས་བཤད། 犹太人智慧格言
འཐབ་འཁྲུག་བཟང་ཞེས་གླེང་མཁན་ནི་གླེན་ནག་རེད། སྟོབས་ལྡན།
འཛམ་གླིང་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་བའི་གྲགས་རྩོམ།ཆ་ཚང་།སྟོབས་ལྡན།
མི་ཚེའི་གོམ་པ་ཐོག་མ། སྟོབས་ལྡན་གྱིས་བསྒྱུར།
འཛམ་གླིང་གི་ཕྱུག་བདག་ཨང་དང་པོ། མ་སི་ཁི།
དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ། ཡིག་སྒྱུར་བ། གྲུ་ཆུང་།
ཤེས་རབ་ཀྱིས་ལས་དབང་བསྒྱུར་བ། ཡིག་སྒྱུར་བ། གྲུ་ཆུང་།
བུ་རྐང་གཅིག་ལག་གཅིག ཡིག་སྒྱུར་བ། གྲུ་ཆུང་།
མེ་ཏོག་བསྐྱལ་བ།ཡིག་སྒྱུར་བ། གྲུ་ཆུང་།
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།