བོད་ལྗོངས་ཀྱིས་མི་ཁྲི་ལྷག་ཙམ་ས་ཡོམ་རོགས་སྐྱོབ་བྱེད་པར་བསྡུས།

文摘   2025-01-08 11:50   青海  


བོད་ལྗོངས་ཀྱིས་མི་ཁྲི་ལྷག་ཙམ་དིང་རི་རྫོང་གི་ས་ཡོམ་རོགས་སྐྱོབ་བྱེད་པར་བསྡུ་རུབ་བྱས།


གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་བར་དུ། བོད་ལྗོངས་ཀྱིས་རིམ་པ་སོ་སོའི་འཕྲལ་བསྟུན་རོགས་སྐྱོབ་དང་མེ་གསོད་རོགས་སྐྱོབ། ནགས་ཚལ་མེ་གསོད། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམག་དཔུང་གི་དཔོན་དམག་སྤྱི་ཚོགས་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་བཅས་མི་ཁྲི་གཅིག་དང་སྟོང་གཉིས་ལྷག་བསྡུ་རུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་ལས་དོན་སྤེལ་ནས་དཀའ་ངལ་ལ་འཕྲད་པའི་མང་ཚོགས407འཚོལ་སྐྱོབ་བྱས་པ་དང་། གནས་སྤོར་བཀོད་སྒྲིག་ས་ཚིགས14བཙུགས་ནས། གནོད་ཐེབས་མང་ཚོགས་ཁྲི་གསུམ་དང་བཞི་བརྒྱ་ལྷག་གནས་སྤོར་བཀོད་སྒྲིག་བྱས།

ངོ་སྤྲོད་བྱས་པ་ལྟར་ན། རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཁྱོན་བསྡོམས་སྨན་བཅོས་རོགས་སྐྱོབ་དཔུང་སྡེ་ཉེར་བཞི་ཡི་མི568དང་མྱུར་སྐྱོབ་རླངས་འཁོར106མངགས་ནས་སྐྱེལ་འདྲེན་སྐྱོབ་བཅོས་ལས་དོན་སྤེལ་བར་མ་ཟད། རྨས་སྐྱོན་ཕོག་མཁན་བསྡུ་ལེན་བྱས་ཏེ་སྨན་བཅོས་བྱས། སྲིང་བལ་གྱི་རས་གུར་དང་ལྟེབ་རྩེག་ཉལ་ཁྲི། མཐོ་དམའ་མི་འདྲ་བའི་ཉལ་ཁྲི། སྲིང་བལ་ཉལ་གདན། སྲིང་བལ་གྱི་ལྭ། གྲང་འགོག་གྱོན་ཆས། སྲིང་བལ་གྱི་ལྷམ། དྲོད་ལེན་སྒྲིག་ཆས། གློག་འདོན་འཕྲུལ་ཆས། ཐབ་ཀ འཕྲལ་བསྟུན་གློག་སྒྲོན། གཏེར་ཆུ་དང་སྟབས་བདེ་ཐུག་པ་སོགས་དགོས་ངེས་ཀྱི་དངོས་རྫས་ཁྱོན་བསྡོམས་ཁྲི17ལྷག་གནོད་ཐེབས་ས་ཁུལ་དུ་བསྐྱལ་ནས། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

མིག་སྔའི་བར་དུ། ཐེངས་འདིའི་ས་ཡོམ་གྱིས་གཏོར་བརླག་བྱས་པའི་ལམ་ཚང་མ་ཉམས་གསོ་བྱས་ཏེ་རླངས་འཁོར་གཏོང་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

     རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章