གསར་འགྱུར་གལ་ཆེན།
➤ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས《གྲ་སྒྲིག་དམག་ཞབས་མི་སྣ་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་གནང་བ་རེད།
➤ཟླ11པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས21པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་སྤེལ་རྒྱུ་རེད།
➤དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད། ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དམིགས་ཚད་གཙོ་བོ་ཚང་མ་འཕར་ཡོད་པ་རེད།
➤ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས“དྭངས་གཙང་། གྲོང་ཁྱེར་གཅིག་གི་པར་གཞིའི་ཆ་འཕྲིན་ནང་དོན་གྱི་གནད་དོན་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ནས་དྲ་རྒྱའི་དཀྲོག་གཏམ་བཟོ་བ་སོགས་མངོན་གསལ་དོད་པའི་གནད་དོན་རིགས5གཙོ་གནད་ཐོག་བཅོས་སྒྲིག་བྱས་པ་རེད།
➤ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་གསུམ་པར་རྒྱལ་ཡོངས་སུ་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གསར་དུ་སྤྲད་པའི་ཆ་སྙོམས་སྐྱེད་ཚད3.33%ཡིན།
➤བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་བཅས་ཚོང་ལས་དངུལ་ཁང་ཆེ་གྲས་དྲུག་གིས་སྤྱི་བསྒྲགས་སྤེལ་ནས་དེ་རིང་ནས་བཟུང་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་ལ་རིན་གོང་གཏན་འབེབས་ཀྱི་ལམ་སྲོལ་གསར་པ་རིམ་བཞིན་ལག་བསྟར་བྱ་རྒྱུ་རེད།
➤ཉེ་ཆར་ལེའོ་ཉིང་དམག་གྲུའི་དཔུང་ཁག་གིས་རྒྱང་རིང་མཚོ་ཐོག་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལེགས་གྲུབ་བྱུང་བ་རེད། ལྷོ་རྒྱ་མཚོའི་མཚོ་ཁོངས་ཤིག་ཏུ་ལེའོ་ཉིང་དམག་གྲུ་དང་ཧྲན་ཏུང་དམག་གྲུའི་དཔུང་ཁག་གིས་ཐོག་མར་མཁའ་སྐྱོད་མ་གྲུ་གཉིས་ཀྱི་དཔུང་ཁག་གི་སྦྱོང་བརྡར་ཐེངས་དང་པོ་བྱས།
➤ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ10པའི་ཚེས31ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་རྒྱལ་སྲུང་ཞིང་ཆེན་གྱི་མགྲིན་ཚབ་པས་ཁྲའོ་ཞན་གྱིས་གླིང་བརྒལ་མདེལ་ལམ་འཕུར་མདེལ་ཚོད་འཕེན་བྱས་པར་ར་སྤྲོད་བྱས་པ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། སྔོན་དཔག་བྱས་པ་ལྟར་ན་དེ་རིང་མཁའ་རླུང་གྲང་མོ་དང“ཁང་ཉིའི”ཐུན་མོང་གི་ཤུགས་རྐྱེན་ཕོག་པའི་དབང་གིས་ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ། ཧྥུ་ཅན་སོགས་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།
➤དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར2ལས་བརྒལ་བ་དེས་གློག་ཤུགས་ཀྱི་གསར་འཕར་གློག་འདོན་འཕྲུལ་འཁོར་གྱི་བསྡུར་ཚད་ནང་བཅུ་ཆ་བརྒྱད་ལྷག་ཙམ་བཟུང་ཡོད་པ་རེད།
➤ཀྲུང་གོ་ཉིང་རྡུལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཉིང་རྡུལ་གློག་གི་ལག་རྩལ་རབས་གསུམ་པའི“ཧྭ་ལུང་རྟགས་ཅན་དང་པོའི”གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་ཁང་ཐོག་མ་དེས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཏུའུ་དུང་ཕྱུར3000ལྷག་ཙམ་ཟིན་ནས་གློག་གཏོང་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
➤ཟླ་བཅུ་པར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས50.1%ཟིན་ནས་བསྐྱར་དུ་རྒྱ་སྐྱེད་གཏོང་བའི་བར་མཚམས་སུ་སླེབས་ཡོད།
➤ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དྲུག་ཐོབ་མཁན་གྱི་ཀྲུང་གོའི་ཐག་ཐག་སྤོ་ལོའི་ལུས་རྩལ་པ་མཱ་ལུང་ལ་རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཕུལ་བྱུང་ལུས་རྩལ་ལོ་ཟླའི་བྱ་དགའ་ཐོབ་པ་རེད།
ཟླ10པའི་ཚེས31ཉིན། སྐབས་བཅུ་པའི་ཀྲུང་གོའི་ལགཟེབ་གྲུག་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཡའོ་མིང་ཀྲུང་གོའི་གཟེབ་གྲུག་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀུའོ་ཀྲེན་མིང་ཀྲུང་གོའི་ལན་གཟེབ་གྲུག་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད།
➤ཟླ10པའི་ཚེས31ཉིན། ཀྲུང་གོ་ཚན་རིག་ཁང་གིས་སྣེ་ཁྲིད་དེ་ཞིབ་བཟོ་བྱས་པའི་བར་སྣང་ཚན་རིག་སྲུང་སྐར་ཏེ“གནམ་འགག”སྲུང་སྐར་འཁོར་ལམ་ཐོག་རྩིས་སྤྲོད་བྱས་པ་དང་འབྲེལ་ཉིན་ཧྲིལ་པོའིXའཕྲོ་འོད་ཀྱི་གནམ་རིས་ཐོག་མ་དེ་ཐོབ་པ་རེད།
➤ཅང་སུའུ་དབྱང་ཀྲོའུ་ཡི་ལོ59ལ་སླེབས་པའི་ལིའུ་དབྱང་ཐང་འཆམ་འཆམ་དུ་འགྲོ་སྐབས་མི་ཞིག་ཆུར་ལྷུང་ནས་སྐྱོབ་པའི་སྒྲ་ཐོས། ཁོང་གིས་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པར་མ་ཟད་གཤགས་བཅོས་བྱས་ཚར་རྗེས་ཡིན་པ་མ་འཛེམས་པར་གྲང་ངར་ཆེ་བའི་ཆུ་བོའི་ནང་དུ་མཆོངས་ནས་ཆུ་ལྷུང་མཁན་བདེ་བླག་ངང་བསྐྱབས།
སྲིད་ཇུས།
➤ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས་སྤྱི་ཚོགས་ཚོགས་པས་ཚན་པའི་ཚོགས་མིའམ་ཡང་ན་མི་སྒེར་ཚོགས་པར་བཙན་ཤེད་དམ་ཡང་ན་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཞུགས་མི་ཆོག་པ་དང་འབྲེལ་ཚོགས་དངུལ་བསྡུ་མི་ཆོག་པ་ཁ་གསལ་བཏོན་ཡོད།
➤ཅི་ལིན་གྱིས་བྱེད་ཐབས་བཏོན་ནས་གཏན་འབེབས་ལྟར་ཆ་རྐྱེན་འཛོམས་པའི་འཁྱག་སྦྲེལ་ཟོག་འགྲེམས་ཁེ་ལས་ཀྱི་མཛོད་ཉར་སྒྲིག་བཀོད་ལ་སྤྱོད་པའི་ས་ཆ་ལ་རིམ་པར་འཚམ་པའི་ཁྲལ་འབབ་ཚད་གཞིའི50%གཞིར་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་བསྡུ་རྒྱུ་ཡིན་པ་རེད།
➤ཧེ་ལུང་ཅང་གིས་བརྡ་ཐོ་བཏང་ནས་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་ཀྱི་བྱ་དགའི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་དང་། དེ་བཞིན་ལོ་འཁོར་གོང་མར་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭའམ་ཡང་ན་ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཁེ་ལས་བདམས་པ་དག་ལ་བྱ་དགའ་སྒོར་ཁྲི100སྤྲོད་རྒྱུ་རེད།
དེ་རིང་གི་གནམ་གཤིས།
➤ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཙམ་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་སུའུ་ཡི་ལྷོ་རྒྱུད་དང་། ཧྲང་ཧའེ། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系