ཉེ་ཆར་པེ་ཅིང་འགག་སྒོ་ལས་ཁུངས་ཁོངས་གཏོགས་རྒྱལ་སའི་གནམ་ཐང་གི་འགག་སྒོས་ཡུལ་སྐོར་ཞིབ་དཔྱད་ཀྱི་རྒྱལ་མཚམས་སྒྲོལ་བའི་བརྒྱུད་ལམ་ནས་དུང་ཙེ53རྩད་ཆོད་པ་དེ་རྒྱལ་ཁབ་ཀྱིས་རྒྱལ་མཚམས་སྒྲོལ་མི་ཆོག་པ་བཟོས་པའི་རིག་དངོས་ཀྱི་ཁོངས་སུ་གཏོགས་པ་རེད།
ཡུལ་དངོས་འགག་སྒོ་མི་སྣས་རྒྱལ་མཚམས་ནས་ཐོན་པའི་དུས་གཏན་གནམ་གྲུའི་འགྲུལ་པའི་འགྲུལ་ཆས་ལ་ལྟ་སྐུལ་དོ་དམ་བྱེད་སྐབས། འགྲུལ་པ་ཞིག་གི་འགྲུལ་ཆས་ལ་འཕྲུལ་ཆས་ཀྱི་བཤེར་རིས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པ་རྟོགས། འགག་སྒོ་མི་སྣས་འཕྲལ་མར་བཀག་ཅིང་སྒམ་ཁ་ཕྱེ་རུ་བཅུག་ནས་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད། འགྲུལ་པ་དེའི་འགྲུལ་ཆས་ནང་ནས་དུང་ཙེ53རྩད་ཆོད་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། གོང་སྨོས་ཀྱི་དུང་ཙེ་ནི་སུང་རྒྱལ་རབས་སྐབས་ཀྱི་དུང་ཙེ་ཡིན་ཞིང་། རྒྱལ་ཁབ་ཀྱིས་རྒྱལ་མཚམས་སྒྲོལ་མི་ཆོག་པ་བཟོས་པའི་རིག་དངོས་སུ་གཏོགས་པ་བཤད།ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系