མཚོ་བྱང་དགུན་དུས་ཡུལ་སྐོར་གྱི་གསར་འགྱུར་ཡོངས་སྒྲོག་ཚོཊ་འདུ་འཚོཊ།

政务   2024-10-30 11:50   青海  

2024ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས།

ཟླ10པའི་ཚེས29ཉིན། 2024ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་སླེབས་པ་དང་འབྲེལ་ཁུལ་ཡོངས་ཀྱི་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ནོར་བུས་ཁུལ་ཡོངས་ཀྱི་དགུན་དུས་ཡུལ་སྐོར་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་གནང་། འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་བཅས་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བས་ས་ཁུལ་དེ་གའི་དགུན་དུས་ཡུལ་སྐོར་ཐོན་ཁུངས་དང་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་སོ་སོར་ངོ་སྤྲོད་ཞིབ་ཕྲ་གནང་། ཁུལ་ཨུའི་དྲིལ་སྒྲོག་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རིན་ཧྲི་ཧྲིང་ལེན་གྱིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཟླ10པའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱ་རྒྱུའི་སྐོར་གྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི"2024ལོའི་མཚོ་བྱང་ཁུལ་གྱིས་མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་གྱི་མེ་སྒྱོགས་དང་པོ་རྒྱག་པའི"སྐོར་གྱི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་སུ2024ལོའི་དགུན་དུས་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུའི་ཇུས་འགོད་ཧུར་ཐག་བྱས་ནས། ཁུལ་ཡོངས་ཀྱི་དགུན་དུས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་དགུན་དུས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་ཁྱད་ལྡན་གངས་འཁྱགས་ཀྱི་ཡུལ་སྐོར་བཏོད་དེ"གྲང་འཁྱགས་ཐོན་ཁུངས"དེ"ཚ་རླབས་ཐོན་ལས"སུ་འགྱུར་བར་བྱས་ནས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གངས་འཁྱགས་ཡུལ་སྐོར་དེ་འཕར་གཞི་གསར་བ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་གཏོད་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། 2024ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་བྱེད་སྒོ་དེ་ཟླ11པའི་ཟླ་དཀྱིལ་དུ་མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞིར་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་དེར་མཚོ་སྔོན་པོའི་དར་སྔོན་མཛེས་པ་དང་མདོ་ལ་རི་བོའི་ཁ་བའི་གཟི་དཔལ་རྒྱས་པའི་དགུན་དུས་ཡུལ་སྐོར་མཚོ་བྱང་སྐྱིད་ཅེས་པ་བརྗོད་དོན་ཡིན་ལ། 2024ལོའི་ཟླ11པ་ནས2025ལོའི་ཟླ3པའི་བར་ཁུལ་ཡོངས་ཀྱི་ས་གནས་སོ་སོའི“དགུན་དུས་མཚོ་བྱང་། གངས་ཁྲོད་མཉམ་འཛོམས”ཀྱི་མུ་འབྲེལ་བྱེད་སྒོ་དང“དགུན་དུས་ཆུ་ཚན་ཀུན་གྱིས་ལོངས་སྤྱོད་བྱེད”ཅེས་པའི་ཆུ་རྩེད་བྱེད་སྒོ། “བྲོ་བརྒྱའི་ཟས་མཆོག་མཚོ་བྱང་། བཅུད་ལྡན་དགུན་དུས་དྲོན་མོ”མྱོང་རོལ་བྱེད་སྒོ། “དགུན་གྱི་མཛེས་པ་འཚོལ། མཚོ་བྱང་པར་དུ་བསྒྲོན”ཞེས་པའི་བརྙན་ལེན་བྱེད་སྒོ། “བརྩེ་བས་དགུན་ཉིན་བསྒྲོན། རང་ཉིད་ཐོད་བརྒལ་བྱེད”ཅེས་པའི་འགྲན་སྡུར་བྱེད་སྒོ། “དགུན་གྱི་ཁ་བས་ལོ་ལེགས་འབྱུང་། ཤིང་མོ་སྦྲུལ་ལོར་ལོ་གཡང་འཁོར”ཞེས་པའི་རིག་གནས་བྱེད་སྒོ། “མཐོ་སྒང་རྫས་མཆོག་མཚོ་བྱང་ཡུལ་དུ་བྲིན”ཞེས་པའི་དགུན་དུས་བྲིན་ཚོང་བྱེད་སྒོ། “ངོ་མཚར་དགུན་དུས། ཤུལ་བཞག་ལྷུག་བརྗོད”ཅེས་པའི་འགྲེམས་འཁྲབ་བྱེད་སྒོ་བཅས་བརྗོད་དོན་བྱེད་སྒོ་ཁག་བརྒྱད་དང་གངས་འཁྱག་རོལ་རྩེད་དང་མི་རིགས་ལུས་རྩལ། རྫས་མཆོག་འགྲེམས་ཚོང་། ཟས་རིགས་མྱོང་རོལ།  བརྙན་ལེན་འགྲན་སྡུར་བཅས་དང་དེ་བཞིན་ཆུ་ཚན་ལ་འདུག་པ་དང་སྐྱེ་ཁམས་ཡུལ་སྐོར། ཉི་ཤར་ལ་ལྟ་བ། དུས་ཆེན་དགའ་སྟོན། དམངས་སྲོལ་འགྲེམས་སྟོན་སོགས་ངོ་མཚར་ཆེ་ལ་སྤྲོ་སྣང་འཕེལ་བའི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་ཁྱོན་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་དགུན་དུས་ཡུལ་སྐོར་དེ་མཚོ་བྱང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་ཧུར་ཐག་སྒོས་འགྱུར་བར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། ཡུལ་སྐོར་བས་དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་སྣ་མང་དགོས་མཁོ་སྐོང་ཆེད། མཚོ་བྱང་ཁུལ་གྱིས་མདོ་ལ་རི་བོ་དང་མཚོ་སྔོན་པོའི་ས་ཁམས་ཆས་རྟགས་ཀྱི་མཚན་སྙན་དང་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་གསེར་གྱི་མིང་བྱང་ལ་བརྟེན་ནས “བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཡུལ་སྐོར། ཉོ་ཚོང་། རོལ་རྩེད། སྨན་བཅོས”སོགས་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོར་དམིགས་ནས་ཁུལ་ཐད་གཏོགས་དང་རྫོང་བཞིའི་ཐོན་ཁུངས་ཀྱི་ལེགས་ཆ་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས། མདོ་ལ་རི་བོའི་མེ་ལྷ་གངས་དཀར་ལ“འཛེགས་པ”དང་སྟོང་སོ་ནགས་ཀློངབརྒལ་པ།” ལེ་བར་སྟོང་གི་མཚོ་སྔོན་པོའི་མཚོ་དར་ལ“ལྟ་བ།”  གངས་ཁྲོད་ཤྭ་ལུང་ཆུ་ཚན་ལ“འདུག་པ།”  སྤྲིན་གྱི་རྒྱ་མཚོ་འཁྱིལ་བའི་སྨོན་ལམ་མཐོན་པོར“ལྟ་བ།” དགུན་གྱི་ངོ་མཚར་རྡུལ་ཕྲན་མཁར་ལ“ཡུལ་སྐོར” བྱེད་པ། མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི་ཞིང་ཕྱུགས་ཐོན་རྫས་ལ“མྱོང་བ”བཅས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཧུར་ཐག་སྒོས་བཏོད་ཡོད་པ་དང་། དེའི་ནང་མཚོ་བྱང་གི་རི་མཚེའུ་ནགས་ཆུ་ཚན་སོགས་དགུན་དུས་ཡུལ་སྐོར་ཐོན་ཁུངས་དེ་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་ཁྱོན་ཡོངས་གསར་སྤེལ་བྱས་ནས་མཚོ་བྱང་གི་དགུན་དུས་ཡུལ་སྐོར་ཚ་ཚ་འུར་འུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། དགུན་དུས་ཡུལ་སྐོར་རིང་ལ། མཚོ་བྱང་ཁུལ་གྱིས་བྱ་དགའ་གཅིག་དང་གཟིགས་སྐྱོང་ལྔ། ཁས་ལེན་དྲུག་གི་སྐུལ་ལྕག་བྱེད་ཐབས་ལག་བསྟར་བྱས་ནས། ཡུལ་སྐོར་བ་གཟིགས་སྐྱོང་ལྡན་པའི་ཡུལ་སྐོར་དང་བདེ་འཇགས་ཡིན་པའི་ཡུལ་སྐོར། ཡིད་སེམས་སྐྱིད་པའི་ཡུལ་སྐོར་བཅས་བྱེད་དུ་བཅུག་སྟེ། ཕྱོགས་ཡོངས་ནས་ཡུལ་སྐོར་བ་རང་ཁུལ་དུ་འགུག་པའི་དམིགས་འབེན་མངོན་འགྱུར་བྱུང་དུ་འཇུག་རྒྱུ་རེད། ཁུལ་གྱིས་ཤར་བགྲོད་མཚོ་བྱང་མཛེས་ལྗོངས་ཁུལ་གྱི་མཉམ་འབྲེལ་སྤ་སེ(གོ་ཆོད་དུས་ཡུན་ལོ་གཅིག་ཡིན)དང་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤ་སེ་རིན་གོང་ཇེ་དམའ་རུ་གཏོང་བའི་གཟིགས་སྐྱོང་བྱེད་སྒོ་ཐད་ཀར་སྤེལ་བ་དང་། འཇུ་ལག་ཏུ་དགུན་དུས་མཛེས་ལྗོངས་ཀྱི་སྤ་སེ་རིན་གོང་ཇེ་དམའ་དང་མགྲོན་ཁང་རིན་གོང་ཇེ་དམའ་རུ་གཏོང་པའི་གཟིགས་སྐྱོང་ལག་བསྟར་བྱས་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་གཟིགས་སྐྱོང་འཛིན་ཤོག་སྤྲོད་པ། མདོ་ལས"ལྷ་ཡུལ་མདོ་ལའི་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་ཉིན་གསུམ་ལ་ཤར་བགྲོད་ཐུབ་པ"དང་། "སྟོན་ཁར་ཡུལ་སྐོར་དུ་འགྲོ་བ་དང་། སྲིད་དངུལ་གྱིས་གནམ་གྲུའི་སྤ་སེ་ཉོ་རོགས་བྱེད་པ། གནམ་གྲུའི་སྤ་སེ་རང་གིས་ཉོས་པ་ཉུང་དུ་གཏོང་བ"བཅས་དང་དེ་བཞིན་མཛེས་ལྗོངས་ཁུལ་ཁག་ཅིག་གི་འཛིན་བྱང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་ཞག་སྡོད་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ། མདའ་བཞིས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཅིག་ལ་སྤ་སེ་རིན་གོང་ཇེ་དམའ་རུ་གཏོང་བ་དང་མཛེས་ལྗོངས་ཁུལ་ཁག་ཅིག་ལ་རིན་གོང་ཕྱེད་ཀ་བྱས་ནས་གཟིགས་སྐྱོང་བྱེད་པ་དང་སྐར་མ་རིམ་པའི་མགྲོན་ཁང་དང་། མདའ་བཞིའི་ཆུ་མིག་གསོལ་མགྲོན་ཁང་། མདའ་བཞིའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་གི་རིན་གོང་ཇེ་བདེ་རུ་བཏང་ཡོད། 

ཞིང་ཆེན་ལུས་རྩལ་ཅུས་དང་ཞིང་ཆེན་ཡུལ་སྐོར་ལས་དོན་ཁང་གི་མཐུན་ཚོགས། ཞིང་ཆེན་རི་འཛེགས་མཐུན་ཚོགས། ཀྲུང་གོའི་ཡུལ་སྐོར་ལས་དོན་སྤྱི་ཁྱབ་ཁང(མཚོ་སྔོན)ཚད་ཡོད་སྤྱི་གཉེར་ཁང་དང་། མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་པའི་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་ཆི་མིང་གྲགས་ཅན་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་པའི་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་ཅུས་པང་རྒྱལ་སྤྱིའི་འགྲུལ་བཞུད་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། མཚོ་སྔོན་མཐོང་ལམ་གསར་པའི་ཡུལ་སྐོར་རིག་གནས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང7དང་ཁེ་ལས15ཡི་འགན་འཁུར་བ་གདན་ཞུས་ལྟར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད། 

ཤིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་དྲ་བ། ཀྲུང་གོའི་ཡུལ་སྐོར་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཨ་མདོ་བརྙན་འཕྲིན། མདོ་ལ་ཚགས་པར་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས20གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད། 

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ<<རི་མཚོ་གངས་ཀྱི་མཛེས་པ་མཚོ་བྱང་དུ་གནས།>>ཞེས་པའི་དྲིལ་སྒྲོག་བརྙན་ཐུང་བསྟན་ནས་ཚང་མར་མཚོ་བྱང་གི་དགུན་དུས་ཡུལ་སྐོར་གྱི་ཕུན་སུམ་ཚོགས་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐད་ཀར་མྱོང་རོལ་བྱས།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/祁连山报社全媒体记者 李潇

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章