མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གཞོན་ནུའི་གཟེབ་གྲུག་དང་མདའ་འཕེན་འགྲན་སྡུར་ནང་གྲུབ་འབྲས་བཟང་པོ་བླངས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་ཆུང་གཞོན་ནུའི་གཟེབ་གྲུག་གཟེངས་རྟགས་འགྲན་སྡུར་ཟི་ལིང་དུ་སྤེལ་བ་དང་མཚོ་བྱང་ཁུལ་གྱི་སློབ་འབྲིང7གྱིས་སྐྱེས་པ་དང་བུད་མེད་རུ་ཁག14མི་གསུམ་དང་མི་ལྔའི་འགྲན་སྡུར་ནང་ཞུགས་ནས་གྲུབ་འབྲས་བཟང་པོ་བླངས། དེའི་ནང་རྐང་ཚ་རྫོང་མི་རིགས་སློབ་འབྲིང་ལ་དམའ་འབྲིང་གི་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་ཐོབ་པ་དང་། སློབ་གྲོགས་ཤིག་ལ“རིན་ཐང་ཆེ་ཤོས་ཀྱི་ལྒང་རྩལ་པའི”བྱ་དགའ་ཐོབ། འཇུ་ལག་རྫོང་དམའ་རིམ་སློབ་འབྲིང་གསུམ་པ་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པར་ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་ཐོབ་པ་དང་འཇུ་ལག་རྫོང་གི་ཞག་སྡོད་དམའ་རིམ་སློབ་འབྲིང་དང་པོར་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ། དེ་དང་ཆབས་ཅིག 2024ལོའི་མཚོ་སྔོན་ཞིང་ཆེན་མདའ་འཕེན་གཟེངས་རྟགས་འགྲན་སྡུར་ནང་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་འགྲན་ཞུགས་རུ་ཁག20ལྷག་ཙམ་ཁྲོད་སྐྱེས་པའི་སྨི18ཀྱི་ཚོགས་པའི་འགྲན་སྡུར་གྱི་ཨང་གསུམ་པ་དང་བུད་མེད་ཀྱི་སྨི18ཀྱི་ཚོགས་པའི་འགྲན་སྡུར་གྱི་ཨང་གཉིས་པ། སྐྱེས་པ་དང་བུད་མེད་ཀྱི་སྨི30ཡི་ཚོགས་པའི་འགྲན་སྡུར་གྱི་ཨང་གསུམ་པ། སྨི30ཡི་མཉམ་བསྲེས་ཚོགས་པའི་འགྲན་སྡུར་གྱི་ཨང་གཉིས་པ། སློབ་གྲོགས་གཉིས་ལ་མི་སྒེར་འགྲན་སྡུར་གྱི་ཨང་དྲུག་པ་དང་ཨང་བདུན་པ་བཅས་ཐོབ། དགེ་རྒན་གཉིས་ལ་མི་སྒེར་འགྲན་སྡུར་གྱི་ཨང་བརྒྱད་པ་དང་ཕུལ་བྱུང་རྩལ་འཁྲིད་པའི་མཚན་སྙན་ཐོབ་པར་མ་ཟད་སློབ་གྲྭར་ཡང་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ།
ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་མའི་ལུས་རྩལ་འགུལ་སྐྱོད་སློབ་གསོར་ཤུགས་བསྣན་ནས“ཚད་ལྡན+ཁྱད་ལྡན”སློབ་གཉེར་དམིགས་ཚད་དང“ཚད་ལོན+ཁྱད་ཆོས”མི་སྣ་གསོ་སྐྱོང་གི་དམིགས་ཚད་ལ་གཞིགས་ཏེ་སློབ་ཚན་སློབ་ཁྲིད་ནས་སློབ་གསེང་བྱེད་སྒོ་བར་དང་ལས་ཞོར་སྦྱོང་བརྡར་ནས་རྩལ་སྦྱོང་འགྲན་རའི་བར་སློབ་གྲྭའི་ལུས་རྩལ་བྱ་བ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་སློབ་གྲྭའི་ལུས་རྩལ་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སློབ་མའི་ལུས་རྩལ་འགྲན་སྡུར་གྱི་ཆུ་ཚད་མཐོ་རུ་གཏོང་པ་བཅས་བྱས་ཏེ་སློབ་མའི་ཀུན་སྤྱོད་དང་ཤེས་རབ། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་ཕན་འབྲས་ཐོན་པར་བྱས།
མིག་སྔའི་བར། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ42ལ་གཟེབ་གྲུག་རུ་ཁག67དང་། རྐང་རྩེད་སྤོ་ལོའི་རུ་ཁག60 མདའ་འཕེན་རུ་ཁག30 མཆོང་རྒྱུག་འཕེན་གསུམ་རུ་ཁག27 འཇུ་བའི་རུ་ཁག7བཅས་བཙུགས་ཡོད་པ་དང་། གཞན་ཡང་ད་དུང་སྐམ་སའི་འཁྱགས་ལྟིར་དང་གླང་ཆེན་ས་གཤག་སོགས་ལུས་རྩལ་རུ་ཁག3ཡོད་ཅིང་། ལུས་རྩལ་རུ་ཁག་སོ་སོའི་ནང་ལུས་རྩལ་པ་ཁྱོན3112ཡོད་རེད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北州教育局
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系