"མདོ་ལའི་བོད་ལུག"ཨའོ་མོན་དུ་ཕྱིར་གཏོང་བྱས་པ།

政务   2024-11-02 15:37   青海  

"མདོ་ལའི་བོད་ལུག"ཨའོ་མོན་དུ་ཕྱིར་གཏོང་བྱས་པ།

2024ལོའི་ཟླ10པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱིས་མཉམ་ལས་བྱས་པའི"མདོ་ལའི་བོད་ལུག་རྒྱལ་སྤྱི་ཅན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་འཛུགས་སྐྲུན"ལས་གཞི་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོའི་སྨོན་ལམ་མཐོན་པོའི་འདབས་ནས་ཡོང་བའི"མདོ་ལའི་བོད་ལུག"རྒྱལ་ཁའི་ངང་ཨའོ་མོན་དུ་ཕྱིར་གཏོང་བྱས་པ་རེད། དེ་ནི"མདོ་ལའི་བོད་ལུག"ཕྱིར་གཏོང་ཁྲོམ་རའི་ཐོག་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་པོ་དེ་ཡིན་པའི་ཐོག་ནས་མཚོ་སྔོན་མཚོ་བྱང་དང་ཅང་སུའུ་ཧོའེ་ཨན་ས་གནས་གཉིས་དབར་གྱི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་གང་ལེགས་མཚོན་ཡོད། མདོ་ལའི་བོད་ལུག་ནི་མཚོ་བྱང་ཁུལ་ལ་དམིགས་བསལ་དུ་ཡོད་པའི་ལུག་རྒྱུད་ཅིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོབ་པ་དང་རྒྱལ་ཡོངས་ཀྱི་ཞིང་ལས་ཆས་རྟགས་སྤུས་ལེགས་སྐྱེད་སྲིང་མིང་ཐོའི་ནང་བདམས་ཐོན་བྱུང་བས"དབྱར་རྩྭ་དགུན་འབུ་ཟས་པའི་ལུག"ཅེས་པའི་མཚན་སྙན་ཐོབ་ཡོད། 

ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས"ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ"གཏོད་པའི་བླང་བྱར་དམ་པོར་དམིགས་ནས་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་དང་ཕན་འབྲས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བ་དང་གཞི་ཁྱོན་བརྟན་དུ་གཏོང་བ། ལས་སྣོན་འགན་སྲུང་བྱེད་པ། ཐོན་སྐྱེད་དང་ཕྱིར་འཚོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་མདོ་ལའི་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 

མཚོ་སྔོན་ཞིང་ཆེན་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་ཐོག་མ་དེ་མདོ་ལ་རྫོང་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་ཆུ་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ། ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བྱས་ནས་མདོ་ལའི་བོད་ལུག་གི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་འཕེལ་རྒྱས་འགྲོ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས། དེ་དང་ཆབས་ཅིག་ཆས་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད"མདོ་ལའི་བོད་ལུག"དང"མདོ་ལའི་ནོར་གནག"ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ལག་ཁྱེར་གྲུབ་འབྲས་ཐོབ་པའི་ངང་ཡིག་ཐོག་སྙན་ཞུ་ཕུལ་བ་དང་འབྲེལ་ཆས་རྟགས་ཅན་གྱི་དོ་དམ་འཐབ་ཇུས་ལག་བསྟར་བྱས་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་ཟིན་ཚད་ཚད་མཐོ་རུ་བཏང་།
"མདོ་ལའི་བོད་ལུག"བདེ་བླག་ངང་ཕྱིར་གཏོང་བྱས་པ་དེས་མཚོ་བྱང་ཁུལ་དང་ཧོའེ་ཨན་གྲོང་ཁྱེར་གྱི་མཉམ་ལས་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད་མཚོ་བྱང་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ལ་གོ་སྐབས་དང་འགྲན་སློང་གསར་བ་ཞིག་བསྩལ་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་། གྲོང་གསེབ་དར་སྤེལ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། གོམ་སྟབས་རྗེས་མར་མཚོ་བྱང་ཁུལ་གྱིས་ཧོའེ་ཨན་གྲོང་ཁྱེར་དང་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་བཙུགས་ཏེ"མདོ་ལའི་བོད་ལུག་རྒྱལ་སྤྱི་ཅན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་འཛུགས་སྐྲུན"གྱི་ལས་གཞི་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མཚོ་བྱང་ཁུལ་གྱི་ཐད་གཏོང་རྟེན་གཞི་ཐོག་མ་དང་དེ་བཞིན་ཐོན་ལས་ཆ་ཚང་མཉམ་དུ་བཙུགས་ཏེ་ཐོན་ལས་གསུམ་པས་ཐོན་ལས་དང་པོར་སྐུལ་ཁྲིད་དང་། ཐོན་སྐྱེད་ནུས་ཤུགས་མུ་མཐུད་གསར་གཏོད་བྱས་ཏེ། མདོ་ལའི་བོད་ལུག་གི་ཆས་རྟགས་རིན་ཐང་མཐོ་རུ་ཤུགས་ཆེན་གཏོང་བ་དང་ཐོན་ལས་ཀྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཨའོ་མོན་གྱི་ཁྲོམ་རར་སྤུས་ལེགས་ལུག་ཤ་མཁོ་འདོན་འགན་ལེན་བྱེད་པ་དང་ས་གནས་གཉིས་དབར་རྒྱུན་འཁོར་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས"མདོ་ལའི་རི་འདབས་ཀྱི་ཕྱུགས་ར་བཟང་པོ"ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章