ཚེ་རིང་མཚོ་མོ་སོགས་ལ་རྟེན་འབྲེལ་ཞུ།

政务   2024-10-30 17:51   青海  


བོད་ལྗོངས་ཀྱི་རྒྱང་རྒྱུག་འབྲིང་མའི(སྨི800ནས10000བར)ལུས་རྩལ་པ་ཚེ་རིང་མཚོ་མོར(དཀྱིལ)ཨེ་ཤེ་ཡ་ཤར་མའི་བུད་མེད་ཀྱི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

ཟླ10པའི་ཚེས27ཉིན། 2024ལོའི་ཁྲིན་ཏུའུ་མ་ལ་སུང་འགྲན་རྒྱུག་དང་ཨེ་ཤེ་ཡ་ཤར་མའི་ལམ་ཕྱེད་མ་ལ་སུང་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར·རྒྱལ་ཡོངས་ཀྱི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་བསྡུར(ས་ཚིགས་ལྔ་པ) སི་ཁྲོན་ཁྲིན་ཏུའུ་རུ་སྤེལ་བ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་དང་བཀྲ་ཤིས་ཚེ་རིང(ཆེ་བ) རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་ནས་ཀྲུང་གོའི་འཐུས་ཚབ་བྱས་ཏེ་འགྲན་བསྡུར་ནང་ཞུགས་པ་རེད། ཚེ་རིང་མཚོ་མོར་ཨེ་ཤེ་ཡ་ཤར་མའི་བུད་མེད་ཀྱི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་ཚེ་རིང(ཆེ་བ)ལ་ཨེ་ཤེ་ཡ་ཤར་མའི་སྐྱེས་པའི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ་རེད།

བོད་ལྗོངས་ཀྱི་རྒྱང་རྒྱུག་འབྲིང་མའི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང(གཡས)ལ་ཨེ་ཤེ་ཡ་ཤར་མའི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཚོ་ཆུང་གི་ཨང་གསུམ་པ་ཐོབ་པ།

ཟླ10པའི་ཚེས26ཉིན་ནས་ཚེས27ཉིན་བར། 2024ལོའིUརིམ་པའི་འདུར་རྒྱུག་རྣམ་གྲངས་ཀྱི་ཚོགས་པའི་འགྲན་བསྡུར་ཧྲའན་ཞི་ཧན་ཀྲུང་དུ་སྤེལ་བ་དང་། རྒྱལ་ནང་གི་ཞིང་ཆེན་རིམ་པའི་འཐུས་ཚབ་རུ་ཁག27གྱི་ལུས་རྩལ་པ350ཞུགས་ཏེ་འགྲན་བསྡུར་བྱས། བོད་ལྗོངས་ནས་ལུས་རྩལ་པ2འགྲན་བསྡུར་ནང་ཞུགས་ཤིང་། པད་མ་སྒྲོལ་མར་བུད་མེད་ཀྱིU20ཚོ་ཆུང་གི་སྤྱི་ལེ10ཡི་ཨང་དང་པོ་དང་སྤྱི་ལེ5ཡི་ཨང་གཉིས་པ་ཐོབ་པ་དང་། ཆོས་འཛིན་ཉི་མར་སྐྱེས་པའིU20ཚོ་ཆུང་གི་སྤྱི་ལེ5ཡི་ཨང་གཉིས་པ་དང་སྐྱེས་པའི་སྤྱི་ལེ10ཡི་ཨང་གསུམ་པ་ཐོབ་ཡོད་པ་རེད།

བོད་ལྗོངས་ཀྱི་ཁུར་འཛིང་ལུས་རྩལ་པ་ཚེ་རིང་རྒྱ་མཚོར(དཀྱིལ)བྱ་དགའ་ཐོབ་རྗེས་རྩལ་འཁྲིད་པ་དང་རུ་མི་མཉམ་དུ་དྲན་རྟེན་མཉམ་པར་ལེན་བཞིན་པ།


ཟླ10པའི་ཚེས20ནས་ཚེས28ཉིན་བར། 2024ལོའི“དམངས་ཡོངས་ཀྱི་སྤུས་ལེགས་འཚོ་བ་རྟགས་མའི”རྒྱལ་ཡོངས་ཀྱི་སྐྱེས་པའི་ཁུར་འཛིང་གྱི་རྟིང་རྩོད་འགྲན་བསྡུར་ཧའེ་ནན་པའེ་ཧྲ་རུ་སྤེལ་བ་དང་། རྒྱལ་ནང་གི་ཞིང་ཆེན་རིམ་པའི་འཐུས་ཚབ་རུ་ཁག31གི་ལུས་རྩལ་པ351ཞུགས་པ་དང་བོད་ལྗོངས་ནས་ལུས་རྩལ་པ3འགྲན་བསྡུར་ནང་ཞུགས་ཡོད་ལ། ཚེ་རིང་རྒྱ་མཚོར་སྤྱི་རྒྱ51ནས54རིམ་པའི་ཨང་གསུམ་པ་ཐོབ་པ་རེད།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/西藏日报 责编/彭毛才旦

监制/杨本才让  总监/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章