མཚོ་སྔོན་གྱི་ཐད་གཏོང་མཁན4སྲིད་འཛིན་བཀག་ཉར་བྱས།

政务   2024-10-30 08:37   青海  

མཚོ་སྔོན་གྱི་ཐད་གཏོང་མཁན4སྲིད་འཛིན་བཀག་ཉར་བྱས། དྲ་སྒོ་གཏན་དུ་བརྒྱབ།

དྲ་རྒྱའི་ཁོར་ཡུག་སྔར་ལས་གཙང་བཟོ་དང་། སྦྲེལ་དྲའི་ཆ་འཕྲིན་བརྒྱུད་སྤེལ་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་དྲ་རྒྱའི་ཐད་གཏོང་བྱ་སྤྱོད་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་སྤྱི་བདེ་སྡེ་ཁག་གིས་ཐད་གཏོང་བྱེད་སྐབས"འཁྲབ་སྟོན"བྱས་ནས་དམའ་འབེབས་དང་ཁ་ཆད་བྱས་པའི་ཐད་གཏོང་མཁན4ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས།

རྨ་ཆེན་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་བྱ་བའི་ཁྲོད་མངའ་ཁུལ་གྱི་ཐད་གཏོང་མཁན་གཡང་ཆེ་གེ་མོ་དང་འབྲུག་ཆེ་གེ་མོ། འཇིགས་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་ཀྱིས་ཐད་གཏོང་བྱེད་སྐབས་ཐད་སྦྲེལ་བྱས་ནས་ཕན་ཚུན་ལ་གཤེ་གཤེ་བཏང་བར་མ་ཟད་དྲ་ཐོག་ནས་ཁ་ཆད་བཞག་སྟེ་རྡུང་རེས་རྒྱག་རབ་བཤད་པས་ལྟ་མཁན་མི་གྲངས་ཆིག་སྟོང་ལྷག་ཙམ་ལས་བརྒལ་ཏེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས་པ་ཤེས་རྟོགས་བྱུང་།

གོང་གསལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། རྨ་ཆེན་རྫོང་སྤྱི་བདེ་ཅུས་དྲ་རྒྱའིབདེ་འཇགས་རུ་ཆེན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་མར་བརྟག་དཔྱད་ཞིབ་བསྡུར་གྱི་བྱ་བ་སྤེལ། ཞིབ་བཤེར་བྱས་པ་བརྒྱུད། "གཡང་ཆེ་གེ་མོ་དང་འབྲུག་ཆེ་གེ་མོ། འཇིགས་ཆེ་གེ་མོ། ཚེ་ཆེ་གེ་མོ"བཅས་མི4ཡིས་མི་གྲངས་འགུག་ཆེད། ལྐོག་ཏུ་གྲོས་མཐུན་བཞག་ནས་ཐད་གཏོང་ནང་དུ་རང་སྒྲིག་རང་འཁྲབ་དང་ཕན་ཚུན་གཤེ་གཤེ་གཏོང་རེས་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཐོབ་པའི་ཁེ་སྤོགས་མི་བཞིས་ཆ་སྙོམས་བགོ་བཤའ་རྒྱག་གིན་ཡོད་པ་རེད། 

མིག་སྔར། རྨ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་གཡང་ཆེ་གེ་མོ་དང་འབྲུག་ཆེ་གེ་མོ། འཇིགས་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་མི4ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པར་མ་ཟད་དངུལ་ཆད་ཀྱང་བཅད་དེ་སྲིད་འཛིན་ཆད་གཅོད་གཏན་འབེབས་བྱས་པར་མ་ཟད། འབྲེལ་ཡོད་སྟེགས་བུའི་སྒོ་གཏན་དུ་བརྒྱབ་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་བར་མཐོངས་ནི་ཁྲིམས་མེད་ལུགས་མེད་བྱེད་སའི་གནས་མིན་པས། དྲ་རྒྱའི་ཐད་གཏོང་མཁན་ཞིག་ཡིན་པའི་ངོས་ནས་རང་དཔེ་གཞན་སྟོན་གྱིས་དྲང་ནུས་བརྒྱུད་སྒྲོག་ཧུར་ཐག་བྱེད་པ་དང་རང་ངོས་ཀྱི་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་དད་མོས་བྱེད་མཁན་ལ་ཡང་དག་པའི་རིན་ཐང་ལྟ་བ་མངོན་རྒྱུར་ཁྲིད་སྟོན་བྱེད་དགོས་པ་ལས། མ་མཐའི་མཚམས་ཐིག་མེད་པའི་བསམ་ངན་འུད་སྒྲོག་བྱས་ནས་མི་གྲངས་འགུག་ཐབས་བྱས་ཚེ་མཐར་རང་སྡུག་རང་གིས་ཉོས་པ་ཞིག་ཡིན་པའི་དྲན་སྐུལ་བྱས་པ་རེད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

来源/西宁晚报 责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章