མཚོ་སྔོན་པོར་ཆུ་བྱ་ཁྲི5.8ལྷག་ཙམ་སླེབས་ཡོད།

政务   2024-11-01 10:35   青海  

གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། མཚོ་སྔོན་པོའི་སྟོན་ཁའི་གནས་སྤོའི་དུས་ཀྱི་ཆུ་བྱའི་ཆེད་དོན་བརྟག་དཔྱད་ཁྲོད་ལྟ་ཞིབ་ཚད་ལེན་མི་སྣས་ཆུ་བྱ་ཁྲི5.8ལྷག་ཙམ་ལ་ལྟ་ཞིབ་ཚད་ལེན་བྱུང་པ་དང་ངང་དཀར་གཅིག་རྗེས་གཉིས་མཐུད་ངང་མཚོ་སྔོན་པོར་སླེབས་བཞིན་ཡོད་པ་རེད།

ཐེངས་འདིའི་བརྟག་དཔྱད་ཁྲོད། ཁྱོན་ཆུ་བྱ་རིགས38ལ་ལྟ་ཞིབ་ཚད་ལེན་བྱུང་པ་དང་གྲངས་འབོར་ཁྲི5.8ལྷག་ཙམ་ཟིན་པའི་ཁྲོད་ཁྲུང་ཁྲུང་དང་ངང་པའི་རིགས་ཀྱིས་གཙོ་བོ་ཡིན་ལ། ཁྱོན་བྱ་ཁྲི2.8ལྷག་ཙམ་ཟིན་པ་དེས་སྤྱིའི་གྲངས་འབོར་གྱི48%བཟུང་བ་དང་། བྱ་གག་མཆུ་དམར་ཁྲི1.17ལྷག་ཙམ་དང་ངང་སེར2300ལྷག་ཙམ། ངང་པ་མགོ་དམར1000ལྷག་ཙམ་ཡོད་པ་རེད།

ཆུ་བྱ་གཙོ་བོ་སོ་བྱ་ཁྲི1.3ལྷག་ཙམ་དང་ཁྲུང་ཁྲུང་མགོ་ཁྲ་ཁྲི1.14ལྷག་ཙམ། ཆུ་སྐྱར་མགོ་སྨུག5700ལྷག་ཙམ། ཆུ་སྐྱར5500ལྷག་ཙམ། ཐེང་ལྗང་བྱ་ནག4100ལྷག་ཙམ་བཅས་རྒྱུད་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག75ཡོད་པ་རེད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཆུ་བྱ་ནག་པོ(黑颈䴙䴘)452དང་། (角䴙䴘)མཆུ་བཀུག་ཆུ་བྱ་ནག་པོ5བཅས་ཡོད།

མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཆུ་གཟུགས་གལ་ཆེན་ཞིག་དང་རྒྱལ་སྤྱིའི་དུས་བྱ་གནས་སྤོའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་ལོ་རེར་ངང་པ་བརྒྱ་ལྷག་ཙམ་གནས་དེ་གར་དགུན་སྐྱེལ་བར་ཡོང་བཞིན་ཡོད། མཚོ་སྔོན་པོའི་ཡངས་ཤིང་རྒྱ་ཆེ་བའི་མཚོ་ངོས་དང་ཕུན་སུམ་ཚོགས་པའི་ཁ་ཟས་ཀྱིས་ངང་དཀར་ལ་འཚོ་སྡོད་ཁོར་ཡུག་འོས་འཚམ་ཞིག་མཁོ་འདོན་བྱེད་བཞིན་ཡོད། ཐེངས་འདིའི་སྟོན་ཁའི་གནས་སྤོའི་དུས་ཀྱི་ཆུ་བྱར་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད་ལྟ་ཞིབ་ཚད་ལེན་མི་སྣས་ངང་པ8ལ་ལྟ་ཞིབ་ཚད་ལེན་བྱུང་།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཉིན་རེ་བཞིན་མཐོང་ཆེན་བྱས་པ་དང་འབྲེལ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་བྱ་བར་མུ་མཐུད་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྲུང་སྐྱོབ་དང་སླར་གསོའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་མ་ལག་མངོན་གསལ་དོད་པོས་ལེགས་བསྒྱུར་བྱུང་། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ལ་སླར་གསོ་ནུས་ལྡན་བྱུང་ནས་རི་སྐྱེས་སྲོག་ཆགས་ལ་སྔར་ལས་སྐྱིད་པའི་འཚོ་བ་དང་ཁ་ཟས་ཐོན་ཁུངས་མང་དུ་གྱུར། གཞན་ཡང་མཚོ་སྔོན་པོའི་ས་ཁོངས་ཀྱི་ཁོར་ཡུག་མཁའ་རླུང་དང་ས་ངོས་ཆུ། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུ་བཅས་ཀྱི་ཆུ་མགོའི་སྤུས་ཚད་དེ་ཁོར་ཡུག་ནུས་པའི་ཁུལ་གྱི་དམིགས་ཚད་དུ་སླེབས་པ་དང་མཚོ་སྔོན་པོའི་འབབ་རྒྱུན་སྐྱེ་ཁམས་ཁོར་ཡུག་གི་རིམ་པ“ལེགས་པོ”ཡིན་པ། འབབ་རྒྱུན་གྱི་སྐྱེ་ཁམས་མ་ལག་གི་རིགས་དང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད།


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/西海都市报

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章