གསར་འགྱུར་གལ་ཆེན།
➤ཚེས30ཉིན་གྱི་ཆུ་ཚོད4དང་སྐར་མ27སྟེང་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་སྐྱེལ་འདྲེན་བྱེད་པའི་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཨངFཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་མེ་སྤར་ནས་འཕེན་གཏོང་བྱས་པ་དང་། ཚའེ་ཞུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་དབྱིངས་སྐྱོད་པ་གསུམ་བདེ་བླག་ངང་བར་སྣང་དུ་བསྐྱོད།
➤ལྷ་གྲུ་ཨང་བཅུ་དགུ་པའི་དབྱིངས་སྐྱོད་པ3ཀྲུང་གོའི་བར་སྣང་ས་ཚིགས་སུ་བདེ་བླག་ངང་བཅའ་སྡོད་བྱས་ཏེ། ལྷ་གྲུ་ཨང་བཅོ་བརྒྱད་པའི་ཚོགས་ཆུང་དང“བར་སྣང་མཉམ་འཛོམས”མངོན་འགྱུར་བྱུང་།
➤རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས5.9%འཕར་ཡོད།
➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི258.2ཟིན་པ་དེ་དུས་མཚུངས་ལས5.6%འཕར་ཡོད།
➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ནས་ཐད་ཀར་རྩིས་རྒྱག་པའི་གནས་ཚུལ་སྤྱིར་བརྟན་པོ་ཡོད་པས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་མི་ཐེངས་དུང་ཕྱུར1.70ལ་ཕན་པ་ཐོབ་ཡོད་པ་རེད།
➤ནོར་སྲིད་པུའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ཟླ་དགུ་པའི་བར་རྒྱལ་ཡོངས་ཀྱིས་ས་གནས་སྲིད་གཞུང་གི་བུན་འཛིན་ཁྱོན་སྒོར་དུང་ཕྱུར67021འགྲེམས་སྤེལ་བྱས་པ་རེད།
➤རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཁག་གིས་ཁེ་བེད་ནུས་ལྡན་ངང་གསར་གཏོད་བྱེད་ཚད་ཁྲི49.3ཟིན་པ་དེ་དུས་མཚུངས་ལས16.7%འཕར་ཡོད།
➤ཟླ10པའི་ཚེས30ཉིན། ཧྥུ་ཅན་གྱི་མཚོ་ཐོག་ཉེན་རྟོག་གནས་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད།
➤འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་མི་ཁྲི820ཙམ་འདུས་འདྲིལ་ནད་ཕོག་མཁན་དུ་གཏན་འཁེལ་བྱས་པ་དེ་ནི1995ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཟིན་ཐོ་མཐོ་ཤོས་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས30ཉིན་གྱི་ཆུ་ཚོད18ཐོག་རྒྱ་མཚོའི་རླུང་འཚུབ་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང21པ་སྟེ་ཁང་ཉི་ཞེས་པ་ཚེས31ཉིན་གྱི་ཉིན་གུང་གི་སྔ་རྗེས་སུ་ཐའེ་དབན་གླིང་ཕྲན་ཤར་རྒྱུད་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་རེད།
➤ཚེས30ཉིན་གྱི་དགོང་མོ། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལྡོག་རྩིས་དུས་ཚོད་ཉིན100ཡི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་དང་དཔལ་འབར་ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གླུ་དབྱངས་ཀྱང་བླངས་པ་རེད།
➤བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས2035ལོར་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྩིས་ཡོད་པ་རེད།
➤ཚེས30ཉིན། ཀྲུང་གོའི་སྦྲག་སྲིད་ཀྱིས《ཤིང་སྦྲུལ་ལོ》ཞེས་པའི་དམིགས་བསལ་སྦྲག་རྟགས་ཏེ་སྦྲུལ་ལོའི་ལོ་རྟགས་ཀྱི་སྦྲག་རྟགས་རི་མོའི་མ་ཟིན་ཁྱབ་བསྒྲགས་བྱས་པ་རེད།
➤ཆིང་ཏའོ་ཡིས་མངལ་ཚབ་དོན་རྐྱེན་ལ་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ་སྟེ། དོན་དག་དང་འབྲེལ་བ་ཡོད་པའི་སྤྱི་གཉེར་ཁྲིམས་བཀོད་འཐུས་ཚབ་པ་ཚུང་ག་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱས་པ་དང་། སྨན་པ་བཞི་དང་སྨན་གཡོག་གཅིག་ལ་ཆད་པ་བཅད་པ་རེད།
➤སི་ཁྲོན་ནན་ཁྲུང་དབྱི་ལུང་སྤྱི་བདེ་ཡིས་རྩིས་འཁོར་ཆ་འཕྲིན་མ་ལག་ལ་གཏོར་བཤིག་ཚབས་ཆེན་གཏོང་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཉེས་གསོག་ཚོགས་པ4མེད་པར་བཟོས་ནས་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.2ལྷག་ཙམ་ཟིན་ཡོད།
➤ཉིན་ཤས་གོང་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་ཇུས་འགོད་བྱས་པའི་ཞིན་ཀྲོའུ60རྒྱལ་ཁབ་རིམ་པའི་མིའི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་གནམ་གྲུར་མཁས་པ་དག་གིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཧུའུ་པེ་ཞིང་ཆེན་གནམ་གཤིས་ཅུས་ལ་དངོས་སུ་སྤྲད་པ་རེད།
➤ཀོང་ཞིའི་ཁར་སི་ཐེ་ས་དབྱིབས་ས་ཁུལ་དུ་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྐྱེ་དངོས་རིགས་གསར་པ་སྟེ། ཀོང་ཞིའི་ཧོང་ཅིན་ཤུག་པ་རྙེད་པ་རེད།
སྲིད་ཇུས།
➤བཟོ་སྐྲུན་རིགས་ཀྱི་འབུམ་རམས་པར་ཆེད་ལས་སློབ་གནས་ཐོབ་པའི་གཏན་འབེབས་གསར་པ་སང་ལོའི་ཟླ་དང་པོ་ནས་བཟུང་ལག་བསྟར་བྱས་ཏེ་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་སློབ་གནས་རེ་ཞུ་བྱེད་པའི་ཚད་གཞི་དང་གོ་རིམ་ཐོག་མར་ཁ་གསལ་བཟོ་རྒྱུ་རེད།
➤ཐེན་ཅིན་གྱིས་ཡིག་ཆ་བཀྲམ་ནས་ལས་བཟོ་དང་བཟའ་ཟླས་ཕྱིར་འཚོང་རྣམ་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཉོས་ཚེ་ཁང་པ་ཉོ་མཁན་དང་དེའི་བཟའ་ཟླ། ཕྱོགས་གཉིས་པོའི་ཕ་མ་བཅས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཉོ་བའི་སྲིད་ཇུས་གཞིར་བཟུང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་པ་ཁ་གསལ་བཏོན་ཡོད།
➤སི་ཁྲོན་གྱིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཆ་རྐྱེན་འཛོམས་པའི་བཤས་ཕྱུགས(འབྲི་གཡག་ཚུད་པ)རྒྱུད་སྤེལ་ཐུབ་པའི་ཞིང་དུད་དང་གསོ་སྤེལ་ར་བར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཕྱུགས་རེར་སྒོར300ཡི་ཚད་གཞི་ལྟར་སྐུལ་ལྕག་གཏོང་རྒྱུ་རེད།
དེ་རིང་གི་གནམ་གཤིས།
➤ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་དབུས་ནུབ་རྒྱུད། ཀན་སུའུ་ཡི་དབུས་ནུབ་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་་ཙམ་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཀྲེ་ཅང་གི་ཤར་རྒྱུད་དང་ཧྥུ་ཅན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་མང་ཆེ་བར་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཐའེ་ཝན་གླིང་ཕྲན་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系