གསར་འགྱུར་གལ་ཆེན།
➤ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ10པའི་ཚེས28ཉིན་ཚོགས་འདུ་འཚོགས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
➤ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་སྟེང་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་།
➤རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》པར་འགྲེམས་བྱས། ཚོང་དོན་པུའི་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི9.4ཟིན་པ་དེ་དུས་མཚུངས་ལས5.4%འཕར་ཡོད།
➤ཟླ9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན22313ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི31614ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད།
➤ཚེས28ཉིན། ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལས་འགན་ཁུལ་ཡོངས་ནས་མཉམ་སྦྱོང་སྒྲིག་འཛུགས་བྱས། མིག་སྔར་འཕེན་གཏོང་ལས་འགན་གྱི་མ་ལག་ཁག་གིས་འབྲེལ་ཡོད་ནུས་པར་ཞིབ་བཤེར་བྱས་པ་དང་འབྲེལ་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།
➤ཀྲུང་གོའི་དངོས་གཉེར་ཁེ་ལས་མང་པོར་ཨ་རིས་ཕྱིར་གཏོང་དོ་དམ་བཀག་སྡོམ་བྱེད་པར་དམིགས་ནས་ཚོང་དོན་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་ཐབས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་སྐུལ་ལྕག་བཏང་བ་དང་འབྲེལ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན་པ་རེད།
སྤྱི་ཚོགས།
➤འབྱུང་འགྱུར་ཉིན་ཁ་ཤས་རིང་མཁའ་རླུང་གྲང་མོ་ཤུགས་ཅུང་ཞན་པ་དང་འབྲི་ཆུའི་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཀྱི་ས་ཁུལ་དུ་སྨུག་པ་དང་སྨུག་རྡུལ་གྱི་གནམ་གཤིས་བྱུང་རྒྱུ་རེད།
➤ཉེ་ཆར་བརྙན་ཐུང་དང་ཐད་གཏོང་ཁྲོད་ཀྲུང་གོའི་གནའ་བོའི་བང་སོའི་རིགས་བརྗོད་བྱའི་ནང་དོན་བྱེད་པར་དམིགས་ནས་རྒྱལ་ཁབ་རིག་དངོས་ཅུས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་གཅིག་སྡུད་གཙང་སེལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
➤ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོར《“ཟླ11པའི་ཚེས11”དྲ་རྒྱའི་གཅིག་སྡུད་བྲིན་ཚོང་གི་སྒྲིག་སྲོལ་གསལ་སྟོན》ཁྱབ་བསྒྲགས་བྱས་ནས་བྲིན་ཚོང་གཉེར་སྐྱོང་བྱེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་རེད། ཟླ1པོའི་ནས་ཟླ9པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྒྱུད་འཚོང་བྱེད་སྒོ་སྒྲིག་འཛུགས་དང་མགོ་ཁྲིད་བྱས་པའི་ཉེས་གསོག་མཁན4627ཁྲིམས་སྦྱོར་བྱས།
➤རྒྱལ་ཁབ་ཀྱིས་རིན་ཐང་མཐོ་བའི་སྨན་སྤྱོད་ཡོ་བྱད་མཉམ་འབྲེལ་ཉོ་སྒྲུབ་གཞུང་ལས་ཁང་སྒྲིག་འཛུགས་བྱས་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱིས་མི་ཐབས་རྣ་འཁྱིལ་རིགས་ཀྱི་ཡོ་བྱད་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུ་རེད།
➤ཏ་ལེན་མཚོ་དོན་ཅུས་ཀྱིས་ཚེས29ཉིན་གྱི་ཆུ་ཚོད0ནས18བར་དང་། ཚེས30ཉིན་གྱི་ཆུ་ཚོད0པ་ནས12བར་པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མེ་མདའ་དངོས་སུ་འཕེན་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཉེན་བརྡ་བཏང་བ་རེད།
➤ཚེས28ཉིན། རྒྱལ་ནང་གི་ཆུ་བེད་ལས་གྲྭར་སྤྱོད་པའི་ཚངས་ཐིག་རྐྱང་པའི་ཕུབ་སྲུང་བྲག་རྡོ་རྐོ་འདྲུའི་འཕྲུལ་འཁོར་ཆེ་ཤོས“ཅང་ཧན་གསར་འབྱེད་རྟགས་ཅན”TBMཀྲུང་གོ་ལྕགས་ལམ་ལས་གྲྭའི་སྒྲིག་ཆས་ཚོགས་པའི་ཏེ་དབྱང་རྟེན་གཞིར་སྤྱོད་མགོ་ཚུགས་པ་རེད།
སྲིད་ཇུས།
➤ཐེན་ཅིན་གྱིས2024-2025དྲོད་ལེན་དུས་ཚོད་ནང་གྲོང་མིའི“རྡོ་སོལ་གློག་སྒྱུར་བའི”འཁོར་སྐྱོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་སྟེ། ཉིན་རེའི་ཆུ་ཚོད20ནས་ཕྱི་ཉིན་གྱི་ཆུ་ཚོད8པ་བར་སྟོང་ཝ་ཆུ་ཚོད་རེར་སྒོར0.3གྱི་གློག་རིན་དམའ་བ་ལག་བསྟར་བྱ་རྒྱུ་མ་ཟད། སྟོང་ཝ་ཆུ་ཚོད་རེར་སྒོར0.2ཀྱི་ཁ་གསབ་སྤྲོད་རྒྱུ་དང་། ཆེས་མཐོ་བའི་ཁ་གསབ་གློག་ཚད་ཁྱིམ་ཚང་རེར་སྟོང་ཝ་ཆུ་ཚོད8000ཁ་གསབ་བྱ་རྒྱུ་རེད།
➤ཨན་ཧུའེ་ཡིས་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ནས་གཞུང་གི་བོགས་གཏོང་ཁང་པ་དང་། གཞུང་ཁོངས་ཁང་པ་རྙིང་པ་མཛེས་བཟོ་དང་སྒྱུར་བཀོད་བྱེད་པར་མཛེས་བཟོ་དང་སྒྱུར་བཀོད་བྱེད་པའི་འགྲོ་གྲོན་གྱི20%གཞིར་བཟུང་ནས་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་མཐོ་ཤོས་སྒོར་ཁྲི200ཡིན་པ་གཏན་འབེབས་བྱས།
➤མཚོ་སྔོན་གྱིས་གཉིས་འཇལ་གསོག་འཇོག་ལས་བཟོའི་ཁྱིམ་ཚང་གི་ཁང་བ་ཐོག་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་མང་ཤོས་སྒོར་ཁྲི80ནས་སྒོར་ཁྲི90བར་མཐོ་རུ་བཏང་བའི་སྲིད་ཇུས་ཁྱབ་བསྒྲགས་བྱས།
དེ་རིང་གི་གནམ་གཤིས།
➤ནང་སོག་གི་དབུས་ཤར་རྒྱུད་དང་། ཞིན་ཅང་ཨ་ལི་ཐའེ་རི་ཁུལ། ཐེན་ཧྲན་རི་བོའི་ས་ཁུལ། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ཁྲོད་ནང་སོག་གི་བྱང་ཤར་རྒྱུད་དང་ཞིན་ཅང་ཨ་ལེ་ཐའེ་རི་ཁུལ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ཁྲོད་ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系