གསར་འགྱུར་གལ་ཆེན།
➤ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ཚོགས་ཆུང་སྔ་ཕྱིར་སྐོར་ཞིབ་བྱ་ཡུལ་ཚན་པར་བཅའ་སྡོད་བྱེད་མགོ་ཚུགས་པ་སྟེ། མིག་སྔའི་བར་དུ་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ཚན་པ7དུ་བཅའ་སྡོད་བྱས་ཡོད།
➤ཟླ11པའི་ཚེས4ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཁང་ཤར་རླུང་ཐང་ཆེན་དུ་བདེ་བླག་ངང་འབྱོར་བ་དང་། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཕུའུ་དང་ལི་ཚུང་། ལི་ཀོང་སུའུ་བཅས་ཀྱི་གཟུགས་པོ་བདེ་ཐང་ཡིན་ལ། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུའི་ལས་འགན་ལེགས་འགྲུབ་བྱུང་ཡོད།
➤སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པར་རྒྱལ་ཡོངས་ཀྱི་ཉིས་བརྒྱུད་ཁང་པའི་དྲ་ཐོག་ཚོང་འགྲིག་མིང་རྟགས་བཀོད་ཚད་དུས་མཚུངས་ལས8.9%འཕར་ཞིང་། ཟླ་བདུན་ལ་བསྟུད་མར་དུས་མཚུངས་ལས་འཕར་ཡོད།
➤སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གསུམ་པའི་ཁག་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་དེ་གཞི་རིམ་དུ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། མིག་སྔར་མགོ་ཁྲིད་ལས་བྱེད་པ43ལ་སྐོང་འདྲི་དང་འགན་འཁྲི་བདའ་འདེད་བཏང་ཡོད།
➤སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པའི་ཚེས4ཉིན་ནས་ཟླ12པའི་ཚེས2ཉིན་བར་རྒྱལ་ཡོངས་སུ་ཁག་གསུམ་དུ་བགོས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གློག་རྡུལ་ཅན་ཁྱབ་གདལ་གཏོང་རྒྱུ་རེད།
➤རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི7.7ཟིན་པ་དེ་དུས་མཚུངས་ལས5.4%འཕར་ཡོད།
➤2014ལོར་ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་ཚུན་གྱི་ལོ10ཡི་རིང་། རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར680ལས་བརྒལ་ཞིང་། དེའི་ནང་སྐྱེ་ཁམས་ཁ་གསབ་བྱེད་ཚད་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར106.37ཟིན་ཡོད།
➤ཉེ་ཆར། སུའུ་ཏན་ལྷོ་མར་སྐྱོད་མཁན་གྱི་རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་སྤྲད།
སྤྱི་ཚོགས།
➤མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་གྲོང་ཁྱེར་ཆེ་འབྲིང་གིས་མཐར་ཕྱིན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་སྟོན་དུས་ཀྱི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་དང་། ཉེ་དུས་ས་གནས་ཁག་གིས་ཁྱད་ལྡན་བྱེད་སྒོ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།
➤ཧའར་པིན་གངས་འཁྱག་གི་འཇིག་རྟེན་སྐབས་ཉེར་དྲུག་པ་སྔོན་དཔག་བྱས་ན་ཟླ་བ་བཅུ་གཉིས་པའི་ཟླ་དཀྱིལ་དུ་སྒོ་ཕྱེ་རྒྱུ་ཡིན་པ་དང་། ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི100བར་ཆེ་རུ་བཏང་ཡོད།
➤ཧྥུ་ཅན་ལུང་ཡན་གྲོང་ཁྱེར་ཤིན་ལུའོ་ཆུས་སུ་འབྲུབ་འགོག་སྐོར་ཞིབ་ལས་དོན་སྤེལ་ཏེ། མང་ཚོགས་སྒྲིག་འཛུགས་བྱས་ཏེ་གནས་སྤོ་ཉེན་གཡོལ་བྱེད་སྐབས་གྲོངས་པའི་ཁྲེན་དབྱིན་དབྱིང་དང་། ཁྲེན་ཀྲུང་། ཁྲེན་ཧྲུའུ་ཐིང་། ཀུའོ་ཀྲེན་ཆོན་བཅས་ཉེ་ཆར་སྔོན་གཤེགས་དཔའ་བོར་བདམས།
➤ཚེས2ཉིན། 2024ལོའི་ཀྲུང་གོ་མཁའ་འགྲུལ་ཐོན་ལས་ཚོགས་ཆེན་དང་ནན་ཁྲང་འཕུར་སྐྱོད་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཐོགARJ21དངC919གནམ་གྲུ་གཉིས་ཀྱི་དཔུང་རུའི་འཕུར་སྐྱོད་ཀྱི་འཁྲབ་སྟོན་ཐོག་མ་ལེགས་གྲུབ་བྱུང་།
➤ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝན་ཉན་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་མའོ་ཆི་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།
➤ཀྲེ་ཅང་ཧང་ཀྲོའུ་ཡི་ལོ68ལོན་པའི་ཁོར་ཡུག་གཙང་བཟོ་པ་ཝང་ཧུའེ་མིང་གིས་གཙང་སྦྲ་བྱེད་སྐབས་སྒོར་ཁྲི246ཡོད་པའི་དངུལ་ཁང་གི་བཅོལ་འཛིན་རྙེད་པ་ན། ཁོང་གིས་འཕྲལ་མར་ཉེན་བརྡ་བཏང་ནས་མཐར་བཅོལ་འཛིན་དེ་བོར་མཁན་ལ་ཕྱིར་སྤྲད།
སྲིད་ཇུས།
➤ཧྲང་ཧའེ་ཡིས་བྱེད་ཐབས་དཔར་འགྲེམ་བྱས་ནས་ཡིད་རྟོན་དངུལ་བུན་གྱི་ཉེན་ཁའི་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་དང་། ཞིང་ལས། ལྗང་མདོག་ཐཱན་ཉུང་སོགས་གཙོ་གནད་ལས་རིགས་ཀྱི་ལེགས་པོ་མིན་པའི་དངུལ་བུན་གྱི་ཁ་གསབ་ཚད་གཞི་མེད་པར་བཟོས་ནས་ཁ་གསབ་ཀྱི་སྡུར་ཚད55%བར་མཐོ་རུ་གཏོང་རྒྱུ་དང་། ཐེངས་དང་པོའི་དངུལ་བུན5%མཐོ་རུ་བཏང་ཡོད།
➤ཁྲུང་ཆིང་གིས་ཟ་ཁང་སོགས་ཞབས་ཞུ་བྱ་ཡུལ་གྱིས་ཚལ་ཐོའི་ཐོག་སྔོན་བཟོས་ཐོན་རྫས་དང་ཕྱེད་བཟོས་ཐོན་རྫས་ཡིན་མིན་སོགས་ཀྱི་ཆ་འཕྲིན་གསལ་པོར་འབྲི་དགོས་པའི་བླང་བྱ་བཏོན།
➤ཅང་ཞི་ཡིས“གྲོང་ཚོ་གཅིག་ལ་སློབ་ཆེན་སློབ་མ་གཅིག་གི་ལས་གྲྭ”ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་སུ་སློབ་མ4000བསྡུ་རྩིས་ཡོད་པ་དང་། གསོ་སྐྱོང་ལས་འགན་འཁུར་བའི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་སློབ་མས་སློབ་སྦྱོང་བྱེད་རིང་གི་སློབ་ཡོན་དང་། དེབ་རིན། ཉལ་ཁང་གི་རིན་པ་བཅས་རྩ་ཆག་གཏོང་རྒྱུ་རེད།
➤ནང་སོག་གི་ཤར་ལྷོ་རྒྱུད་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཅི་ལིང་གི་ས་ཁུལ་ཕལ་ཆེ་བ། ལིའོ་ཉིང་གི་བྱང་རྒྱུད། བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཙམ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཁྲུང་ཆིང་གི་དབུས་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ལེ་ཀྲོའུ་ཕྱེད་གླིང་གི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系