གློག་བརྙན«བདེ་སྐྱིད་ནི་འབད་འབུངས་ལས་བྱུང་བ་ཡིན»ཞེས་པར་བྱ་དགའ་ཐོབ

政务   2024-10-30 17:29   青海  


མཚོ་ནུབ་ཀྱི་གློག་བརྙན་ཐུང་གྲས«བདེ་སྐྱིད་ནི་འབད་འབུངས་ལས་བྱུང་བ་ཡིན»ཞེས་པར་ཞང་ཀང་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ།

ཟླ10བའི་ཚེས28ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུ་གློག་བརྙན་རིག་གནས་སྨྱན་སྦྱོར་ལས་དོན་ཁང་གིས་ཕབ་སྐྲུན་བྱས་པའི་བརྙན་ཐུང«བདེ་སྐྱིད་ནི་འབད་འབུངས་ལས་བྱུང་བ་ཡིན»ཞེས་པ་དེ་ཞང་ཀང་རྒྱལ་སྤྱིའི་དྲ་རྒྱའི་གློག་བརྙན་དུས་ཆེན་སྐབས་གཉིས་པའི་སྟེང་གྲོང་གསེབ་དར་སྤེལ་གྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ།

རྒྱུས་ལོན་པ་ལྟར་ན། གློག་བརྙན་དེའི་ནང་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱབ་ལྗོངས་སུ་བྱས་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་འབྲོག་ཁུལ་གྱི་འཚོ་བའི་གཏམ་རྒྱུད་མང་པོ་བརྗོད་གཞིར་བྱས་པ་དང་། དུས་རབས་ཀྱི་འཕོ་འགྱུར་གྱི་རྣམ་པ་དེའི་བརྙན་རིས་བརྒྱུད་དེ་ལྟད་མོ་བ་ཚོར་མཚོ་བོད་མཐོ་སྒང་གི་འབྲོག་པས་ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྐབས་སུ་དངོས་པོ་དང་བསམ་བློ་སོགས་ཀྱི་ཐད་ནས་བྱུང་བའི་འགྱུར་ལྡོག་ཆེན་པོ་དེ་གསོན་ཉམས་ལྡན་པའི་ངང་ཀུན་གྱི་སྤྱན་ལམ་དུ་བཀྲམ་ཡོད།

གློག་བརྙན་དེའི་ནང་ཡངས་ཤིང་རྒྱ་ཆེ་བའི་ཐེམ་ཆེན་རྩྭ་ཐང་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་ལ། སྔོ་ཞིང་སངས་པའི་ནམ་མཁའ་དང་དཀར་ཞིང་གཙང་པའི་སྤྲིན་དཀར་འོག ནོར་ལུག་གི་ཁྱུ་ཚོགས་དང་ཅང་ཤེས་རྟ་ཕོའི་བང་རྩལ་ལས་གནའ་བོའི་མི་རིགས་ཤིག་གི་རིག་གནས་རྒྱུན་འཛིན་དང་། བབ་ཆགས་ལ་སེམས་བཟང་བའི་རོང་འབྲོག་མང་ཚོགས་རྣམས་ལས་ལ་བརྩོན་ཞིང་བློ་གྲོས་ལ་བརྟེན་ནས་མཉམ་གཅིག་ཏུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་སྔར་ལས་མཛེས་སྡུག་ལྡན་ཞིང་ཕུན་སུམ་ཚོགས་པའི་འཚོ་བ་རོལ་ནས་ཡུལ་ལུང་འདིར་ངོ་མཚར་བའི་གཏམ་རྒྱུད་མུ་མཐུད་དུ་རྩོམ་བཞིན་ཡོད།       

ཕབ་སྐྲུན་རུ་ཁག་གིས་མཚོ་ནུབ་ཁུལ་གྱི་རིག་གནས་ས་གཤིས་དེ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དེའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་གསར་གཏོད་ཀྱི་འབྱུང་རྩ་བྱས་ཏེ། ཕུལ་བྱུང་བརྩམས་ཆོས་སྔར་བས་མང་བ་བཏོན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་གཞག་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章