ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་སྒུག་སྲིད་འཛིན་དཔོན་ཚུན་ཧའོ་ཧོས་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ ཚུན་ཧའོ་ཧོས་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚུན་ཧའོ་ཧོས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གི་བདེན་དཔང་འོག་ཏུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚུན་ཧའོ་ཧོས་ལ་ཁོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་འཇོག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང794པ་ཁྱབ་སྒྲོག་གནང་།
ཞི་ཅིན་ཕིང་གིས་ཚུན་ཧའོ་ཧོས་ལ་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་བསྐོ་འཇོག་བྱས་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་གྱི་ལས་འགན་འཁུར་བར་རྟེན་འབྲེལ་ཞུས་ཏེ། ཁྱེད་ཀྱིས་དེ་སྔ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་ཡོན་ཀྲང་གི་འགན་དུས་ཡུན་རིང་པོ་ཞིག་ལ་འཁུར་མྱོང་ཡོད། རྒྱལ་གཅེས་ཨའོ་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་དང་ཁྲིམས་ལྟར་འགན་སྒྲུབ། རང་འགན་ནན་སྒྲུབ་བཅས་བྱས་ནས། ཨའོ་མོན་གྱི་དར་རྒྱས་དང་བརྟན་བརླིང་གི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་ཡོད། ཁྱོད་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ནང་ཞུགས་པའི་ཚུན་ལ། དངོས་གཉེར་དམངས་གཅེས་དང་གནད་དོན་ལ་ཁ་གཏད་བྱེད་ཕོད་པའི་ཉམས་སྣང་བཟང་པོ་མངོན་པ་དང་། འདེམས་བསྐོའི་ནང་ཞུགས་པའི་ཆབ་སྲིད་རྩ་འཛིན་དང་སྲིད་སྐྱོང་འདུ་ཤེས་དེ་ཨའོ་མོན་གྱི་དོན་དངོས་དང་མཐུན་ལ། རྒྱ་ཆེའི་ཨའོ་མོན་གྱི་སྡོད་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ཡང་སྒོ་ཀུན་ནས་མཐུན་ཡོད། ཁྱོད་ལ་སྲིད་འཛིན་དཔོན་གྱི་འདེམས་བསྐོ་དངོས་ཀྱི་ཁྲོད་འདེམས་ཤོག་མང་པོ་ཐོབ་ནས་མིང་བཏོན་པ་དང་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེའི་སྟེང་ནས། ཨའོ་མོན་སྤྱི་ཚོགས་ཀྱིས་ཁྱོད་ལ་ཁས་ལེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་པ་མཚོན་ཐུབ་ཅིང་། ཀྲུང་དབྱང་གིས་ཀྱང་ཁྱོད་ལ་ཁས་ལེན་གང་ལེགས་དང་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ལམ་ལུགས་བཟང་པོ་ཞིག་ཡིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་རིང་ལ། ཀྲུང་དབྱང་དང་མེས་རྒྱལ་གྱི་སྐམ་ས་ཆེན་མོའི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་མུ་མཐུད་འབད་འཐབ་བྱས་པར་བརྟེན། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པ་དང་། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཀྱི་སྒྲིག་ལམ་བརྟན་པོ་བཙུགས་ཡོད་ལ། ཨའོ་མོན་གྱི་ལས་དོན་སོ་སོ་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པར་མ་ཟད། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཡི་ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་མུ་མཐུད་དུ་ཕྱོགས་ཡོངས་དང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འགྱུར་ལྡོག་དང་ངོ་བོ་མི་འགྱུར་བ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གང་ལེགས་བྱས་ཡོད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྲོད་ཞང་ཀང་དང་ཨའོ་མོན་གྱི་ནུས་པ་སྔར་ལས་ལེགས་པའི་ངང་འདོན་སྤེལ་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། དེས་ཨའོ་མོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲོད་མཉམ་འདྲེས་བྱེད་པ་དང་རང་ངོས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ནས་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། སྲིད་འཛིན་དཔོན་གྱི་འགན་འཁུར་བ་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན་ལ། ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱ་ཆེའི་ཨའོ་མོན་སྡོད་དམངས་ཡོངས་ཀྱི་རེ་ལྟོས་ཆེན་པོ་ཞིག་ཀྱང་ཡིན། ཁྱོད་ཀྱིས་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་གི་སྣེ་ཁྲིད་དེ། སྤྱི་ཚོགས་ལས་རིགས་སོ་སོ་དང་མཐུན་སྒྲིལ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་བདེན་སྲུང་གསར་གཏོད། འགན་འཁུར་ཡར་བརྩོན། ལེགས་སྒྲུབ་ཡོངས་འགྲུབ་བཅས་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཚུན་ཧའོ་ཧོས་ཀྱིས་ཀྲུང་དབྱང་སྲིད་གཞུང་གིས་རང་ཉིད་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་དུ་བསྐོ་འཇོག་བྱས་པར་སྤོབས་པ་ཆེན་པོ་བསྩལ། རང་ཉིད་ལ་མཚོན་ནས་བཤད་ན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། ཕྱོགས་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ། སྤྱི་པའི་བཅོས་སྐྱོང་ནུས་པ་དང་དོ་དམ་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། དཔལ་འབྱོར་སྣ་མང་ཅན་དུ་འོས་འཚམ་ངང་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། དམངས་འཚོར་ལེགས་བཅོས་ཆེན་པོ་གཏོང་བ། ཨའོ་མོན་གྱི་བྱ་གཞག་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆོད་སེམས་ཡོད་ཅེས་བསྟན།
ལིས་ཆང་དང་ཚའེ་ཆི། ཏིན་ཞུའེ་ཞང་། ཧྲི་ཐའེ་ཧྥུན། ཁྲིན་ཝུན་ཆིན། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།